གནའ་བོའི་འགྱུར་ཁུགས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་ཚན་ཁག་དང་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་སྡེ་ཁག་གཉིས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོར་ཟི་ལིང་མཚོ་སྔོན་ཟློས་གར་ཁང་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་ལས་ཞོར་རིག་རྩལ་འཁྲབ་སྟོན་ཞིག་མགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་འཐབ་སྟོན་སྟེང་ཁུལ་དང་གྲོང་ཁྱེར་བརྒྱད་དང་། རྫོང་བཅུ་བདུན་ནས་དམངས་ཁྲོད་ལས་ཞོར་ཟློས་གར་ཚོགས་པ་ ༡༧ གྱིས་དུས་ཡིན་ཉིན་བཞིའི་རིང་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་། ཁྱོན་བསྡོམས་འཁྲབ་སྟོན་པ་ ༣༠༠ ལྷག་འཛུལ་ཞུགས་བྱས་ཡོད་འདུག

 

འཁྲབ་སྟོན་གྱི་ནང་དོན་གཙོ་བོ་བོད་ཀྱི་ཟློས་གར་དང་གེ་སར་རྒྱལ་པོའི་སྒྲུང་བཤད་པ། གཏམ་བརྗོད། དེ་བཞིན་མི་རིགས་གཞན་པའི་གར་ཆུང་དང་ཟློས་གར་སོགས་རྣམ་པ་སྣ་ཚོགས་ཤིང་། ནང་དོན་ཕུན་སུམ་ཚོགས་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་། ས་གནས་སོ་སོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་བྲོ་བ་འཛོམས་པ་ཞིག་ཡིན་འདུག་ལ། ཉིན་དང་པོའི་འཁྲབ་སྟོན་མགོ་འཛུགས་སྐབས། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ལྷ་མཚོ་འབྱུང་ཁུངས་ལས་ཞོར་ཟློིས་གར་ཚོགས་པའི་འཁྲབ་སྟོན་བྱས་ཡོད། དེར་ལེ་ཚན་༼ ཉི་མའི་གླུ ༽ དང་། ༼ མཚོ་འགྲམ་གྱི་འགྱུར་ཁུགས ༽ ༼ ཚེ་སྲོག་གི་སྟངས་སྟབས ༽ བཅས་ལེའུ་གསུམ་གྱིས་གྲུབ་པར་བྱས་ཤིང་། དམངས་གླུ་དང་རྡུང་ལེན། བཤད་པ་སོགས་ཀྱིས་ཐེམ་ཆེན་རྫོང་གི་བོང་སྟག་ཚོ་བའི་སྲོལ་རྒྱུན་གྱི་གཉེན་སྲོལ་མཚོན་པར་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply