རྩོད་གླེང་ཆེན་པོར་ཞུགས་རོགས།

ཕྱི་ཚེས་ ༧ གྱི་དགོང་མོ་དུས་ཚོད་ ༨ པའི་སྟེང་རྒྱ་གར་གྱི་དབྱིན་སྐད་བརྙན་འཕྲིན་བརྒྱུད་ལམ་ NDTV ཡིས་༧གོང་ས་མཆོག་ཨ་རུ་ན་ཅལ་ནང་ཕེབས་རྒྱུའི་ཐད་བགྲོ་གླེང་ངར་མ་ཞིག་བྱ་རྒྱུ་ཡིན་ཟེར།

བརྒྱུད་ལམ་དེའི་དྲ་ངོས་སུ་བཀོད་དོན། ཏཱ་ལའི་བླ་མའི་གཟིགས་སྐོར་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཉམ་ཆག་ལ་འགྲོ་བཞིན་པའི་སྐབས་ཤིག་ལ་འཁེལ་ཡོད། ཐོག་མ་དེར་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ཡོངས་རྫོགས་རྒྱ་ནག་གི་ས་ཁོངས་ཡིན་པར་བཤད་པ་རེད། དེའི་རྗེས་ནས་སྲིད་བློན་མན་མོ་ཧན་སིན་ལགས་ཀྱི་གཟིགས་སྐོར་ལ་ངོ་རྒོལ་བྱས་ཤིང་། ༼རྩོད་གཞི་ཡོད་པའི་ས་ཁུལ་༽ལ་ཕྱིན་ཚུལ་བཤད་པ་རེད། དེའི་རྗེས་ནས་ཁ་འཐབ་བྱེད་རེས་བྱས་ཤིང་། བོད་མིའི་ཆོས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་ལ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་གཏོར་བརླག་བྱས་པའི་སྐྱོན་འཛུགས་བྱས་པ་རེད།

ལོ་སྔོན་མར་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བསྟེན་ནས་ཏཱ་ལའི་བླ་མ་མོན་རྟ་དབང་ལ་ཕེབས་བཅུག་མེད། འཐབ་བྱུས་ཆེད་ལས་པ་སྐོར་ཞིག་གི་བསམ་ཚུལ་ལ། ཏཱ་ལའི་བླ་མའི་གཟིགས་སྐོར་དེ་ད་ཕྱིན་ཉམ་ཆག་ལ་ཕྱིན་འབྲེལ་བ་འདི་ཕྱིར་འཁོར་མེད་ས་ཞིག་ལ་བསྐྱལ་ངེས་ཡིན་པར་ལྟ་གིན་ཡོད།

རྒྱ་གར་གྱིས་རྙོག་དྲ་འདིར་གཡོལ་ནས་སྡོད་ཐུབ་གི་རེད་དམ། ཡང་ན། ད་ནི་རྒྱ་གར་གྱིས་རྒྱ་ནག་མཉམ་དུ་སྐད་ཆ་མཁྲེགས་པོ་བཤད་རྒྱུའི་དུས་ཚོད་རེད། ཨིན་ཌི་ཊེ་ཝེ་ཡི་རྩོད་གླེང་ཆེན་པོ་དེར་མཉམ་ཞུགས་བྱ་རོགས།

དྲ་རྒྱ་བརྒྱུད་ནས་ལྟ་མཁན་ཚོས་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་གཟིགས་རོགས། http://www.ndtv.com/convergence/ndtv/new/NDTV-Show-Special.aspx?ID=452

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

24 thoughts on “རྩོད་གླེང་ཆེན་པོར་ཞུགས་རོགས།

  1. རྒྱང་རིང་།

    བོད་གཞུང་གིས་ངོས་ནས་ཀྱང་ད་རིང་༧གོང་ས་མཆོག་རྟ་དབང་དུ་འཕེལ་པའི་སྐབས་སུ་རྒྱ་དཀར་ནག་གཉིས་ཀྱིས་ཆབ་སྲིད་ཀྱི་སྐད་ཆ་མང་པོ་ཞིག་སྒྲོག་ངེས་པས་དེ་རྣམས་ལ་ངེས་པར་དུ་བསམ་གཞི་བྱེད་དགོས།

  2. རྒྱང་རིང་།

    བོད་གཞུང་གིས་ངོས་ནས་ཀྱང་ད་རིང་༧གོང་ས་མཆོག་རྟ་དབང་དུ་འཕེལ་པའི་སྐབས་སུ་རྒྱ་དཀར་ནག་གཉིས་ཀྱིས་ཆབ་སྲིད་ཀྱི་སྐད་ཆ་མང་པོ་ཞིག་སྒྲོག་ངེས་པས་དེ་རྣམས་ལ་ངེས་པར་དུ་བསམ་གཞི་བྱེད་དགོས།

  3. གཅན་བཟོད་རྒྱམ།

    འདིའི་སྐོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་བཏོན་པའི་(ལོ་རྒྱུས་རྒྱུ་ཆ་གདམས་བསྒྲིགས་)དེབ་བཅུ་པ་ཆ་ཚང་འདིའི་སྐོར་རེད། དེང་སང་དེབ་དེ་བོད་ནང་ནས་རག་གི་མི་འདུག་ཟེར་གི རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་ན་འདུག གཟིགས་མཁན་ཡོད་ན་དེར་སོང་སྟེ་གཟིགས་ཤིག

  4. གཅན་བཟོད་རྒྱམ།

    ཨ་རི་ན་ཅལ་ཟེར་ན་དེང་སང་རྒྱ་གར་གྱི་བྱང་ཤར་མཚམས་ཀྱི་མངའ་སྡེ་ཆེན་པོ་ཞིག་རེད། བོད་པ་ཚོས་འདི་ན་བོད་པའི་ས་ཆ་ཞིག་ཡོད་ཤེས་ཀྱི་ཡོད་པ་དོན་བཟང་ཞིག་རེད། འོན་ཀྱང་ཨ་རི་ན་ཅལ་ཡོངས་རྫོགས་བོད་པའི་མ་རེད། དེ་བས་ང་ཚོས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་མཚམས་གང་ལ་འཁེལ་འདུག་སོགས་ལ་ཡང་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་པོ་རེད། འདི་ལོ་རྒྱུས་ཡིག་ཆ་འདྲ་མིན་བཀླག་དགོས་པ་རེད། ཡིག་ཆ་གང་ལ་གཏུགས་ནའང་བོད་ཀྱི་ཡིན་པའི་སྒྲུབ་བྱེད་གསལ་བོ་ཞིག་འཚོལ་དགོས་པ་རེད། དེ་མིན་ཨ་རི་ན་ཅལ་བོད་ཀྱི་ཡིན་པ་དང་། རྒྱ་དཀར་ནག་གཉིས་ཀྱིས་དེ་རྩོད་ཀྱིན་ཡོད་པ་རེད་ཟེར་ནས་འདང་གི་མ་རེད། བཤད་དགོས་ས་ནས་བཤད་རྒྱུ་ཡོད་པ་ཞིག་དང་། འབྲི་དགོས་ས་ནས་འབྲི་རྒྱུ་ཡོད་པ་ིག་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། བོད་པའི་ཆབ་སྲིད་པ་དང་རྩོམ་པ་པོ་མང་ཆེ་བས་ཁུངས་གཏུགས་ལ་ཁ་གསལ་པོ་ཞིག་ཕྲིས་ཤོག་ཟེར་དུས་ཁུམ་ཁུམ་འདྲ་ཞིག་བྱེད་བཞིན་མི་འདུག་གམ།