གནམ་ཐང་ ༢༧ བཟོ་རྒྱུ།

རྒྱ་གར་ལ་ཚུར་རྒོལ་བྱེད་ཆེད་རྒྱ་ནག་གིས་བོད་ནང་དུ་གནམ་ཐང་ ༢༧ ལྷག་བསྐྱར་བཟོ་དང་གསར་བཟོ་བྱ་རྒྱུ་རེད་ཟེར།

རྒྱ་གར་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་བརྗོད་དོན། རྒྱ་ནག་གི་གནམ་ཐང་འདི་དག་གི་ཕལ་ཆེ་བ་ནི་གསར་པ་ཡིན་པ་དང་། དེ་བཞིན་རྒྱ་ནག་གིས་མདོ་སྨད་ཀྱི་གཏེར་ལེན་ཁའི་ཉེ་འགྲམ་དུ་ DF-4 རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་གྱི་ས་ཚིགས་བཟོས་ཡོད་ལ། འཕུར་མདེལ་འདི་དག་ནི་ཀི་ལོ་མི་ཊར་ ༣༠༠༠ ལྷག་གི་སར་སྙོབ་ཀྱིན་ཡོད་འདུག

ཡིན་ཡང་། ལོ་འདིའི་ཕྱི་ཟླ་ ༡༠ པའི་ནང་དུ་རྒྱ་ནག་གིས་རྒྱ་གར་ལ། ལ་དྭགས་ཤར་ཕྱོགས་དང་ཨ་རུ་ན་ཅལ་མངའ་ཁུལ་དུ་གནམ་གྲུའི་འབབ་ཚིགས་བཟོ་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

11 thoughts on “གནམ་ཐང་ ༢༧ བཟོ་རྒྱུ།

  1. ཚེ་བརྟན་རྡོ་རྗེ།

    ཕ་རྒན་སྐུ་ལུས་དུམ་བུར་བགོས་པའི་ཆ། །
    དཀར་ནག་རྒྱ་ཡི་ཧབ་ཐོབ་བྱེད་པ་ལ། །
    ལེགས་ཉེས་བགྲོ་གླེང་ལས་ལ་བྲེལ་བ་ཡི། །
    བུ་ངན་དག་གི་སྙིང་ལ་ཅི་ཞིག་འཛུལ། །

  2. ལི་ཐང་གི་ལུག་རྫི།

    ངས་བསམ་པར་རྒྱ་གར་བས་ཀྱང་ཕར་རྒོལ་བྱེད་རྒྱུའི་ཐབས་ལམ་ཞིག་བརྩལ་དགོས་པ་འདྲ།

  3. བྱམས་རྒྱལ།

    ལགསརེད་། ད་དུང་ཨ་རིག་གླེན་རྒན་ལགས་ཁྱེད་རྒྱ་དཀར་ནག་དཀྲུགས་མཁན་གྱི་སློབ་སྟོན་བ་ཡིན་དང་།
    ཐབས་ཇུས་བཟང་བ་ལ་