སྐུ་ཚབ་ཚོཊ་པ་རྒྱ་ནག་ལ་ཕེབས་ཐལ།

དེ་རིང་ཞོགས་པ་བོད་པའི་སྐུ་ཚབ་ ༤ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་རྒྱ་ནག་ལ་ཕེབས་ཀྱིན་ཡོད་འདུག་ཅིང་། སྐུ་ཚབ་དེ་བཞི་ནི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱ་མཚན། དེ་བཞིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བུ་ཆུང་ཚེ་རིང་། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་བཅས་ཡིན་འདུག་ལ། ཐེངས་འདིར་བོད་རྒྱའི་སྐུ་ཚབ་རྣམ་པ་ཐུག་འཕྲད་གནང་ཡུལ་རྒྱ་ནག་ཧུ་ནན་ཞིང་ཆེན་ཡིན་འདུག

ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ ནང་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་བོད་པའི་སྐུ་ཚབ་རྣམ་པས་རྒྱ་ནག་གི་དཔོན་རིགས་ཚོར་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ༽ ཞེས་པའི་ཡིག་ཆ་དེ་སྤྲད་ཡོད་ཀྱང་། རྒྱ་ཕྱོགས་ནས་དེ་ལ་ངོས་ལེན་རྩ་བ་ནས་བྱས་མེད་པར། རྣམ་པ་བསྒྱུར་བའི་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན། ཕྱེད་རང་བཙན་སོགས་ཀྱི་འཁྱོག་བཤད་སྣ་ཚོགས་བྱས་ཡོད་སྟབས། ༢༠༠༩ ཟླ་ ༦ ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༩ བ་དེ་བཞུགས་སྒར་ངྷ་རམ་ས་ལར་ཚོགས་ཏེ། བསམ་འཆར་ཡིག་ཆ་དེ་ལ་རྒྱ་ཕྱོགས་ནས་ཆེད་དུ་འཁྱོག་བཤད་བྱས་པ་དང་། གོ་བ་གཏིང་ཟབ་མ་ལོན་པའི་རིགས་ལ་སླར་ཡང་གསལ་བཤད་དང་འགྲེལ་བརྗོད་ཀྱི་ཡིག་ཆ་གཉིས་པ་ཞིག་བཟོས་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

33 thoughts on “སྐུ་ཚབ་ཚོཊ་པ་རྒྱ་ནག་ལ་ཕེབས་ཐལ།

  1. ལུང་རྟོགས།

    དྲ་གྲོག་ཚང་མར་ཐོག་མའི་འཚམ་དྲི་དང་བཀྲ་ཤིས་བདེ་ལེགས་ཡོད་ལ། སྐུ་ཚབས་རྒྱ་ནག་ལ་ཕེབ་པར་ཡང་བཀྲ་ཤིས་བདེ་ལེགས་ཡོད། འོན་ཀྱང་དྲ་གྲོག་རྣམས་པས་ཕན་ཚུན་ལ་རྩི་ཀུར་དང་སྐུ་ཚབས་རྣམས་པས་བཀྲ་ཤིས་བདེ་ལེགས་ཀྱི་གཏམ་བཟང་ཞིག་ཁྱེར་ཏེ་ལོག་ཕེབས་རྒྱུའི་རེ་བ་ཡོད།