གང་དུ་ཕེབས་ན་རང་དབང་ཡིན།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ ཁུ་རེ་ཤི་ན་ མཆོག་གིས་རྒྱ་གར་གྱི་ས་ཐོག་ནས་༧གོང་ས་མཆོག་ནི་གང་དུ་ཕེབས་ཀྱང་རང་དབང་ཡིན་ཅེས་གསུངས་ཡོད་པ་རེད།

འཆར་ཟླའི་ནང་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་འཆར་ཐད་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ཅང་ཡུ་ ཡིས་རྒྱ་ནག་གིས་ཏཱ་ལའི་བླ་མ་ཨ་རུ་ན་ཅམ་མངའ་སྡེའི་ནང་གཟིགས་སྐོར་གནང་རྒྱུར་ངོ་རྒོལ་ཡོད་ཅེས་བདུན་ཕྲག་སྔོན་མའི་ནང་བཤད་འདུག་ལ། ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ ཁུ་རེ་ཤི་ན་ མཆོག་གིས་ CNN གྱི་རྒྱ་གར་གསར་འགྱུར་བརྙན་འཕྲིན་གྱི་བཅར་འདྲིའི་སྐབས་གསུངས་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་གྱི་ས་གནས་གང་དུ་གཟིགས་སྐོར་གནང་འདོད་ན་རང་དབང་རེད། ཅེས་གསུངས་ཡོད་ལ། དེ་བཞིན་ཁོང་གིས། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ས་ཁོངས་ཆ་ཤས་ཤིག་ཡིན་སྟབས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་ཆ་གང་དུ་ཕེབས་འདོད་ན་རང་དབང་རེད། ཆ་རྐྱེན་གཅིག་རང་ཡོད་པ་ནི་ཁོང་གིས་ཆབ་སྲིད་ཀྱི་འཕེལ་རིམ་ཐོག་ལ་གསུང་བཤད་མི་གནང་རྒྱུའི་རེ་བ་གནང་གི་ཡོད་པ་འདི་ཡིན་ཅེས་གསུངས།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

11 thoughts on “གང་དུ་ཕེབས་ན་རང་དབང་ཡིན།

  1. ༊༝༞༊གནམ་གྱི་བུ།

    རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་ཆ་རྐྱེན་གཅིག་བཏོན་པ་འདི་ནི་ཉེ་ཆར་༸གོང་ས་མཆོག་ཐའེ་ཝན་དུ་ཕེབས་སྐབས་ཐའེ་ཝན་གཞུང་གིས་བཤད་པ་དང་གཅིག་མཚུངས་རེད། དེ་ལ་མཚར་རྒྱུ་ཅང་མེད། དེ་བཞིན་རྒྱ་ནག་གི་ངོས་ནས་ཐའེ་ཝན་དང་ཨ་རུ་ན་ཅལ་གཉིས་ཀ་རྒྱ་ནག་གི་མངའ་ཁོངས་ཡིན་ཟེར་བའང་གཅིག་མཚུངས་ཡིན་པས། རྒྱ་ནག་གིས་ངོ་རྒོལ་བྱེད་པ་ལའང་མཚར་རྒྱུ་ཅང་མེད། འོན་ཀྱང་ཨ་རུ་ན་ཅལ་གྱི་ས་བདག་ངོ་མ་ནི་བོད་ཡིན་ནའང་བོད་མི་བོད་ཀྱི་ས་ཐོག་ཏུ་འགྲོ་ཆོག་མིན་གྱི་མཚམས་ལ་སླེབས་བོད་མིའི་ངོ་ཚ་མ་རེད་དམ།

  2. སྐར་ཁྲི་བཙན།

    ངའི་ལུང་བསྟན་ཡིན་རྒྱ་གར་གྱིས་རྒྱ་ནག་གིས་ག་འདྲ་བྱེད་ཀྱང་། ཕྱི་ནུད་མ་གཏོགས་ཕོད་ཀྱི་མ་རེད། གལ་སྲིད་རྒྱ་གར་གྱིས་རྒྱ་ནག་ལ་ཡ་ལན་ཚ་ཐག་ཆོད་ཅིག་གི་སྤོབས་པ་འབྱུང་ན། ང་སྤྲུལ་སྐུ་མིན་པའི་རྟག་ཡིན།

  3. བོད། ཤ་ཁྲག་རུས་གསུམ།

    རྒྱ་དཀར་ནག་གཉིས་ཀའི་བོད་ས་བཟོས་པའི་མ་ཚད་ད་ནི་སྐྱུག་ན་འདོད་ཀི་ཡོད་པ་འདྲ།