སློབ་མར་དམག་སྦྱོང་།

མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་སོགས་ཀྱི་སློབ་ཕྲུག་ཚོར་དམག་སྦྱོང་སྤྲད་ཡོད་འདུག

བོད་ཀྱི་དུས་བབ་ཟིན་བྲིས་པ་ཨ་རིག་དགེ་མཐོང་ལགས་ཀྱི་ཟིན་བྲིས་སུ་གནས་ཚུལ་སྤེལ་བ་ལྟར་ན།  ཆབ་ཆ་ཡོད་པའི་ལན་ཀྲོའུ་དམག་ཁུལ་གྱིས་གོ་སྒྲིག་བྱས་པ་བཞིནསྤྱི་ཟླ་བའི་ཚེས་༡༡ཉིན་ནས་བཟུང་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་དང་མི་རིགས་དགེ་ཐོན་སློབ་གླིང་མཚོ་ལྷོ་ཡན་ལག་སློབ་ཁུལ་བཅས་ཀྱིས་ཐེངས་འདིའི་གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་བེད་སྤྱད་ནས་གྲྭ་སྒྲིག་འཛིན་གྲྭ་དང་ཆེད་སྦྱོང་འཛིན་གྲྭདང་འཛིན་གྲྭ་དར་མ་འཛིན་གྲྭའི༽སློབ་ཕྲུག་ཚོར་དམག་སྦྱོང་ཞིག་སྤྲད་ཡོད་འདུག་ལ། དམག་སྦྱོང་ལ་ཞུགས་པ་རྣམས་ལ་རིན་མེད་དུ་དམག་ལྭ་གསར་བ་ཆ་ཚང་རེ་བྱིན་པར་མ་ཟདད་དུང་དམག་སྦྱོང་སྐབས་ཉིན་རེར་རྒྱ་སྒོར་བཅུ་ཡི་གླ་ཕོག་ཀྱང་ཡོད་འདུག

དམག་སྦྱོང་གཙོ་བོ་ནི་དམག་ལྭ་གྱོན་ཞིང་ལག་ཏུ་དབྱུག་པ་དང་འགོག་སྲུང་ཡོ་ཆས་བཟུང་ནས་ཕ་རོལ་བོར་ཇི་ལྟར་རྒོལ་བ་དང་རང་ཉིད་སྲུང་ཐབས་བྱེད་པའི་ཐད་ལ་སྦྱོང་བརྡར་བྱེད་རྒྱུ་དེ་ཡིན་འདུག

 

 

 

 

 

 

 

 

 

 

 

 

 

 

 

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “སློབ་མར་དམག་སྦྱོང་།

  1. དོན་འགྲུབ་བཀྲ་ཤིས།

    བདག་གིས་སློབ་ཆེན་ལ་ཡིག་ཚད་གཏོང་རྒྱུར་གྲ་སྒྲིག་ཆེད་སྤྱི་ལོ་ ༡༩༩༨ ལོའི་སྟོན་ཁར་ནུབ་བྱང་མི་རིགས་སློབ་ཆེན་དུ་རྒྱུགས་གཞིའི་སྦྱོང་བརྡར་ཡིག་ཆ་འཚོལ་སྒྲུབ་བྱེད་དུ་བསྐྱོད་སྐབས། ཞོགས་པ་ཞིག་ལ་སློབ་མ་རྣམས་འཛིན་གྲྭ་འཚོགས་རྗེས་ང་གཅིག་པུ་སློབ་གྲྭའི་ཁོར་ཡུག་ལ་ལྟད་མོར་ལྟ་ཞོར་རྐང་རྩེད་སྤོ་ལོ་རྩེ་ཐང་ལ་ཕྱིན་པ་ཡིན། ཉིན་དེར་གཟའ་ཉི་མ་མིན་ཡང། གཟའ་ཉི་མ་བཞིན་སློབ་མ་མང་པོ་ཞིག་གིས་སྤོ་ལོ་རྩེ་བཞིན་འདུག་ལ། རྩེད་ཐང་དེའི་ཟུར་ཞིག་ཏུ་དམག་མི་བརྒྱ་སྐོར་ཞིག་གིས་དམག་སྦྱོང་བྱེད་ཀྱིན་འདུག་པ་མཐོང་སྐབས། ཨོ་་་་་ སློབ་ཆེན་འདིར་དམག་མིའི་སྡེ་ཁག་ཅིག་ཀྱང་ཡོད་ཚོད་འདུག་དྲན་བྱུང་།

    ངས་སྤོ་ལོ་ཡུན་ཙམ་ལ་རྩེས་རྗེས་སློབ་གྲྭའི་རིག་གནས་ཐང་ཆེན་བརྒྱུད་དེ་ཕྱིར་ཉལ་ཁང་དུ་ལོག་སྐབས། རིག་གནས་ཐང་ཆེན་དུའང་གོང་བཞིན་མི་སུམ་བརྒྱ་ཡས་མས་ཤིག་གིས་དམག་སྦྱོང་བྱེད་ཀྱིན་འདུག འོན་ཀྱང། རྐང་རྩེད་སྤོ་ལོ་རྩེད་ཐང་གི་དམག་ཁག་དེ་དང་མི་འདྲ་བར་དམག་ལྭ་གྱོན་མི་འདུག་ལ། སྐྲ་འཇོག་སྟངས་དང་ལྭ་གྱོན་སྟངས་ཀྱང་འདྲ་མིན་རེད། ལྷག་པར་དུ་ཕོ་མོ་མཉམ་བསྲེས་བྱས་ཡོད་དེས་ང་རང་དོགས་གནས་སུ་བསྐྱལ། དམག་སྦྱོང་སྤྲོད་མཁན་དགེ་རྒན་དག་གི་རྣམ་འགྱུར་ཧ་ཅང་གྲུང་ཤ་དོད་པོ་ཡིན་ཡང་། སློབ་མ་ཚོར་དེ་ཙམ་དོ་སྣང་མི་འདུག་ལ། རེ་ཟུང་གི་གདོང་ལ་འདོད་པ་མེད་པའི་མདངས་ཤིག་ཀྱང་མངོན་འདུག

    ངས་ཁོང་ཚོའི་འགྲམ་དུ་ངལ་གསོ་བརྒྱབས་ཡོད་པའི་མི་ཞིག་ལ་སྐད་ཆ་དྲིས་སྐབས། ང་ཚོ་དམག་མི་མ་རེད། སློབ་མ་གསར་བ་རེད། སློབ་ཞུགས་གསར་བ་ཚང་མས་དམག་སྦྱོང་བྱ་དགོས་པ་རེད་ཟེར། ཡང་ཁོང་ལ་ཕར་ཕྱོགས་སྤོ་ལོ་རྩེད་ཐང་གི་དེ་ཚོ་དམག་མི་ཡིན་མིན་དྲིས་པར། དེ་དག་ཀྱང་དམག་མི་མ་རེད། ང་ཚོ་ལས་ཅུང་རྙིང་བའི་སློབ་མ་རེད། ཅེས་ལན་བཏབས་སོང་། སྐབས་དེར་ངའི་སེམས་སུ་མའོ་ཙི་ཏུང་གི་གསུང་དུམ་ཞིག་གློ་བུར་དུ་དྲན། ༼ང་ལ་མི་གྲངས་དུང་ཕྱིར་བཅུ་གཉིས་ཡོད་ལ། རྒྱལ་ཁབ་ཛ་དྲག་གི་སྐབས་སུ་དམག་མི་དུང་ཕྱིར་བཅུ་གཉིས་ཡོད།༽ ཟེར་བ་འདི་རེད།