རྨོ་འདེབས་མ་བྱས་པར་བདུན་གསུམ་ལྷག་འགོར།

བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་དང་རྐྱེན་འདས་མནར་གཅོད་མྱོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་ས་ཞིང་རྨོ་འདེབས་མ་བྱས་པར་བདུན་གསུམ་ལྷག་འགོར་འདུག་ཟེར།

ཕྱི་ཚེས་ ༧ ཉིན་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་སྔོན་མ་ནས་རྒྱ་གཞུང་གིས་བོད་མི་ཚོ་དམར་གསོད་དང་སྡུག་སྦྱོང་མནར་གཅོད། རྡུང་རྡེག་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པ་དེར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་ལྗོངས་ཆབ་མདོ་ཁུལ་འཇོ་མདའ་རྫོང་ཁོངས་ཀྱི་ཁ་སྒང་ཞང་དང་རོང་གསུམ་ཞང་། འཇོ་མདའ་གྲོང་བརྡལ་༼ཁྲེན་ཀང་གྲེང་༽བཅས་ཀྱི་ཁོངས་གཏོགས། ལྗི་བ་རུ་བ་དང་འདྲ་རྒན། མཚན་འབའ། ཨམ་འབའ། མགོ་མདའ། རྡོ་ཕྲེང་མདའ། སྐེད་ཧྲེང། འཇོ་མདའ། ཝ་ཤུལ། ག་གཟི། གཞི་ལུ། དངུལ་མདའ། ཐར་རྩེ། འབོད་ཐང། ཁ་སྒང་། ར་མདོ་རུ་བ་སོགས་གྲོང་སྡེ་དེ་དག་གི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། འདི་ལོར་ས་ཞིང་རྨོ་འདེབས་མ་བྱས་པར་ཟླ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། རྒྱ་གཞུང་གིས། ར་མདོ་ས་གནས་ཀྱི་བོད་མིའི་ས་ཞིང་ཁག་ཅིག་གི་ཐོག་དམག་སྒར་བརྒྱབས་ཏེ། གྲོང་སྡེའི་བོད་མི་ཚོར།  ད་ལྟ་ནས་ཞོག་ཁོག་དང་སྲན་མ། ཡུག་པོ་སོགས་དུས་ལྟར་མ་བཏབ་ན་མི་སྐྱེ་བ་དང་ས་ཞིང་རྨོ་འདེབས་བྱ་དགོས་པའི་བཀའ་བཏང་ཡོད་པ་དང་། གལ་སྲིད། ཡུལ་མི་ཚོས་ས་ཞིང་མ་བཏབ་ན་དམག་མི་ཚོས་ཞིང་ཁ་རྨོ་རྒྱུ་ཡིན་ཚུལ་བརྗོད་པར། བོད་མི་ཚོས་ཁས་ལེན་བྱས་མེད་པར་མ་ཟད། ས་གནས་དེ་དག་གི་བོད་མི་ཕལ་ཆེ་བ་དབྱར་རྩྭ་དགུན་འབུ་བརྐོ་བར་ཁ་གཡར་ཏེ་རི་ལ་ཕྱིན་ཡོད་པ་དང་། ས་ཞིང་རྨོ་འདེབས་བྱ་མཁན་དང་ལས་དོན་རུ་ཁག་གི་ཚོགས་འདུ་ལ་ཞུགསམཁན་་ཡང་མེད་པའི་གནས་སུ་གྱུར་ཡོད་འདུག  ཁོང་ཚོས་འདི་ལྟར་བྱེད་དོན་ནི་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་བྱ་ཆེད་དང་རྐྱེན་འདས་དང་མནར་གཅོད་མྱོང་མཁན་རྣམས་ཀྱི་སྡུག་བསྔལ་སྲུང་ཆེད་ཡིན་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “རྨོ་འདེབས་མ་བྱས་པར་བདུན་གསུམ་ལྷག་འགོར།

  1. རུ་དམ་ལུང་གི་བུ།

    དངོས་གནས་ཤ་ཞེན་དང་ལ་རྒྱ། སྙིང་སྟོབས་ཅན་རྣམས་ཀྱིས་གང་ཡང་བྱེད་ཕོད་པ་འདི་དཔའ་བོ་དང་དཔའ་རེད། འོན་ཀྱང་ཕྱི་རང་དབང་མེད་པར་གཞན་དབང་གིས་གནར་བཞིན་འཕེལ་རྒྱས་བཏང་མི་ཐུབ་པའི་ཁར། འདི་ལྟར་བྱས་ན་གྱོང་ཁ་དེ་ང་ཚོ་ལ་ཐེབ་ཨེ་ཡོང་། རང་དབང་ལུང་པར་ཡོད་མཁན་རྣམས་ཀྱིས་ནུས་པ་ཐོན་པའི་བྱ་བ་རེ་གང་འགྱོགས་སྒྲུབ་རོགས་ཞུ།

  2. གངས་རིའི་གླིང་བུ།

    འཇིིག་རྟེན་གྱི་མི་སུ་འདྲ་ཞིག་ཡིན་ན་ཡང་ཞེན་ཆགས་ལྕི་བའི་རང་གི་ཁྱིམ་གཞི་དང་རང་གི་ཤ་རུས་ལས་མཆེད་པའི་བུ་ཕྲུག་ཕ་མ་ཤ་ཉེ་རིང་་་་་ཡོད་ཚད་ནས་ཡོད་ཚད་་་་་ཐམས་ཅད་ནས་ཐམས་ཅད་་་་་ཚེ་སྲོག་གི་རྒྱུ་བ་འགག་པའིི་མི་རིགས་འདིའི་ཆེད་དུ།་་་་་་་ལུས་ཟུང་གི་ཟུངས་ཁྲག་བསྐམས་པའི་དྭ་ཕྲུག་འདིའི་སླད་དུ།་་་་མུན་ནག་གི་མྱལ་ཁམས་རང་ཡུལ་འདིའི་དོན་དུ།་་་་་མིག་གི་དགའ་སྟོན་དང་་་་་་སེམས་ཀྱི་མཛེས་སྡུག་་་་་་སྙིང་གི་ནོར་བུ་ཡི་འོད་མདངས་དྲོན་མོ་དེའི་ཆེད་དུ་འཕངས་མེད་དང་འཛེམ་མེད་དུ་བཏང་བ་་་་་འདི་དག་ལ་བསམ་ཞིབ་ནན་མོ་རེ་བཏང་ན་
    དངོས་གནས་ང་ཚོ་བཙན་བྱོལ་བ་དང་ལྷག་པར་དུ་མ་གྱུར་སེམས་ཅན་ཐམས་ཅད་་ཞེས་བའི་མིང་ཚིག་རྫིག་པོ་དེ་རྟག་ཏུ་ཁ་ལ་བཅིངས་བསྡད་མཁན་རྣམས་ལྷོད་ལྷོད་ངང་བག་གཡེང་བྱས་ནས་བསྡད་ཐུབ་པ་ཞིག་གཏན་ནས་མ་རེད