ཡུ་རོབ་གྲོས་ཚོགས་འཐུས་མིའི་ཟས་བཅད་ངོ་རྒོལ།

༧གོང་ས་མཆོག་གིས་ཡུ་རོབ་ཁུལ་དུ་གཟིགས་སྐོར་གནང་བཞིན་པའི་སྐབས་འདིར་རྒྱ་ནག་གི་སྐུ་ཚབ་ཚོས་ཡུ་རོབ་དང་རྒྱ་ནག་གི་ཚོགས་འདུ་ཐེངས་ ༡༡ པ་ནས་ཕྱིར་འཐེན་བྱས་པར་བརྟེན། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ ༤༥ ཡིས་རྒྱ་ནག་ལ་དུས་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།

ཕྱི་ཚེས་ ༣ ཉིན་༧གོང་ས་མཆོག་བྷེལ་ཇིམ་གྱི་སྲིད་བློན་ Yves Leterme ལགས་ལ་མཇལ་འཕྲད་གནང་ཡོད་པ་རེད། འདི་ལ་བརྟེན་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་བཅར་མཁན་རྒྱ་ནག་གི་སྐུ་ཚབ་རྣམས་ཀྱིས་ཚོགས་ཞུགས་ཀྱི་ཆ་ཤས་མི་ལེན་ཆེད་ཕྱིར་འཐེན་བྱས་ཡོད་པ་རེད། འདི་ལ་བརྟེན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཟས་བཅད་ངོ་རྒོལ་གྱི་རིམ་པ་འདི་སླེབས་ཤིང་། ཐོག་མར་འཐུས་མི་ ༥ མགོ་བཙུགས་ཤིང་། ཁོང་ཚོས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་གི་ཡོད། ཡིན་ཡང་། རྒྱ་ནག་ནང་དུ་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་བཙན་གནོན་བྱེད་ཀྱིན་པར་ངོ་རྒོལ་ཡོད་ཅེས་བཤད་ཡོད་པ་རེད།
ཁོང་རྣམས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་འདི་བར་གནས་སུ་བསྡད་ན་འགྲིག་གི་མ་རེད། ང་ཚོ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ ༤༠ ཡིས་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་བྱས་ཏེ་ཆོས་སྲིད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་མཚོན་པ་བྱེད་གི་ཡོད་ཅེས་བརྗོད་ཡོད་པ་རེད།

རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ཚེས་ ༤ ཉིན་ཡུ་རོབ་གྲོས་ཚོགས་ནང་དུ་བོད་དོན་སྐོར་ལས་འཕྲོས་པའི་གསུང་བཤད་གནང་ཡོད་པ་རེད།

གོང་གི་པར་འདི་ནི་༧གོང་ས་མཆོག་ཕྱི་ཚེས་ ༤ ཉིན་ཡུ་རོབ་གྲོས་ཚོགས་ནང་ཆིབས་བསྒྱུར་སྐྱོང་བཞིན་པའི་པར་རེད། པར་འདི་རོའུ་ཊར་གསར་ཁང་གི་ཡིན།

བསྐྱར་བཅོས།: ༢༠༠༨/༡༢/༠༤

Leave a Reply

4 thoughts on “ཡུ་རོབ་གྲོས་ཚོགས་འཐུས་མིའི་ཟས་བཅད་ངོ་རྒོལ།

  1. ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ ༤༥ ཡིས་རྒྱ་ནག་ལ་དུས་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།

  2. སྤྱིར་འདི་ལ་རྒྱལ་སྤྱིའི་དབང་ཤུགས་ཀྱི་འགྲན་རྩོད་ཞེ་ན་མི་ཤེས་མོད་སོ་སོའི་ཁེ་ཕན་ཞིག་གི་ཆེད་དུ་རེད་ད་དུང་ཁེ་ཕན་དེས་ཆེད་དུ་ཡོ་རོབ་གཞུང་གིས་རྒྱ་ནག་ལ་མགོ་མི་སྒུར་པའི་ངེས་པའང་མེད། དཔེར་ན་་་་སྔོན་ཆད་དྲུག་ཅུ་རེ་གྲང་ལ་ཨ་རིའི་CIAདང་བོད་དོན་གྱི་ལོ་རྒྱུས་དང་པེ་ཅིང་གི་ཨོ་རྩེད་སྐབས་སུ་ཧྥ་རན་སིའི་སྲིད་བློན་སེག་ཁྰོ་ཟེ་ཡི་ཐ་མའི་གྲོས་ཆོད། ད་དུང་ཁ་སང་དབྱིན་ཇི་གཞུང་གི་རྒྱ་ནག་ལ་ཞུ་བ་བྱེད་སྟངས་སོགས་ལྟ་བུས་མཚོན། དེང་སྐབས་ཕྱི་ཡུལ་ཁག་དུ་ཁེ་ཕན་ཞེས་པ་དེར་འཕྲད་དུས་ང་ཚོ་བོད་དོན་ནི་ཚོང་རྫས་ཤིག་རེད།

  3. མི་ནག་ཚང་ལུང་རིགས་རྒྱལ།

    ཉིན་འདི་དག་གི་རིང་ཡུ་རོབ་རྒྱལ་ཁབ་ཁག་དང་རྒྱ་ནག་གཞུང་གི་བར་བོད་དོན་ཐད་རྩོད་གླེང་ཆེ་ཤོས་ཀྱི་དུས་རེད། ཕྱོགས་གཅིག་ནས་འདི་ནི་རྒྱལ་སྤྱིའི་དབང་ཤུགས་ཀྱི་འགྲན་རྩོད་ཀྱང་རེད། ཡུ་རོབ་ཙམ་མིན་པར། ཨ་རི་དང་། ལྷོ་ཨེ་ཤ་ཡའི་ནང་དུའང་མངོན་གསལ་ཡིན་མིན་གང་ལྟར་ཡང་དབང་ཤུགས་ཀྱི་འགྲན་རྩོད་འདི་ཡོད་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་སྟེང་གཟི་བྱིན་འདི་འདྲ་ཞིག་ཡོད་པའི་སྐབས་སུ། བོད་དོན་འདི་ཡང་རྒྱལ་སྤྱི་དང་གླིང་ཆེན་གང་དུའང་རང་དགར་གཡུག་ཐབས་མེད་པའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་པའི་སྐབས་སུ། ང་ཚོས་ཀྱང་འཐབ་བྱུས་དང་ལངས་ཕྱོགས་ཡོད་པའི་ཐོག་ནས་རྒྱལ་ཕམ་གྱི་ཕྱོགས་འཛིན་པ་དང་། རང་ཉིད་ཀྱི་ཕྱོགས་ནས་གནས་ལུགས་དང་རྒྱུ་མཚན་ཇེ་བཙན་དུ་གཏོང་རྒྱུ་ནི་གལ་ཆེན་པོ་རེད་སྙམ།

  4. དགེ་བཤེས་སྨོན་ལམ་མཐར་ཕྱིན།

    ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཟས་བཅད་ངོ་རྒོལ་གནང་བ་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བསྔགས་བརྗོད་གནང་འདུག་པ་ལྟར། བཙན་བྱོལ་བོད་གཞུང་མང་གཉིས་ནས་བསྔགས་བརྗོད་ཞུ་འོས་པ་དང༌། ཁོང་རྣམས་ཀྱི་མཛད་བཟང་དེར་ང་ཚོས་ཀྱང་མིག་དཔེ་བལྟ་འོས་པ་ཞིག་ལོས་ཡིན།