ལོ་ ༡༣ ལ་སོན་པའི་ཕ།

དབྱིན་ཇིའི་གསར་ཤོག་ཉི་མ་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་ ༡༣ ལ་སོན་པའི་དབྱིན་ཇིའི་བུ་ Alfie Patton ཞེས་པ་དང་རང་ལོ་ ༡༥ སོན་པའི་ཁོའི་དགའ་རོགས་ Chantelle Steadman གཉིས་ལ་བྱིས་པ་ཞིག་བཙས་ཡོད་པ་དང་། ཕ་ Alfie ཡིས་ཁོ་རང་པཱ་ལགས་ཡག་པོ་ཞིག་བྱེད་རྒྱུའི་དམ་བཅའ་བཞག་ཡོད་འདུག Alfie ཡིས་བརྗོད་དོན། ངེད་གཉིས་ཀྱིས་ལྕོགས་མིན་ཐད་ང་བསམ་བློ་འཁོར་མ་སོང་། ང་ལ་རང་གི་ལག་དངུལ་ཡང་རག་གི་མེད། ངའི་པཱ་ལགས་ཀྱིས་མཚམས་རེར་ང་ལ་དབྱིན་སྒོར་ ༡༩ རེ་སྤྲོད་ཀྱི་འདུག ཅེས་དང་། ངའི་ཨ་མས་ཐོག་མར་ཤེས་སྐབས་ངའི་བསམ་པར་ད་ནི་རྙོག་དྲ་བསླངས་སོང་བསམ་སོང་། ངས་རང་ཉིད་པཱ་ལགས་ཆགས་ན་གང་འདྲ་ཞིག་ཡིན་མིན་ཤེས་ཀྱི་མེད། ཡིན་ཡང་། ངས་རྗེས་མ་ལྟ་སྐྱོང་ཡག་པོ་བྱས་ཏེ་པཱ་ལགས་ཡག་པོ་ཞིག་བྱེད་གི་ཡིན་ཅེས་བཤད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

14 thoughts on “ལོ་ ༡༣ ལ་སོན་པའི་ཕ།