ཁེ་ན་ཌའི་མེ་སྐྱོན།

ཁེ་ན་ཌའི་ནུབ་ཁུལ་དུ་ཆགས་པའི་གྲོང་ཁྱེར་ Kelowna ཁེ་ལོ་ན་ ཞེས་པར་མེ་སྐྱོན་ཚབས་ཆེན་ཕོག་པའི་ཉེན་ཁར་བརྟེན། ཡུལ་མི་སྟོང་ཕྲག་ ༡༧ གྱིས་རང་ཁྱིམ་རྒྱབ་ཏུ་བཞག་སྟེ་ཐོན་དགོས་བྱུང་འདུག
ས་ཁུལ་མི་འདྲ་བ་གཉིས་ལ་མེ་སྐྱོན་ཤོར་ཡོད་པ་དང་། དང་པོ་ནི་གཟའ་སྤེན་པའི་ཉིན་ནས་བྱུང་བ་ཡིན་ཞིང་། གཉིས་པ་ནི་གཟའ་ཉི་མའི་ཉིན་ནས་བྱུང་བ་རེད། ཡུལ་དེར་ཡོད་པའི་མི་མང་ལ་རང་ཁྱིམ་ནས་ཐོན་དགོས་པའི་བཀའ་བཏང་ཡོད་འདུག་པ་དང་། ཤི་རྨས་ཐེབས་པའི་གནས་ཚུལ་ད་ལྟ་སྤེལ་མི་འདུག མེ་གསོད་དམག་མི་ ༡༥༠ ལྷག་དང་ཐད་འཕུར་གནམ་གྲུ་ ༡༠། ཆུ་སྐྱེད་གནམ་གྲུ་ ༨ ཀྱིས་མེ་གསོད་པར་འབད་བཞིན་ཡོད་ན་ཡང་། གནམ་གཤིས་ཚ་བོ་དང་རླུང་འཚུབ་ཀྱི་དབང་གིས་ཁོང་ཚོར་དཀའ་ངུལ་འཕྲད་བཞིན་ཡོད་འདུག སྤྱི་ལོ་ ༢༠༠༣ གྱི་ནང་དུ་ཡང་ས་འདིར་མེ་སྐྱོན་བྱུང་སྟེ་མི་ཚང་ ༢༤༠ ལྷག་གི་ཁང་པར་གཏོར་སྐྱོན་བཏང་ཡོད་འདུག

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply