དམིཊ་བསལ་ཚོཊ་ཆེན།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའ་སྟེང༌། སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་སྟེང་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གནང་མཐར། མ་འོངས་པར་ལོ་གཉིས་རེ་མཚམས་སུ་སྔར་ལོའི་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ནམ། ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལྟ་བུ་ཐེངས་གཅིག་རེ་འཚོགས་ཐབས་བྱ་རྒྱུར་སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབས་བྱུང་སོང༌།

 

 

༧གོང་ས་མཆོག་གི་བཀའ་དགོངས་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག སྔར་ལོའི་སྤྱི་ཟླ་ ༡༡ པའི་ནང་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐོག་མ་དེ་འཚོགས་ཡོད་པ་དང༌། ཚོགས་འདུ་དེའི་མཇུག་ཏུ་༧གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་དེ་སྔོན་ཆད་ལོ་ལྟར་ཚོགས་བཞིན་ཡོད་པའི་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་འདུ་ལྟ་བུ་ཞིག་ཆགས་སོང༌། མ་འོངས་པར་ཡང་བྱུང་ན་ལོ་གཅིག་རེ་མཚམས་དང༌། དེ་མིན་ན་ལོ་གཉིས་རེ་མཚམས་སུ་ཐེངས་གཅིག་རེ་འཚོགས་ཐུབ་ན་ཡག་པོ་འདུག ཅེས་བཀའ་གནང་ཡོད་པ་ལྟར། ཐེངས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་སྟེང༌། མ་འོངས་པར་ལོ་ ༢ རེ་མཚམས་སུ་ལོ་འཁོར་ལས་བསྡོམས་ལྟ་བུའི་ཚོགས་ཆེན་འཚོགས་ཐབས་བྱ་རྒྱུར་སྤྱི་མོས་ཀྱིས་ཐག་གཅོད་བྱུང་སོང༌།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “དམིཊ་བསལ་ཚོཊ་ཆེན།

  1. ༡ ན་ནིང༌།

    སྤྱི་འཐུས་རྣམས་ཀྱིས་མི་དམངས་སྐུ་ཚབ་མ་ཐུབ་དམིགས་བསལ་ཚོགས་ཆེན་ཞིག།
    འཚོགས་པའི་དགོས་པ་ཆེད་དུ་གཟིགས་ཞེས་ན་ནིང་ཟམ་གདོང་བླ་མས་གསུངས།།

    ༢ ད་ལོ།

    ལྔ་བཅུའི་ལོ་ཟླར་དྲན་གསོ་བྱེད་དང་ཕྱོགས་བསྡོམས་བྱེད་པའི་ཐོག་མ་འདིར།།
    གྲོགས་ཚོས་འཚོག་ཡུན་རིང་པས་ལན་ནམ་་རྐུབ་སྟེགས་མང་པོ་སྟོང་པར་ལུས།།

    ༣ སང་ལོ།

    དམིགས་སུ་བསལ་བའི་ཚོགས་ཆེན་དེ་ནི་ལོ་འཁོར་ལས་བསྡོམས་མིན་པར་སྨོན།།
    གང་དུ་གཟས་པའི་གྲུབ་དོན་རི་མོ་བསྟན་སྲིད་གསོས་སུ་སྨིན་པར་སྨོན།།