དམ་དྲག་མེད་ན་མགོ་རྔ་མེད།

ཇག་ཁེ་ཆིན་གྱིས་རང་དབང་ཟེར་བ་དེ་ཡོད་ན་ཡག་པོ་ཡིན་དང་སྡུག་པོ་ཡིན་ངས་ཧ་གོ་གི་མི་འདུག ང་ཚོ་རྒྱ་མི་ཚོར་ནམ་ཡང་དམ་དྲགས་ཀྱིས་འདུག་དགོས་འདུག་ཟེར།

རེས་གཟའ་སྤེན་པའི་ཉིན་ཚོགས་པའི་རྒྱ་ནག་དང་། ཧོང་ཀོང་། ཐེ་ཝན་གསུམ་གྱི་ཚོང་ལས་ཚོགས་འདུ་ཞིག་གི་ཐོག་ཏུ། ལོ་ན་ ༥༥ ལ་སོན་པའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཇག་ཁེ་ཆིན་གྱིས་”རང་དབང་ཟེར་བ་དེ་ཡོད་ན་ཡག་པོ་ཡིན་དང་སྡུག་པོ་ཡིན་ངས་ཧ་གོ་གི་མི་འདུག  ང་ཚོ་རྒྱ་མི་ཚོར་ནམ་ཡང་དམ་དྲགས་ཀྱིས་འདུག་དགོས་འདུག  གལ་སྲིད་རང་དབང་ཡོད་ན་གང་ཡང་བྱེད་སྲིད་པ་ཞིག་འདུག  དཔེར་ན་ཧོང་ཀོང་ལ་ལྟོས་དང་། མགོ་རྔ་ཡོད་པ་མ་རེད། ཐེ་ཝན་ལ་ཡང་མགོ་རྔ་ཡོད་པ་མ་རེད།” སོགས་བཤད་འདུག་པ་དང།  དེར་ཧོང་ཀོང་གི་ཁྲིམས་རྩོད་པ་ཞིག་གིས། “ཁོས་རྒྱ་མི་རིགས་ལ་མཐོང་ཆུང་བཏང་སོང་།  ང་ཚོ་རྒྱ་མི་རིགས་གཅེས་ཉར་སེམས་ཅན་མིན” ཞེས་ལན་བཏབས་འདུག་པ་དང་། ཐེ་ཝན་གྱི་ཁྲིམས་རྩོད་པ་ཞིག་གིས། “ཁོ་ཡང་མ་རྩ་རིང་ལུགས་དང་མང་གཙོ་རིང་ལུགས་ཀྱི་ཧོང་ཀོང་ནས་འཚར་ལོངས་ཀྱིས་ དེའི་ཁེ་ཕན་ཡོངས་སུ་རྫོགས་པ་ལོངས་སུ་སྤྱད་ཡོད་པ་དང་། ཁོས་མང་གཙོའི་གོ་དོན་ཤེས་བཞིན་དུ་འདི་ལྟར་མང་གཙོའི་གོ་དོན་ལ་ལོག་འགྲེལ་བྱས་སོང་།” ཞེས་ཟེར་འདུག

ཇག་ཁེ་ཆིན་གྱི་རྔ་མ་དེ་ཉེ་བའི་སྔོན་ཞིག་ནས་ ཀྲུང་དབྱང་སྲིད་གཞུང་གི་མགོ་མཇུག་བར་གསུམ་དུ་གཡུག་གིན་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་ཀྱང་དེ་ལ་ལྟ་ཚུལ་གསར་པ་ཞིག་ཡོང་གིན་ཡོད་པ་རེད།

འདྲེ་རིག་ལྡན་གྱི་ཟིན་བྲིས་ལས་བཤུས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “དམ་དྲག་མེད་ན་མགོ་རྔ་མེད།

  1. དགེ་བོ་བཀྲ་ཁོ

    དེ་ནི་སྒེར་གྱི་ཁེ་ཕན་དང་གོ་གནས་ཤིག་གི་ཆེད་དུ་དེ་ལྟར་ཤོད་ཀྱིས་ཡོད་པ་རེད་ལ་མངོན་གསལ་དོད་པོའི་སྤྲེལ་སླད་ཞིག་ཀྱང་རེད ། ཁོས་ངོ་མས་ཧ་མི་གོ་ན་ལོ་ཤས་རིང་བཙོན་དུ་ཆུག་དང་དེ་ནས་ཧ་གོ་ངེས་རེད །