གྲོང་གསེབ་ཀྱི་འཕྲོད་བསྟེན།

ད་ལོར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཚང་མར་འཕྲོད་བསྟེན་གྱི་ལས་བྱེད་མངགས་རྒྱུ་ཡིན་ཟེར།

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གཞོན་པ་ཇིན་ཧྲིན་གོ་ཞེས་པས་བཤད་དོན། བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཁག་ལ་སྨན་པས་མི་འདང་བའི་དཀའ་ངལ་དེ་སེལ་ཐབས་སུ་སྨན་པའི་རུ་ཁག་ཅིག་ལ་ཟབ་སྦྱོང་སྤྲོད་ཀྱིན་ཡོད་ལ། འདི་དག་གི་ཁྲོད་དུ་སློབ་སྦྱོང་ཅུང་ཐོབ་ཡོད་པའི་ཞིང་པ་དང་ཕྱུགས་རྫི་རྣམས་ཡོད་ཅིང་། ལོ་འདིར་གྲོང་གསེབ་རེར་ཉུང་མཐར་ཡང་སྨན་པའི་ལས་བྱེད་གཉིས་རེ་གཏོང་རྒྱུ་ཡིན་ཟེར།

ཁོས་འདི་དག་གི་གཞི་རྩའི་ལས་འགན་སྐོར་ལ་བཤད་དོན། འཕྲོད་བསྟེན་གྱི་རུ་ཁག་འདི་དག་གི་ལས་འགན་གཙོ་བོ་ནི་གྲོང་གསེབ་ཁག་གི་མང་ཚོགས་ལ་འཕྲོད་བསྟེན་གྱི་གཞི་རྩའི་ཤེས་བྱ་ངོ་སྤྲོད་དང་། ནད་རིགས་ཆེ་ཁག་སྔོན་འགོག་གི་ཤེས་བྱ་སྤེལ་དུ་འགྲོ་རྒྱུ་དང་། དེ་དང་མཉམ་དུ་ན་ཚ་ཆུང་ངུའི་རིགས་བཅོ་ཐུབ་པའི་ནུས་པའང་སྤེལ་གྱིན་ཡོད་ཟེར།

དེ་བཞིན་ལས་བྱེད་འདི་དག་གི་གླ་ཆ་དེའང་ད་ཡོད་རྒྱ་སྒོར་ ༢༠༠ རེ་ཡོད་པ་དེ་སྤར་ནས་ཁོང་ཚོའི་ལོ་རེའི་ཡོང་འབབ་རྒྱ་སྒོར་ ༣༢༠༠ ལ་ལོན་པར་བྱ་རྒྱུ་ཡིན་ཟེར།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “གྲོང་གསེབ་ཀྱི་འཕྲོད་བསྟེན།

  1. སྐུ་ཚབ་ཚོ་
    ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།

    བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།

    ༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།

    ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།

    བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།

    གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།

    ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།

    རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།

    བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།

    ༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།

    མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།

    ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།

    པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།

    ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།

    པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།

    སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།

    བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།

    སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།

    རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།

    ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།

    ༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།

    རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།

    མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།

    ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།

    མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོད་པའི་མཐེ་བོང་ཨེ་བསྒྲངས་ཐལ།།

    སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།

    ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།

    ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།

    བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།

    ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།

    དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།

    རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།

    བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།

    ༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།

    སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།

    གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།

    ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།

    པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།

    དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།

    ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།

    ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།

  2. འཇིགས་བྲལ་བསྟན་འཛིན།

    ལས་བྱེད་དེ་ཚོ་ཕལ་ཆེ་བ་རྒྱ་རིགས་ཡིན་པ་ཐག་ཆོད། ཁོང་ཚོའི་གླ་མཐོ་རུ་བཏང་ནས་མང་ཚོགས་ནང་འཕྲོད་བསྟེན་གྱི་ལས་དོན་ཚུན་དབང་བསྒྱུར་གྱིས་བོད་མིས་རྒྱ་ལ་ཕྱག་འཚལ་དགོས་པ་ཞིག་བཟོ་ཐབས་ཀྱི་སྲིད་བྱུས་ཡིན་པ་ཐག་ཆོད།

    རྩོམ་སྒྲིག་པ་ལགས། བོད་རིགས་ལས་བྱེད་ག་ཚོད་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་འདུག ཡང་ན་རྒྱ་འདྲེ་ཤ་སྟག་རེད་འདུག

    བོད་མིའི་ས་ཁུལ་དུ་བོད་སྐད་མི་ཤེས་མཁན་གྱི་རྒྱ་འདྲེ་མང་པོ་བཏང་ནས་གྲོང་གསེབ་ཀྱི་སྨན་ཁང་དུ་རྒྱ་སྐད་མ་གཏོགས་བེད་སྤྱོད་མེད་པ་ཞིག་བཟོ་བསམ་པ་རེད།

    ད་དུང་ལས་བྱེད་དེ་དག་གིས་སྐྱེ་སྒོ་འགོག་པར་དམིགས་བསལ་སྦྱོང་བརྡར་ཐོབ་ཡོད་རྒྱུ་རེད།