མཇལ་འཕྲད་གནང་རྒྱུ་ཡིན།

རྒྱ་ནག་གི་ངོ་རྒོལ་ལ་མ་ལྟོས་པར་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་ཟེར།

རྒྱ་ནག་གིས་ངོ་རྒོལ་བྱེད་ཀྱིན་མ་ལྟོས་པར། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ལོ་འདིར་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་ཅེས་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ བྷེལ་ བྷུར་ཊོན་ Bill Burton གྱིས་བཤད་འདུག

ཕྱི་ཚེས་ ༢ ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཀྲུའུ་ཝེ་ཆོན་གྱིས་གལ་སྲིད་སྲིད་འཛིན་ཨོ་བྷ་མས་ལོ་འདིར་ཏཱ་ལའི་བླ་མར་མཇལ་འཕྲད་གནང་ཚེ། ང་ཚོས་དེར་བསྟུན་གྱི་ཡ་ལན་ཚ་ཐག་གཅོད་འབུལ་གྱི་ཡིན་ཚུལ་ཉེན་བརྡ་བཏང་ཡོད།

ཉིན་དེར་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། སྲིད་འཛིན་ཨོ་བྷ་མ་ལོ་འདིར་ཏཱ་ལའི་བླ་མར་མཇལ་འཕྲད་གནང་རྒྱུ་རེད། ལོ་སྔོན་མར་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ལ་ཕེབས་སྐབས་ཀྱང་གནད་དོན་འདི་རྒྱ་ནག་གི་མགོ་ཁྲིད་ཚོར་བཤད་ཡོད་པ་རེད། དེ་བཞིན་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་སྟེང་བརྩི་བཀུར་ཡོད་པའི་ཆོས་ལུགས་དང་རིག་གཞུང་གི་དབུ་ཁྲིད་ཅིག་རེད་ལ། སྲིད་འཛིན་མཆོག་ཀྱང་ཁོང་ལ་མཚན་གནས་འདིའི་ཐོག་ནས་མཇལ་གིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

8 thoughts on “མཇལ་འཕྲད་གནང་རྒྱུ་ཡིན།

  1. རྒྱ་ནག་གིས་ཅི་བཤད་ལ་མ་ལྟོས་པར་ཨ་རིའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་དེ་ཨ་རིའི་རྩ་དོན་གྱི་ལངས་ཕྱོགས་སྟོན་པའི་བརྡ་དོན་ཞིག་ཏུ་གྱུར་ཡོད། གལ་སྲིད་ཨ་རིའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་ཀྱི་གོ་སྐབས་མ་བླངས་པ་ཡིན་ན་ཨ་རི་རྒྱལ་ཁབ་ཀྱིས་རྒྱལ་ཚོགས་ཁྲོད་དབང་ཤུགས་ཆེ་ཤོས་དང་། ཤུགས་རྐྱེན་ཆེ་ཤོས་ཀྱི་གནས་བབ་ཟིན་ཡོད་པ་འཛམ་གླིང་རྒྱལ་ཁབ་གཞན་དག་ལ་ར་སྤྲོད་བྱེད་ཐུབ་ཀྱི་མེད་པ་དང་། ཐེ་ཝན་གྱི་ཆེད་དུ་མུ་མཐུད་ནས་སྐད་ཆ་བཤད་པར་ཆེ་མཐོང་ཡོད་པའི་གནས་བབ་དེ་ཡང་ཤོར་འགྲོ་གི་རེད།

  2. དྲ་གྲོགས་གཅན་བཟོད་རྒྱམ་ལགས།

    ཁྱེད་ཀྱི་མཆན་བུའི་ནང་༼མཇལ་འཕྲད་གནང་མིན་དེ་གཙོ་བོ་མ་རེད། མཇལ་འཕྲང་གནང་རུང་བོད་ལ་ཕན་པའི་ལས་ཀ་གཅིག་ཀྱང་བྱེད་མ་ཐུབ་ན། ཡང་བོད་འདི་ཨ་རིའི་ལག་གི་སྐམ་པར་གྲུར་སོང་བ་མ་རེད་དམ། ༽དེ་ལྟར་གསལ་འདུག་པར།་གུས་པས་ཚིག་འགའ་ཞུ་སྙིང་འདོད་བྱུང་བར་དགོངས་འགལ་མེད་པ་ཞུ།་

    ༡།་་་་་་༸གོང་ས་མཆོག་གིས་རྒྱལ་ཁབ་ཆེ་ཆུང་ཇི་འདྲ་ཞིག་གི་དབུ་ཞཁྲིད་དང་ལྷན་དུ་མཇལ་འཕྲད་གནང་ཀྱང་ད་བར་བོད་དོན་དང་བོད་མི་མང་ལ་མི་ཕན་བའི་ལོ་རྒྱུས་ཀྱི་བདེན་དཔང་སྣ་གཅིག་ཁྱོད་ལ་སྟོན་རྒྱུ་ཡོད་དམ།་
    ༢།་་་་༸་གོང་ས་མཆོག་ལ་ཡོངས་གྲགས་སེམས་བསྐྱེད་གསུམ་མངའ་བ་ལས་གསུམ་པ་དེ་གང་ཡིན་ཁྱེད་ཀྱིས་མི་མཁྱེན་ནམ།
    ༣།་་་་་༸གོང་ས་མཆོག་ས་གནས་གང་དུ་ཕེབས་པ་དང།སུ་འདྲ་ཞིག་དང་མཇལ་འཕྲད་གནང་ཡང་བོད་དོན་དང་བོད་མི་རིགས་ཀྱི་ལས་དབང་ཐུགས་ཁོང་ལ་རྒྱུན་དུ་བཅངས་ནས་བཞུགས་མེད་དམ།

    དེ་རིང་དེ་ཙམ་ཡིན།་ཕྱིས་སུ་མཆན་བུ་འདེབས་སྐབས་འགན་ལེན་ཡོད་པའི་ཐོག་དགོངས་ཚུལ་གསུངས་གལ་ཆེ་བར་སྙམ།

    དྲ་་གྲོགས་ཤིག་གི་བསམ་ཚུལ་ཙམ་ཡིན་པས་ལན་འདེབས་གནང་སྐྱོངས་ཞུ་རྒྱུ་དང་།དགོངས་འགལ་མེད་པ་ཞུ་རྒྱུ་བཅས།