ཕམ་ཁའི་ངང་གི་རྒྱལ་ཁ།

བོད་ཀྱི་དུས་བབ་སྤྱིིའི་འདོན་ཐེངས་ ༡༣༢ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

མི་ལོ་སུམ་ཅུའི་རིང་གི་བོད་རྒྱའི་འབྲེལ་ལམ་དེ་ཕམ་པར་གྱུར་པ་ནི་ལོ་འདི་ནས་བཟུང་ཕྱི་གསལ་ནང་གསལ་ བཟོས་ཤིང༌། ༧གོང་ས་མཆོག་གི་བཀའ་རྩ་ལྟར། བདུན་ཕྲག་སྔོན་མའི་ནང་བོད་མི་རྣམས་འདིའི་ཆེད་འཛོམས་ཤིང་ཉིན་དྲུག་རིང་མགོ་རུབ་རུབ་དང་ཀླད་པ་དཀྲུག་དཀྲུག་གནང་རྗེས་ཚོགས་ཆེན་དེ་རྒྱལ་ཁའི་ངང་གྲོལ་སོང་ཟེར།

བོད་དོན་དམིགས་བསལ་ཚོགས་ཆེན་དེ་རྒྱལ་ཁའི་ངང་གྲོལ་ཞེས་པའི་གོ་དོན་མཐར་ཐུག་ནི་ལྟ་བ་འཐེན་འཁྱེར་གྱི་དབང་དུ་མ་སོང་བ་དེ་ཡིན་པ་འདྲ། ཚོགས་ཆེན་འདིའི་སྟེང་དུ་གྲོས་ཆོད་འགའ་བཞག་པ་དེ་དག་ནི་བོད་མི་ཚོར་བགྲོ་གླེང་གོ་བསྡུར་ལྷུག་པོ་ཞིག་བྱུང་ཞིང་གདམ་ག་ཞིག་རག་ནས་གྲོས་ཆོད་དེ་དག་བཞག་པ་མིན་པར། མ་གཞི་ནས་བོད་རྒྱའི་འབྲེལ་ལམ་དང་ང་ཚོའི་གནས་སྟངས་ཐོག་ནས་ཐག་ཆད་བསྡད་པ་དག་ཡིག་ཐོག་ལ་ཕབ་པ་ཙམ་ཡིན། དཔེར་ན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་གཉིས་པེ་ཅིན་དུ་མངགས་རྒྱུ་མཚམས་འཇོག་གནང་རོགས་ཞེས་པ་ལྟ་བུ་རེད། འདིའི་རིགས་ནི་ང་ཚོས་གྲོས་ཆོད་བཞག་ནས་འགོག་དགོས་པའི་གྲས་མིན་པར་གནས་སྟངས་ཀྱིས་ཐག་ཆོད་པའི་གྲས་ཡིན།

བོད་མི་ཚོར་ཐེངས་འདིར་ཕྱི་ལ་བསྒྲགས་རྒྱུའི་རྒྱལ་ཁ་ཞིག་ཡོད་དུས། དེ་ནི་ཆིག་སྒྲིལ་གྱི་རྣམ་པ་འདི་ཡིན་དགོས། ༧གོང་ས་མཆོག་གིས་ཀྱང་ཚོགས་ཆེན་འདིའི་སྟེང་ནས་རྒྱལ་ཁ་ཞིག་གཟིགས་དགོས་ཀྱི་ཡོད་ཚེ། ནམ་ཞིག་ཁོང་ཉིད་སྐུ་མི་བཞུགས་དུས་ཀྱང་བོད་མི་ཚོ་འདི་ལྟར་ཆིག་སྒྲིལ་གྱི་ངོ་བོར་གནས་སྲིད་པའི་བརྡ་ལན་འདི་ཡིན། རྒྱ་ནག་གིས་ཀྱང་ཐེངས་འདིར་བོད་མི་ཚོའི་སྟེང་ནས་ཉེན་ཁ་ལྟ་བུ་ཞིག་མཐོང་ཡོད་ཚེ་བོད་མིའི་འཐབ་རྩོད་ཀྱི་ཁ་ཕྱོགས་མིན་པར། བོད་ཕྱི་ནང་གཉིས་སུ་ནུས་ཤུགས་ཀྱི་གོང་བུ་ཞིག་འགྲུབ་ཀྱིན་པ་དང༌། གོང་བུ་འདིའང་༧གོང་ས་མཆོག་གི་སྐུ་ཚེ་ལ་བརྟེན་པ་ཙམ་མིན་པར། ད་ནས་བཟུང་རང་ཚུགས་ཀྱི་རྣམ་པ་དང༌། རང་སྟོབས་ཀྱི་འདུ་ཤེས་སྐྱེས་བཞིན་འཐབ་རྩོད་ཀྱི་ངོ་བོ་ཞིག་འདིང་ངེས་པ་དེ་ཡིན་ངེས། འདི་ནི་ང་ཚོ་ཕམ་ཁའི་ངང་འཚོགས་རྗེས་བསྒྲགས་པའི་རྒྱལ་ཁའི་འབྲས་བུ་དེ་ཡིན།

བོད་དོན་དམིགས་བསལ་ཚོགས་ཆེན་གྱི་ཁ་མཚམས་འདིར། རྒྱལ་སྤྱིའི་ཐོག་གི་བོད་དོན་ལངས་ཕྱོགས་ཀྱི་རྩོད་གཞི་ཐོག་མ་ནི་ཡུ་རོབ་ཁུལ་ནས་བྱུང་ལ། དེ་ཡང་དབྱིན་ཇིས་མི་ལོ་ ༥༠ རིང་ཐོག་དང་པོར་བོད་འདི་རྒྱ་ནག་གི་ཁྲིམས་མཐུན་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱས་པ་དང༌། ད་བར་དུ་འདི་ལ་ངོས་འཛིན་བྱེད་མ་ཐུབ་པར་འགྱོད་བཤགས་ཀྱང་བྱས་ཡོད་པ་རེད། སྲིད་དོན་དབྱེ་ཞིབ་པ་ཚོ་ལྟར་ན། དབྱིན་ཇིས་བོད་ལ་འཛིན་པའི་ལངས་ཕྱོགས་འདིས་མོན་རྟ་དབང་གིས་མཚོན་པའི་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་འདི་ཡང་སློང་ངེས་པའི་བསམ་ཚུལ་འདོན་གི་ཡོད། ཡིན་ན྄འང་ཡུ་རོབ་ནང་གི་བོད་དོན་རྩོད་གཞི་གཞན་ཞིག་ནི་༧གོང་ས་མཆོག་དང་ཡུ་རོབ་དབུ་ཁྲིད་རྣམ་པའི་མཇལ་འཕྲད་ལ་བརྟེན། རྒྱ་ནག་དང་ཡུ་རོབ་ཀྱི་ཚོགས་ཆེན་ཞིག་ཕྱིར་འཐེནབྱུས་པ་དེ་ཡིན། འདི་ལྟར་རྒྱ་ནག་གིས་བོད་དོན་འདི་རྒྱལ་སྤྱིའི་ཁོར་ཡུག་ནས་གཙང་སེལ་བྱེད་པའི་འཐབ་བྱུས་རིམ་པར་འཐེན་སྐབས་ང་ཚོས་ཀྱང་འདི་ལ་དཔག་པའི་གྲ་སྒྲིག་དང་འཐབ་བྱུས་འཐེན་རྒྱུ་ནི་གནད་ཆེ་བར་འདོད་དོ། །

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ཕམ་ཁའི་ངང་གི་རྒྱལ་ཁ།

  1. བོད། ཤ་ཁྲག་རུས་གསུམ།

    རྒྱལ་སྤྱིའི་སྒང་གི་བདེན་དོན་ཚོགས་པ་ཁག་ལ་ཕུལ་བའི་སྙན་ཐོ།

    མི་ཞིག་གིས་རང་ཉིད་འབོར་བཞིན་པའི་དུས་ཚོད་ཀྱི་སྔ་གཞུག་ཀུན་དུ་རང་ཉིད་ནི་འགྲོ་བ་མི་སྤྱི་མཚུངས་ལྟར། མི་ཡུལ་འདི་ན་མི་གཞན་དག་དང་འདྲ་བར་འགྲོ་བ་སྤྱི་མཚུངས་ཀྱི་ཐོབ་ཐང་དང་རང་དབང་སོགས་ཡོད་མེད་ཀྱི་ཕྱོགས་སུ་བསམ་བློ་རེ་འཁོར་ནས་འོང་དུས། རང་དབང་མེད་པར་ཚུར་ལ་ཕྱོགས་དེ་འོང་བ་ནི། མི་ཞེས་པ་འདི་ནི་སྲོག་ཆགས་དབུགས་ཐོག་མང་བོ་ཞིག་གི་ཁྲོད་ཀྱི་བསམ་བློ་གཏོང་ཤེས་པ་ནས་སྐད་ཆ་བཤད་ཤེས་མཁན་དང་འགྲོ་བ་མི་ཟེར་བ་དེ་རེད། དེས་ན་ངས་འདི་ནས་རང་གི་བསམ་ཚུལ་ཞིག་རྒྱལ་སྤྱིའི་སྒང་གི་བདེན་དོན་ཚོགས་པ་ཁག་ལ་ཕུལ་བའི་སྙན་ཐོ་ཟེར་བ་ཞིག་གཤམ་ནས་སྙན་གསན་ཞུ་རྒྱུ་ཡིན་ན། དྲ་གྲོགས་དག་གི་འདིའི་ཐད་དུ་བསམ་ཚུལ་ལྷུག་པོ་གནང་རོགས་ཞུ།

    མི་ཟེར་བ་འདིས་གླེང་བཞིན་པ་དང་ནམ་ཡཔ་ཐོབ་འདོད་ཡོད་པའི་རང་དབང་ཟེར་བ་དེ་ནི་གང་འདྲ་ཞིག་ཡིན་ནམ། རང་དབང་ཡོད་མཁན་གྱི་མི་དེ་དག་ནི་བདེ་སྐྱིད་ཀྱི་ངང་འཚོ་ཡོད་དམ། དེ་དག་ལ་མནར་གཅོད་དང་སྡུག་བསྔལ་མེད་དམ། རང་དབང་ཟེར་བ་དེ་ཡིས་མི་ངལ་གསོ་གང་འདྲ་ཞིག་སྤྲོད་ཀྱི་ཡོད་དམ། དོ་དམ་པའི་རང་དབང་སྐྱེ་དུས་ནས་བཟུང་ཐོབ་མྱོང་མེད་པའི་བོད་པ་ང་ལྟ་བུ་ཞིག་ལ་མཚོན་ན། རང་དབང་ཟེར་ན་མིང་ཚིགས་སྙན་པོ་ཞིག་ལས་རང་དབང་དེ་ཐོབ་མྱོང་ཡོད་པ་མ་རེད། སྐད་ཡིག་གི་རང་དབང་། ས་ཆའི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་། རྩོམ་ཡིག་གི་རང་དབང་། མི་རིགས་ཀྱི་རང་དབང་།འགྲུལ་བཞུད་ཀྱི་རང་དབང་། ཡུལ་སྲོལ་གོམ་གཤིས་ཀྱི་རང་དབང་། འདི་དག་གང་ཡང་མེད་མཁན་གྱི་བོད་པ་ང་ནི། འགྲོ་བ་མི་ཞེས་པ་དེའི་གྲལ་དུ་འཚུད་ཀྱི་ཡོད་དམ། དེ་ཡོད་ན་བོད་པ་ང་ལ་རང་དབང་དེ་དག་གི་ཁྲོད་ནས་ཆ་ཤས་ཙམ་ཡང་མེད་དོན་གང་རེད། ཡང་ན། འགྲོ་བ་མི་ཞེས་པ་འདི་ལ་ཡང་ས་མཚམས་ཤིག་ཡོད་དམ། ས་མཚམས་ཤིག་ཕྱེ་ཡོད་པ་ཡིན་ན། ང་བོད་པ་ཚང་ས་མཚམས་དེའི་ཕྱི་ནང་གང་ན་ཡོད་པ་རེད། བདེ་སྐྱིད་ཀྱི་ངང་འཚོ་ཡོད་དམ། དེ་དག་ལ་མནར་གཅོད་དང་སྡུག་བསྔལ་མེད་དམ། རང་དབང་ཟེར་བ་དེ་ཡིས་མི་ངལ་གསོ་གང་འདྲ་ཞིག་སྤྲོད་ཀྱི་ཡོད་དམ། དོ་དམ་པའི་རང་དབང་སྐྱེ་དུས་ནས་བཟུང་ཐོབ་མྱོང་མེད་པའི་བོད་པ་ང་ལྟ་བུ་ཞིག་ལ་མཚོན་ན། རང་དབང་ཟེར་ན་མིང་ཚིགས་སྙན་པོ་ཞིག་ལས་རང་དབང་དེ་ཐོབ་མྱོང་ཡོད་པ་མ་རེད། སྐད་ཡིག་གི་རང་དབང་། ས་ཆའི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་། རྩོམ་ཡིག་གི་རང་དབང་། མི་རིགས་ཀྱི་རང་དབང་།འགྲུལ་བཞུད་ཀྱི་རང་དབང་། ཡུལ་སྲོལ་གོམ་གཤིས་ཀྱི་རང་དབང་། འདི་དག་གང་ཡང་མེད་མཁན་གྱི་བོད་པ་ང་ནི། འགྲོ་བ་མི་ཞེས་པ་དེའི་གྲལ་དུ་འཚུད་ཀྱི་ཡོད་དམ། དེ་ཡོད་ན་བོད་པ་ང་ལ་རང་དབང་དེ་དག་གི་ཁྲོད་ནས་ཆ་ཤས་ཙམ་ཡང་མེད་དོན་གང་རེད། ཡང་ན། འགྲོ་བ་མི་ཞེས་པ་འདི་ལ་ཡང་ས་མཚམས་ཤིག་ཡོད་དམ། ས་མཚམས་ཤིག་ཕྱེ་ཡོད་པ་ཡིན་ན། ང་བོད་པ་ཚང་ས་མཚམས་དེའི་ཕྱི་ནང་གང་ན་ཡོད་པ་རེད། བདེ་སྐྱིད་ཀྱི་ངང་འཚོ་ཡོད་དམ། དེ་དག་ལ་མནར་གཅོད་དང་སྡུག་བསྔལ་མེད་དམ། རང་དབང་ཟེར་བ་དེ་ཡིས་མི་ངལ་གསོ་གང་འདྲ་ཞིག་སྤྲོད་ཀྱི་ཡོད་དམ། དོ་དམ་པའི་རང་དབང་སྐྱེ་དུས་ནས་བཟུང་ཐོབ་མྱོང་མེད་པའི་བོད་པ་ང་ལྟ་བུ་ཞིག་ལ་མཚོན་ན། རང་དབང་ཟེར་ན་མིང་ཚིགས་སྙན་པོ་ཞིག་ལས་རང་དབང་དེ་ཐོབ་མྱོང་ཡོད་པ་མ་རེད། སྐད་ཡིག་གི་རང་དབང་། ས་ཆའི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་། རྩོམ་ཡིག་གི་རང་དབང་། མི་རིགས་ཀྱི་རང་དབང་།འགྲུལ་བཞུད་ཀྱི་རང་དབང་། ཡུལ་སྲོལ་གོམ་གཤིས་ཀྱི་རང་དབང་། འདི་དག་གང་ཡང་མེད་མཁན་གྱི་བོད་པ་ང་ནི། འགྲོ་བ་མི་ཞེས་པ་དེའི་གྲལ་དུ་འཚུད་ཀྱི་ཡོད་དམ། དེ་ཡོད་ན་བོད་པ་ང་ལ་རང་དབང་དེ་དག་གི་ཁྲོད་ནས་ཆ་ཤས་ཙམ་ཡང་མེད་དོན་གང་རེད། ཡང་ན། འགྲོ་བ་མི་ཞེས་པ་འདི་ལ་ཡང་ས་མཚམས་ཤིག་ཡོད་དམ། ས་མཚམས་ཤིག་ཕྱེ་ཡོད་པ་ཡིན་ན། ང་བོད་པ་ཚང་ས་མཚམས་དེའི་ཕྱི་ནང་གང་ན་ཡོད་པ་རེད།

    ས་མཚམས་ཤིག་ཡོད་ཚེ། འགྲོ་བ་མི་ཕྱི་ནང་གཉིས་ཟེར་ནས་མིང་ཞིག་བཏགས་ན་རེད། མིང་དེ་འདྲ་ཞིག་ཡོད་ཉིན་ནས་ང་བོད་པ་ཚང་འགྲོ་མི་ཡི་ནང་གི་ཕྱི་ནང་གང་ཡིན་ཤེས་ཐུབ་ལ། ང་བོད་པ་ཚང་ལ་ཡང་འགྲོ་བ་མིའི་རང་དབང་ཟེར་བ་དེ་རྩོད་པའི་ཐོབ་ཐང་ཡོད་མེད་དེ་ཤེས་ཐུབ་ངེས་རེད། དེ་ཡང་མ་ཡིན་པར་འགྲོ་བ་མི་ཟེར་བ་ནི་གཅིག་ལས་གཉིས་མེད་པ་ཞིག་ཡིན་ན་ནི། ང་བོད་པ་ཚང་ལ་འགྲོ་བ་མིའི་རང་དབང་དེ་བེད་སྤྱོད་བྱེད་དབང་ཡོད་པ་དང་དེ་རྩོད་ཀྱང་ལོས་ཆོག ཆོག་དུས་སུ་ང་བོད་པ་ཚང་གི་མི་ལ་ཡང་འགྲོ་བ་མིའི་རང་དབང་ཚོགས་སྡེ་ཁག་ནས་ཁ་ལག་གཉིས་བེད་སྤྱད་དེ་འགྲོ་བ་མིས་འགྲོ་བ་མི་ལ་འགན་འཁུར་བྱེད་དགོས་པའི་གནས་ལུགས་དང་རྒྱུ་མཚན་མ་ཡིན་ནམ། ང་བོད་པ་ཚང་གི་འགྲོ་བ་མིའི་རང་དབང་ཡོངས་སུ་རྫོགས་པ་ལ་གཏོར་བཤིག་དང་བཙན་གནོན་བྱེད་བཞིན་པའི་དམར་པོ་སྲིད་གཞུང་ལ་རྒོལ་ལན་མི་སྤྲོད་དོན་གང་ཡིན་ནམ། ང་བོད་པ་ཚང་ལ་དཔལ་འབྱོར་མེད་སྟབས་རེད་དམ། ང་བོད་པ་ཚང་ལ་རྒྱལ་སྤྱིའི་སྟེང་གི་བཙོན་པ་ཉེས་མེད་ལོ་ན་ཆུང་ཤོས་དང་ཆེ་ཤོས་གཉིས་བྱུང་ཡོད་སྟབས་རེད།

    དེ་མིན་ན་དམར་པོ་སྲིད་གཞུང་གི་དཔལ་འབྱོར་ལ་རྒྱལ་སྤྱིའི་འགྲོ་བ་མིའི་རང་དབང་ཚོགས་པ་ཁག་དང་བདེན་དོན་སྐྱོང་མཁན་དག་གིས་ཁ་གཏད་མ་ཅོག་པར་གང་ཡང་བྱེད་མ་ཐུབ་པ་རེད། ཡང་ན་ཅི་ཡང་བོད་དོན་དུ་བྱེད་འདོད་མེད་པ་རེད། བྱེད་འདོད་མེད་པ་ཡིན་ན་ནི། འགྲོ་བ་མིའི་རང་དབང་ཚོགས་སྡེ་ཁག་དང་བདེན་དོན་སྐྱོང་མཁན་ཟེར་མཁན་དེ་དག་ནི་མིང་སྟོང་ཙམ་རེད། དེ་མ་ཡིན་པར་དཔལ་འབྱོར་གྱི་སྟབས་ཀྱིས་འགུལ་བསྐྱོད་བྱེད་མ་ཐུབ་པར་བསྡད་ཡོད་ན་ནི། དེ་ལས་ཀྱང་ཉེན་ཁ་ཆེན་པོ་རེད། འཛམ་གླིང་འདི་ལོ་ངོ་མང་བོ་མི་དགོས་པར་རྒྱ་ནག་གི་དཔལ་འབྱོར་གྱི་སྟངས་འཛིན་བྱེད་ངེས་རེད། ག་ལེར་དཔལ་འབྱོར་གྱི་སྟངས་འཛིན་དེ་དང་འགྲོག་ནས་སྲིད་དབང་འཛིན་གང་སར་སླེབས་ཡོང་གི་རེད། དཔེར་ན་ད་ལྟའི་འཆར་ཡང་སྔོན་འགྲོ་ཙམ་ཞིག་རྒྱལ་ཁབ་ཁ་ཤས་ལ་སླེབས་ཡོད་པ་དེ་ལྟར་རེད། རྒྱལ་སྤྱིའི་སྒང་དུ་རྒྱ་ནག་གི་སྟངས་འཛིན་སླེབས་ཉིན་ནས་རྒྱ་ནག་ནི་ང་བོད་པ་ཚང་གི་དབང་བསྒྱུར་བྱེད་མཁན་གཅིག་བུ་མ་ཡིན་པར་རྒྱལ་སྤྱིའི་དབང་བསྒྱུར་བྱེད་མཁན་ཆགས་འགྲོ་ངེས་རེད།

    སྤྱིར་བཏང་གི་བཤད་ན་དབང་བསྒྱུར་མཁན་གྱི་རྒྱལ་ཁབ་དེའི་དབང་བསྒྱུར་སའི་རྒྱལ་ཁབ་དེ་ལ་འགྲོ་བ་མི་སྤྱི་མཚུངས་ཀྱི་རང་དབང་སྤྲོད་ཀྱི་ཡོད་ན་ནི་དབང་བསྒྱུར་མ་བསྒྱུར་ལ་ཁྱད་པར་མི་འདུག དེ་མ་ཡིན་པར་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཁོ་རང་གི་མི་སེར་ལ་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་བེད་སྤྱོད་བྱེད་རྒྱུ་ཡོད་པ་དང་། དབང་བསྒྱུར་ས་དེ་ལ་གང་ཡང་མེད་པར་གྱུར་བ་ཡིན་ན་གཏན་ནས་འགྲིག་གི་མི་འདུག་ལ། དེ་འདྲའི་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་སུ་ཞིག་བྱུང་ན། དེ་ལ་རྒྱལ་སྤྱིའི་འགྲོ་བ་མིའི་རང་དབང་གི་ཚོགས་པ་ཁག་དང་རྒྱལ་ཁབ་ཚད་ལྡན་དག་གི་རྒོལ་ལན་མ་སྤྲད་པ་དང་བཀག་འགོག་མ་བྱས་པ་ཡིན་ན། དེ་ནི་ང་བོདཔ་ཚང་གི་གྱོང་རྒུད་གཅིག་བུ་མ་ཡིན་པར་རྒྱལ་སྤྱིའི་བདེ་འཇག་དང་ཞི་བདེའི་ལམ་དུ་བསྐྱོད་མི་ཐུབ་པས་གྱོང་རྒུད་ཅིག་ཆགས་ཀྱི་ཡོད་པ་རེད། དེ་ལ་བསམ་བློ་བ་དང་ཆབ་སྲིད་པ་ཡིན་ཟེར་མཁན་སུ་ཞིག་གིས་སྐད་ཆ་སྙན་མོ་རེ་བཤད་ཀྱང་འགྱུར་བ་གཏོང་རྒྱུ་མེད་པར་ཆགས་མི་སྲིད་པ་མ་རེད། དེ་ཡིན་དུས་ང་བོད་པ་ཚང་གི་གཙོ་བའི་འགྲོ་བ་མིའི་རང་དབང་མེད་མཁན་ཡོངས་ལ་རྒྱལ་སྤྱིའི་སྟེང་ནས་འགན་ལེན་དང་བརྩི་བཀུར། བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སྐུལ་ལོངས་བྱེད་ཀྱི་ཡོད་འབོད་སྐུལ་ཡང་ཞུ་བཞིན་ཡོད། དེ་ལྟར་མ་འགྱངས་པར་བྱེད་ཐུབ་པ་ཡིན་ན། ད་དུང་ཅུང་ཙམ་འཕྱི་མེད་དོ།

    རྩོམ་སྒྲིག་པ་ལགས། གོང་གི་རྩོམ་ཡིག་འདི་བསམ་ཚུལ་རྩོམ་ཡིག་གི་ནང་དུ་བཀོད་ཆོག་པ་ཞིག་ཡིན་འགོད་རོགས་ཞུ། བོད། ཤ་ཁྲག་རུས་གསུམ་ནས།