༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་འཆར།

ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་གིས་༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་རྒྱུར་ངོས་ལེན་གནང་འདུག 

ཕྱི་ཚེས་ ༢༦ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་ཀོ་ཞོན་ས་ཁུལ་གྱི་མགོ་གཙོ་ཁྲང་ཅུའུ་དང་ཀོའོ་ཕིིན་གཙོས། ཡོོན་ལིན། ཅཱ་ཡིས་སོགས་རྫོང་རིམ་པའི་དཔོན་རིགས་ཁག་ཅིག་གཙོས་པའི་དྲག་རླུང་གི་གནོད་འཚེ་ཐེབས་པའི་ཡུལ་གྲུའི་མི་མང་གིས། སྲིད་འཛིན་མཱ་ཡོན་ཅིག་ལ་གལ་སྲིད་ཐེངས་འདིའི་གནོད་འཚེ་ཐེབས་ཡུལ་གྱི་ས་ཁུལ་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་ཐུབ་པ་ཡིན་ན། ས་དེའི་མི་མང་གི་སྡུག་བསྔལསེལ་ཐུབ་པ་་དང་བཟང་ཕྱོགས་ཀྱི་འཚོ་སྟངས་ལ་སྐུལ་སློང་བྱ་ཐུབ་པ་མ་ཟད། གནོད་འཚེ་ཐེབས་ཡུལ་གྱི་གྱོང་གུད་སླར་གསོ་ལའང་ཕན་ནུས་ཆེན་པོ་འབྱུང་རྒྱུ་ཡིན་པའི་རེ་སྐུལ་དང་། ༧གོང་ས་མཆོག་ཐའེ་ཝན་གྱི་རང་བྱུང་གནོད་འཚེ་ཐེབས་ཡུལ་གྱི་ས་ཁུལ་དུ་གདན་ཞུ་གནང་སྟེ་དེར་ཡོད་ས་གནས་མི་མང་དང་རྐྱེན་ལམ་དུ་ཕྱིན་པ་དེ་དག་གི་ཆེད་བསྔོ་སྨོན་གསོལ་འདེབས་གནང་རྒྱུའི་རེ་འདུན་སྲིད་འཛིན་མཱ་ཡོན་ཅིག་ལ་ཞུས་ཡོད་འདུག་ལ།   ཕྱི་ཚེས་ ༢༧ ཉིན་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་གིས་གནོད་འཚེ་ཕོག་པའི་ལོང་ཧྭ་སློབ་གྲྭའི་ནང་འཚམས་གཟིགས་སྐབས། དེར་ཡོད་མི་མང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐའེ་ཝན་དུ་ཕེབས་ཏེ་དྲག་རླུང་གི་གནོད་འཚེ་ཕོག་པའི་མི་མང་དང་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་བསྔོ་བ་སྨོན་ལམ་གནང་རྒྱུར་ཁོ་རང་མོས་མཐུན་ཡོད། ཅེས་དེར་ཡོད་མི་མང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གནས་ཚུལ་འདིའི་ཐད་སྐུ་སྒེར་ཡིག་ཚང་ནས་བརྗོད་དོན། ད་ལྟའི་ཆར་༧གོང་ས་མཆོག་ལ་དྭགས་ཁུལ་དུ་བཞུགས་ཤིང་། དེར་ཡོད་བོད་རིགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལ་གསུང་ཆོས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། སྐབས་དེ་དག་ཏུ་ཁོང་གིས་རང་བྱུང་གནོད་འཚེ་ཁྲོད་རྐྱེན་ལམ་དུ་ཕྱིན་པ་དག་གི་ཆེད་དུ་བསྔོ་སྨོན་ཞུས་ཡོད་པ་རེད། གལ་སྲིད། ཐའེ་ཝན་ལ་ཕེབས་དགོས་པ་ཡིན་ནའང་ཟླ་འདིའི་ཕྱི་ཚེས་ ༣༡ ནས་འཆར་ཟླའི་ཚེས་གསུམ་བར་༧གོང་ས་མཆོག་ཆིབས་བསྒྱུར་གནང་ཐུབ་པའི་རེ་བ་ཡོད།  ཅེས་བཤད་ཡོད་པ་རེད

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

7 thoughts on “༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་འཆར།

  1. ཨ་རོགས་བོད་མི་ཚོ་འཛམ་གླིང་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཁོངཐེ་ཝེན་ལ་བས་རྒྱུར་གནང་དེ་ང་ཚོ་གངས་ཅན་པ་རྣམས་ཀྱི་བདེན་པའི་རྒྱལ་ཁ་ཞིག་ཅི་ལ་མིན

  2. གངས་རི་སྐྱབས།

    གསར་འགྱུར་སྙན་མོ་ཞིག་རེད། གོ་རྟོགས་ཡོད་པའི་མི་རིགས་ཤིག་ཡིན་ན་འཇིག་རྟེན་གྱི་འོད་ཟེར་མཐོང་ནི་རེད། འོད་ཟེར་དེ་ལས་བདེ་སྐྱིད་ཀྱི་སྣང་བ་ལོངས་སྤྱོད་གནང་ཐུབ་ནི་རེད། ངའི་བླ་མ་ལགས། འགྲོ་བ་ཀུན་གྱི་སྤྱི་གཙིག་གི་ནོར་བུ། གདོན་སེམས་ཞི་བར་བཏུལ་བའི་བྱམས་བརྩེའི་ནུས་པ། འཇིག་རྟེན་དཀར་ངོགས་སུ་སྒྱུར་བའི་ཉི་མའི་དོ་ཟླ་ཡིན།

  3. མི་ནག་ཚང་ལུང་རིགས་རྒྱལ།

    གནས་སྐབས་རིང་རྒྱ་ནག་གིས་འདི་ལ་ལན་གང་འདྲ་ཞིག་རྒྱག་དགོས་མ་ཤེས་པར་འཐོམ་བསྡད་འདུག་ཅེས་ནེའུ་ཡོག་དུས་བབ་སྟེང་བཀོད་འདུག

    དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གིས་སྐད་རྒྱག་ས་དེ་མ་ཡོན་ཇིག་ཡིན་པའི་རྐྱེན་གྱིས་ཡིན་པ་འདྲ། ཁོ་སྲིད་འཛིན་ལ་བསླེབས་པ་ནས་བཟུང་རྒྱ་ནག་དང་ཐའེ་ཝན་གྱི་འབྲེལ་བ་ཅུང་ཡག་ཏུ་ཕྱིན་ཡོད་མོད། གློ་བུར་དུ་མ་ཡོང་ཇིག་གིས་མི་དམངས་ཀྱི་གནོན་ཤུགས་འོག་ནས་༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་ཆོག་ཚུལ་བཤད་སྐབས། པེ་ཅིན་གྱིས་གློ་བུར་ཐོད་རྒྱག་ལ་ལན་འདེབས་གང་འདྲ་ཞིག་བྱ་དགོས་མིན་མ་ཤེས་པར་ལུས་འདུག་ཟེར། ཕལ་ཆེར་སང་ཉིན་པེ་ཅིན་གྱིས་ཁ་གྲག་སྲིད་པ་རེད།