ལོ་ ༩ བཙོན་འཇུག

པེ་ཅིན་གྱི་དྲུག་བཞིའི་ལས་འགུལ་གྱི་མགོ་བ་ཞིག་ལ་རྒྱ་གཞུང་གིས་ལོ་ ༩ བཙོན་ཐག་བཅད་འདུག

ཕྱི་ཚེས་ ༢༡ ཉིན་རོའི་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༨༩ ལོའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་སྐབས་མཉམ་ཞུགས་བྱེད་མཁན་གྱི་སློབ་མའི་མགོ་བ་མིང་ལ་ཀྲུའོ་ཡོན་ཅོན་འབོད་པ་ཞིག་ཉེ་ཆར་ཧོང་ཀོང་ཉེན་རྟོག་པས་འཛིན་བཟུང་གིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་ཅིང་། ཟླ་འདིའི་ཚེས་ ༡༥ ཉིན་སི་ཁྲོན་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ལ་ལོ་ ༩ ཡི་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ཁྲི་ ༨ ཀྱི་ཉེས་ཆད་བཀལ་ཡོད་འདུག ཁོང་ནི་ཕྱི་ལོ་ ༡༩༨༩ ལོར་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཆེན་སློབ་མས་ངོ་རྒོལ་བྱས་སྐབས་ལས་འགུལ་སྤེལ་མཁན་གཙོ་བོའི་གྲས་ཡིན་པ་དང་། ལོ་སྔོན་མའི་ཕྱི་ཟླ་ ༩ པའི་ནང་ཁོང་ཨོ་མིན་ནས་ཧོང་ཀོང་དུ་ཐོངས་ཆེན་ལག་འཁྱེར་རྫུན་མའི་ཐོག་ནས་འཛུལ་ཡོད་སྟབས་ཧོང་ཀོང་གི་ཉེན་རྟོག་པས་རྒྱ་ནག་ལྷོ་ཕྱོགས་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད།

ཧོང་ཀོང་གི་འབྲེལ་ཡོད་དཔོན་རིགས་ཚོས། ལག་འཁྱེར་རྫུན་མའི་སྟེང་ནས་ཡུལ་དེར་འཛུལ་མཁན་རྣམས་ནི་སོ་སོ་ཡོང་སའི་གྲུ་ཁ་དང་རྒྱལ་ཁབ་ངོ་མ་དེར་སྐྱེལ་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “ལོ་ ༩ བཙོན་འཇུག

  1. ཀརྨ་རྡོ་རྗེ།

    ཀྲུའོ་ཡོན་ཅོན་ལགས་ཉེ་ཆར་ཧོང་ཀོང་ཉེན་རྟོག་པས་འཛིན་བཟུང་གིས་རྒྱ་ནག་ལ་ཕྱིར་སློག་རྩིས་སྤྲོད་བྱས་པ་གཅིག རྒྱ་ནག་སྲིད་གཞུང་གིས་བཙོན་བཅུག་བྱས་པ་གཉིས་ནི། ཕྱོགས་གཉི་གའི་རང་མདོག་གསལ་ལྟོན་བྱས་པ་རེད།