ཏང་དང་རྒྱལ་ཁབ་ཀྱི་མགྲིན་པ།

རྒྱ་ནག་དབུས་རླུང་འཕྲིན་ལས་ཁུངས་ཀྱི་བཀའ་རྒྱའི་འོག ཐེངས་ཉེར་ལྔ་བའི་ཞིང་ལྗོངས་ལྔའི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་བརྗེ་རེས་དང་དཔྱད་བསྡུར་ཚོགས་ཆེན ཟེར་བ་དེ་ཉེ་ལམ་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་པེ་ཅིན་ནས་ཚོགས་ཏེ། རྒྱ་ནག་དབུས་ཀུན་ཁྱབ་རླུང་འཕྲིན་ཁང་གཙོས་པའི་ལྷ་ས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ཁང་ ༡༩ ཙམ་གྱི་འགན་འཛིན་དང་རྩོམ་སྒྲིག་པ་ ༥༠ ལྷག་བསྡུས་ཏེ། བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ཁག་གིས་༼ ཏང་དང་རྒྱལ་ཁབ་ཀྱི་མགྲིན་པ བྱས་ཏེ། བོད་རིགས་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་བྱུས་སྣ་ཚོགས་དུས་ལྟར་དྲིལ་བསྒྲགས་བྱ་དགོས་པ་དང་། མང་ཚོགས་ལ་སྔར་ལས་ལྷག་པའི་ཞབས་ཞུ་བསྒྲུབ་དགོས་ཚུལ་བརྗོད་ཅིང་། ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་དམིགས་འབེན་འབད་སྒྲུབ་བྱེད་མཁན་ལ་བྱ་དགའ་དང་། ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་གཞི་དང་། སྲིད་གཞུང་གི་ཆབ་སྲིད་ལྟ་བར་དོ་ཕོག་བྱུང་རིགས་ལ་སྐྱོན་བརྗོད་བྱས་ཏེ། བོད་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་ནན་མོ་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

11 thoughts on “ཏང་དང་རྒྱལ་ཁབ་ཀྱི་མགྲིན་པ།

  1. ཀརྨ་རྡོ་རྗེ།

    ངའི་དེང་གི་༼བོད་རིགས་དང་ཆེས་འབྲེལ་ཆེ་བའི་རྒྱ་གཞུང་ལས་བྱེད༽ཏང་ནི།

    བོད་ཀྱི་དྲ་རྒྱ་བཟོས་ན་སྡང་།
    བོད་ཀྱི་དྲ་རྒྱ་ཕྱེས་ན་དངངས།
    བོད་ཀྱི་དྲ་རྒྱར་བྲིས་ན་ཁྲོ།
    བོད་ཀྱི་དྲ་རྒྱ་རིམ་བཞིན་བཀག

  2. ཆོས་སྒྲོན།

    རྒྱ་ནག་གི་བྱ་སྤྱོད་འདི་རིགས་ཧ་ཅང་གཏིང་ནག་རེད། ད་ནི་བོད་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སློབ་གསོའི་ནུས་པ་འདོན་བཞིན་པའི་རླུང་འཕྲིན་དང་བརྙན་འཕྲིན་ཉུང་ཤས་ལས་མེད་པ་དེ་དག་ཀྱང་ཉེན་ཁར་སླེབས་སོང་།

  3. དྲ་ཚིགས་དང་ཚགས་པར་སོགས་ལ་བཀག་སྡོམ་ཇི་ལྟར་བྱས་ཀྱང་། བོད་མི་རིགས་ཀྱིས་སེམས་ཁམས་ལ་ནམ་ཡང་དབང་སྒྱུར་བྱེད་ཐུབ་ཀྱི་མ་རེད། བོད་མི་རིགས་ཀྱི་གནད་དོན་དེ་རྒྱ་མཚོའི་རླབས་ཕྲེང་བཞིན་ནམ་ཡང་འཇགས་མི་སྲིད།།