ལྷ་ས་གཙང་བཟོ་བྱ་རྒྱུ་ཟེར།

བོད་ཟླ་དང་པོ་ཚེས་མགོ་ནས་རྒྱ་གཞུང་གིས་ལྷ་ས་ཁུལ་གྱི་རྫོང་རིམ་པ་དང་ཞང་རིམ་པ་སོགས་སུ་ལས་དོན་ཚོགས་ཆུང་སྐོར་ཁག་མང་པོ་གོ་བགོས་བྱས་ཏེ། གྲོང་གསེབ་དང་གྲོང་ཁྱེར་ཚང་མར་མི་དམངས་བསྡུ་སྐོང་བྱེད་ཀྱིན་འདུག་ཟེར།

ལྷ་ས་སྟག་རྩེ་རྫོང་གི་མི་སྣ་ཞིག་གིས་བརྗོད་དོན། འབྲེལ་ཡོད་ལས་ཁུངས་ཁག་གིས་བོད་ཟླ་དང་པོ་ཚེས་མགོ་ནས་བཟུང༌། ལྷ་ས་ཁུལ་གྱི་གྲོང་གསེབ་དང་གྲོང་ཁྱེར་ཚང་མའི་མི་དམངས་བསྡུ་སྐོང་གི་བྱ་འགུལ་ཇེ་མང་དུ་འགྲོ་བཞིན་འདུག་ལ། ཚོགས་ཐེངས་རེ་རེར་ཏཱ་ལའི་རུ་ཚོགས་ཀྱི་ངོ་རྒོལ་དང་ཁ་བྲལ་གྱི་བྱེད་སྤྱོད་ནང་ཞུགས་མི་ཆོག་པའི་བཀའ་རྒྱ་ཇེ་དམ་ནས་ཇེ་དམ་རེད་ཟེར།

 

ད་སྐབས་ལས་དོན་ཚོགས་ཆུང་དེ་དག་གྲོང་སྡེ་ཁག་ཏུ་བརྟན་སྡོད་བྱས་ཏེ། བདུན་ཕྲག་གཅིག་རེར་མི་མང་བསྡུ་སྐོང་ཐེངས་གཅིག་ནས་གཉིས་བར་བྱེད་ཀྱིན་འདུག གསུམ་བཅུའི་དུས་དྲན་མ་ཡལ་བར། མི་མང་ལྷ་ས་གྲོང་ཁྱེར་ལ་འགྲོ་རྒྱུ་ཉུང་དུ་གཏོང་དགོས་པ་དང༌། གལ་སྲིད་དོན་དག་གལ་ཆེན་མེད་ན་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ཚུལ་འདུག ལས་དོན་ཚོགས་ཆུང་དེའི་ནང་གི་མི་ཞིག་གིས་གསང་བའི་སྒོ་ནས་འབྲེལ་ཡོད་མི་སྣར་བརྗོད་དོན། ཁ་སང་ང་ཚོར་གོང་རིམ་ནས་བསྒྲགས་པ་ལྟར་ན༌། ལྷ་ས་གྲོང་ཁྱེར་དུ་གསུམ་བཅུའི་དུས་དྲན་གྱི་ཉིན་གྲངས་དག་གི་རིང་ལྷ་སར་གནས་སྡོད་བྱས་པའི་བོད་མི་ཚོང་བ་མ་གཏོགས་ཡུལ་མི་གཞན་པ་གཅིག་ཀྱང་སྡོད་དུ་འཇུག་རྒྱུ་མིན་སྐོར་གོ་སྒྲིག་བྱས་འདུག་ཟེར།

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ལྷ་ས་གཙང་བཟོ་བྱ་རྒྱུ་ཟེར།

  1. རྒྱ་རྒན་འདི་ཚོས་བོད་ས་ཁྱོན་ཡོངས་སྟོང་པ་བཟོ་བསམ་པ་ཞིག་ཡོད་པ་འདྲ།
    ལས་སྟངས་འདི་ཚོ་ལ་བལྟས་ན།
    ང་ཚོ་བོད་པའི་སེམས་ཀྱི་རྨ་ཁ་ནི་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་ལས་བསྡད་མེད་སྟབས།
    ཁོ་ཚོས་ཤོད་བཞིན་པའི་འཆམ་མཐུན་དང་དུས་བདེ། ཞི་བདེ་སོགས་ཀྱི་ཁ་གཡང་དེ་ཚོ་ནི་ནམ་མཁའི་འཇའ་རིས་ལྟར་མ་ཡིན་ནམ།