པེ་ཅིན་གྱི་དྲུག་བཞིའི་དོན་རྐྱེན་དེ་བསྐྱར་དུ་འབྱུང་སྲིད་དམ།

རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གིས་རྒྱ་ནག་གཞུང་གི་གསར་འགོད་བརྒྱུད་ལམ་ཁག་ཏུ་རྩ་ཁྲིམས་ ༠༨ ཀྱི་ལས་འགུལ་རིགས་འགོག་སྡོམ་དང་། གཞུང་གི་གསར་འགོད་ལས་རིགས་པ་རྣམས་ལས་འགུལ་དེའི་ནང་ཞུགས་རྒྱུར་དགག་བྱ་བྱེད་ཀྱིན་ཡོད་པ་རེད།

རྩ་ཁྲིམས་ ༠༨ དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བསྟུན་ཏེ་ཁྱབ་བསྒྲགས་བྱས་རྗེས་རྒྱ་ནག་སྐམ་ས་ཆེན་མོར་སླར་ཡང་དྲུག་བཞིའི་ལས་འགུལ་ལྟ་བུའི་དམངས་གཙོ་དང་རང་དབང་སྐོར་གྱི་ལས་འགུལ་གྱི་མེ་ལྕེ་ཞིག་མཆེད་མགོ་ཚུགས་ཤིང་། ཉེན་རྟོག་པ་རྣམས་ཀྱིས་ལས་འགུལ་དེར་ས་ཡིག་རྒྱག་མཁན་རྣམས་རེ་རེ་བྱས་ནས་འཛིན་བཟུང་དང་། འདྲི་བརྩད། བཀག་ཉར་སོགས་བྱེད་ཀྱིན་ཡོད།

ཕྱི་ཚེས་ ༢༧ ཉིན་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གིས་ངག་ཐོག་ནས་བཀའ་ཁྱབ་ཅིག་བཏང་སྟེ་རྒྱ་ནག་གཞུང་གི་གསར་འགོད་བརྒྱུད་ལམ་པ་དག་ནི་རྩ་ཁྲིམས་ ༠༨ ཀྱི་ལས་འགུལ་ཁྲོདཞུགས་མི་ཆོག་ཚུལ་དང་། གཞུང་འབྲེལ་བརྒྱུད་ལམ་ཁག་ནས་འདི་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་པའི་སྐོར་བརྗོད་ཡོད་འདུག ནམ་རྒྱུན་གྱི་བཀའ་ཁྱབ་རིགས་ནི་ཡིག་ཐོག་ནས་སྤེལ་གྱི་ཡོད་ནའང་ཐེངས་འདིར་ངག་ཐོག་ནས་མ་གཏོགས་སྤེལ་ཡོད་མི་འདུག

རྒྱ་ནག་གཞུང་གིས་ད་སྐབས་རྩ་ཁྲིམས་ ༠༨ ཀྱི་ལས་འགུལ་བ་རྣམས་ལ་སྔ་ཕྱི་ལྟར་འདྲི་བརྩད་དང་བཀག་ཉར་སོགས་བྱེད་ཀྱི་ཡོད་ནའང་། ལས་འགུལ་འདིར་རྒྱབ་སྐྱོར་བྱེད་མཁན་ནི་མུ་མཐུད་ནས་འཕེལ་གྱི་ཡོད་པ་རེད། དམངས་གཙོ་དང་རང་དབང་གི་ལས་འགུལ་འདིའི་རྣམ་པ་ནི་དྲུག་བཞིའི་ལས་འགུལ་དང་མི་འདྲ་བ་ལྟར། རྒྱ་ནག་གཞུང་གིས་འདིར་སྟངས་འཛིན་བྱེད་སྟངས་ཀྱང་སྔར་དང་མི་འདྲ་བར་ལས་འགུལ་བ་རྣམས་ཁེར་འདེད་ཀྱིས་འདྲི་བརྩད་དང་བཀག་ཉར་བྱེད་ཀྱི་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply