མུམ་བྷེ་རུ་མི་ ༡༠༠ ལྷག་བསད་པ།

རྒྱ་གར་གྲོང་ཁྱེར་མུམ་བྷེ་རུ་འཇིགས་སྐུལ་བའི་དམར་འཛིང་འོག་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་ཡོད་པ་དང༌། ཉེན་རྟོག་པ་དང་ཡུལ་སྐོར་བ། མི་མང་དཀྱུས་མ་སོགས་ཁྱོན་སྡོམ་མི་གྲངས་ ༡༠༠ ལྷག་བསད་པ་དང༌། མི་གྲངས་ ༢༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཕྱི་ཚེས་ ༢༦ དགོང་མོ་ནས་རྒྱ་གར་མུམ་བྷེར་ཡོད་པའི་མགྲོན་ཁང་ Oberoi དང་ Taj Hotel  གཉིས་ཀྱི་ནང་དུ་འཇིགས་སྐུལ་བ་སྐོར་ཞིག་གིས་ནུབ་ཕྱོགས་ཀྱི་ཡུལ་སྐོར་བ་དང་། མགྲོན་ཁང་གི་མི་བཅས་བཙན་འགོག་བྱས་ཡོད་པ་དེ་མུ་མཐུད་ནས་གནས་སྟངས་འཇིགས་དངངས་འོག་ལྷག་ཡོད་པ་དང༌། མགྲོན་ཁང་དེ་དག་གི་ནང་དུ་མེ་འབར་བའི་དུ་བ་སྔོ་ལྷོག་ལྷོག་སྒོ་དང་སྒེའུ་ཁུང་བརྒྱུད་མགྲོན་ཁང་ཉེ་འགྲམ་གྱི་གྲོང་ཁྱེར་ལ་ཁྱབ་ནས་འདུག དེ་བཞིན་མི་ཁ་ཤས་གད་སྙིགས་བླུགས་ས་སོགས་བརྒྱུད་ནས་ཕྱི་ལོག་ཏུ་ཐར་ཐབས་བྱེད་གིན་ཡོད་འདུག་ལ།  མུམ་བྷེ་ཉེན་རྟོག་པས་སློབ་གྲྭ་དང་ལས་ཁུང་སོགས་ཀྱི་སྒོ་བརྒྱབས་ཏེ་མི་རྣམས་རང་རང་གི་ཁྱིམ་དུ་སྡོད་དགོས་པའི་ཉེན་བརྡ་བཏང་འདུག 

ཚེས་ ༢༦ ཉིན་རྒྱ་གར་མུམ་བྷེ་གྲོང་ཁྱེར་རུ་འཇིགས་སྐུལ་རིང་ལུགས་པས་ལག་འབོམ་དང་མེ་མདའ་སྤྱད་ནས་མགྲོན་ཁང་དང༌། མེ་འཁོར་འབབ་ཚིགས། ཇ་ཁང༌། ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་སྲང་ལམ་སོགས་སུ་འགད་རྫས་དང་ལག་འབོམ་གཡུག་ནས་རྒྱ་གར་ཡུལ་མི་དང༌། འཛམ་གླིང་གི་ལྗོངས་རྒྱུ་བ་སོགས་ལ་བསད་རྨས་ཚབས་ཆེན་ཕོག་ཡོད་འདུག འཇིགས་སྐུལ་བ་དང་ཉེན་རྟོག་པའི་བར་འཐབ་འཛིང་བྱུང་སྟེ་འཇིགས་སྐུལ་བ་མི་ ༤ བསད་པ་དང་ ༩ འཛིན་བཟུང་བྱས་ཐུབ་འདུག  མི་གྲངས་ ༡༠༠ ལྷག་ཤི་བའི་ནང་དུ་ཉེན་རྟོག་པ་ ༡༢ དང་རྒྱལ་ཁབ་གཞན་གྱི་ཡུལ་སྐོར་བ་ ༦ ཡོད་ལ་མི་དམངས་དཀྱུས་མ་ཡང་ ༨༠ ལྷག་ཤི་འདུག་པ་མ་ཟད། མི་གྲངས་ ༢༥༠ ལྷག་ལ་རྨས་སྐྱོན་ཕོག་འདུག  ཉེན་རྟོག་པ་ ༡༢ ཤི་ཡོད་པ་དེའི་ནང་དུ་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་བཅག་མཁན་གྱི་མུམ་བྷེ་ཉེན་རྟོག་པའི་མགོ་ཁྲིད་ཀྱང་ཡོད་འདུག གློག་འཕྲིན་རྒྱུད་ནས་འཇིགས་སྐུལ་ཚོགས་པ་དེ་ Deccan mujahedeen འཇིགས་སྐུལ་ཚོགས་པ་ཡིན་པ་ངོས་ལེན་བྱས་ཡོད་པ་དང༌། ད་དུང་སྐར་རྟགས་ ༥ ཅན་གྱི་མགྲོན་ཁང་ Oberoi དང་ Taj Hotel  གཉིས་སུ་ཡུལ་སྐོར་བ་འགའ་འཇུ་བཟུང་བྱས་ ཡོད་ལ། དོན་རྐྱེན་འདི་ནི་རྒྱ་གར་གྱིས་མི་མང་འོས་བསྡུ་ཆེན་མོར་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ་འཁེལ་ཡོད་པ་རེད།

ཉི་ཧོང་ཕྱི་སྲིད་བློན་ཆེན་གྱིས་གསར་ལམ་ཁག་ལ། མ་མཐར་ཡང་ཉི་ཧོང་གི་མི་སེར་གཉིས་བསད་རྨས་བྱུང་ཚུལ་བརྗོད་འདུག་ལ། ལྷོ་ཀོ་རི་ཡས་གསར་ལམ་ཁག་ལ།  ལྷོ་ཀོ་རི་ཡའི་མི་སེར་ ༢༦ ལྷག་བྲོས་བྱོལ་བྱུང་ཐུབ་འདུག་པར་བརྗོད་འདུག  ཡང་ Taj Hotel  མགྲོན་ཁང་ནང་སྡོད་པའི་དབྱིན་ཇིའི་ཚོང་བ་ཞིག་གིས་གསར་ལམ་ཁག་ལ། ལོ་ན་ ༢༡ དང་ ༢༥ ཙམ་གྱི་དྲག་སྤྱོད་པ་གཉིས་ཀྱིས་ལག་ཏུ་མེ་མདའ་བཟུང་ནས་ང་ཚོ་མགྲོན་ཁང་འོག་གི་ཟ་ཁང་ནང་ནས་ཐོག་ཁང་གི་མགྲོན་ཁང་ལ་བཙན་ཁྲིད་ཀྱིས་དབྱིན་ཇི་བ་དང་ཨ་རི་བ་ཡིན་མིན་རྩད་འདྲི་བྱས་སོང་ཟེར་ལ།  ཨ་རིའི་ཕོ་བྲང་དཀར་པོ་ནས་རྒྱ་གར་ཉེན་རྟོག་པར་རྒྱབ་སྐྱོར་དང༌།  དེ་བཞིན་ཨོ་སི་ཁྲི་ལི་ཡ་ཡི་ཕྱི་སྲིད་བློན་ཆེན་གྱིས་ཨོ་སི་ཁྲི་ལི་ཡའི་མི་སེར  ༢ ལ་རྨས་སྐྱོན་ཕོག་ཡོད་པ་དང༌། ཡུལ་སྐོར་སྦྲོ་འཆམ་པ་ཚོར་གྲོང་ཁྱེར་མུམ་བྷེ་དང་ཁ་ཐག་རིང་ས་ནས་ཉེན་ཁ་ལས་གཞོལ་དགོས་པའི་སྐུལ་མ་གནང་འདུག  Taj Hotel མགྲོན་ཁང་ནས་བྲོས་ཏེ་ཐར་བའི་ཉི་ཧོང་སྤྲོ་འཆམ་པ་ཞིག་གིས་ ཁོང་གི་གྲོགས་པོ་གཉིས་མགྲོན་ཁང་དུ་འཇིགས་སྐུལ་བའི་འཇུ་བཟུང་འོག་ཡོད་པ་བརྗོད་འདུག

འདས་པའི་ལོ་ ༡༠ ལྷག་གི་རིང་ལ་རྒྱ་གར་གྲོང་ཁྱེར་མུམ་བྷེ་རུ་འགད་རྫས་དང་འཇིགས་སྐུལ་གྱི་དྲག་སྤྱོད་འོག་ནས་མི་གྲངས་ ༡༠༠༠ ལྷག་བསད་རྨས་བྱུང་ཡོད་པ་རེད། ༢༠༠༣ ལོར་མུམ་བྷེ་ནས་ཁ་ཆེའི་གྲངས་ཉུང་ཚོགས་པ་ཞིག་གིས་འགད་རྫས་གཏོར་ཏེ་མི་གྲངས་ ༥༢ བསད་པ་དང༌། ༢༠༠༧ ལོའི་ཟླ་ ༧ པའི་ནང་འགད་རྫས་ ༧ ལྷག་ཁ་ཐོར་གྱི་རྣམ་པས་བཞག་སྟེ་མི་གྲངས་ ༡༩༠ ལྷག་བསད་ཡོད་པ་རེད། 

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

6 thoughts on “མུམ་བྷེ་རུ་མི་ ༡༠༠ ལྷག་བསད་པ།

  1. གངས་རྡེའུ།

    ཉིན་ཅི་ཙམ་སོང་ཡང་བོད་ཀྱི་དུས་བབ་ཀྱི་གསར་འགྱུར་དང་པར་མི་བརྗེ་བ་གང་ཡིན་ནམ། དེ་རིང་ད་དུང་བྷང་བྷེ་ན་དོན་རྐྱེན་འཇུག་བསྡུས་པ་ཡིན་ནམ།

  2. མྱི་སྨྱོན།

    རེད་ཡ། དངོས་གནས་མཐོང་ས་ནས་ཁང་པ་མེ་སྐྱོན་ཤོར་ན་ཆུ་ཚོད་གཅིག་ལ་ཐབས་ཤེས་གཏོང་ཐུབ་མ་སོང་། དྲག་སྤྱོད་པ་ཞིག་ལ་མཚོན་ན་མི་རེ་ཟུང་གི་རྒྱལ་ཁབ་ཞིག་ལ་ཁ་གཏད་གཅོད་སྐབས་འདི་ལས་སྟབས་བདེ་ཞིག་ག་ལ་ཡོད། དེ་རིང་ཞོགས་པ་ཁོ་ཚོས་མི་གཉིས་འཛིན་བཟུང་བྱེད་ཐུབ་སོང་བརྗོད་ཀྱི་འདུག ཁོ་ཚོས་བརྗོད་པ་ལྟར་ན་གནས་ཚུལ་འཇུག་བསྡུས་པ་ཡིན་པར་བརྗོད་ཀྱི་འདུག