ཡུ་གུར་བ་གཉིས་ཀྱི་གནས་བབ།

ཉེ་ཆར་ཨ་རིའི་བཙོན་ཁང་གྷོན་ཊ་ན་མོ་ བྷེ་ Guantanamo Bay ནས་གློད་པའི་རྒྱ་ནག་གི་ཡུ་གུར་བཙོན་པ་ ༢ སུད་སིའི་གཞུང་གིས་སྐྱབས་བཅོལ་དུ་ངོས་ལེན་བྱས་འདུག

ཕྱི་ཚེས་ ༤ ཉིན་ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༣ ཉིན་སུད་སིའི་གཞུང་གིས་ཨ་རིའི་བཙོན་ཁང་ གྷོན་ཊ་ནམ་མོ་ བྷེ་ ནས་གློད་གྲོལ་ཐོབ་མ་ཐག་པའི་ཡུ་གུར་མི་རིགས་གཉིས་མི་ཚེའི་བདེ་རྩ་གཞིར་བཟུང་སྐྱབས་བཅོལ་དུ་ངོས་ལེན་བྱས་འདུག་ལ། ཁོང་གཉིས་ཉེ་ཆར་ཨ་རི་ནས་ཡུལ་དེར་སླེབས་ཡོད་འདུག  ཕྱི་ཚེས་ ༤ ཉིན་རྒྱ་གཞུང་གིས་དེར་ངོ་རྒོལ་ཤུགས་ཆེར་བྱས་ཡོད་ལ་ཕྱི་འབྲེལ་མགྲིན་ཚབ་པས་ཀྱང་སུད་སི་གཞུང་གིས་དོན་གནད་དེ་རིགས་ལ་ལངས་ཕྱོགས་བཟུང་བ་ཡིན་ན། ཡུལ་གཉིས་བར་གྱི་འབྲེལ་བར་དོ་ཕོག་འབྱུང་གི་རེད་ཅེས་དང་ཡང་ཁོང་གིས་ཡུ་གུར་བ་དེ་ཚོ་ནི་ཤར་ཕྱོགས་ཀྱི་ཏུར་ཀི་སི་ཐན་གྱི་ཁ་ཆེ་དྲག་སྤྱོད་པ་རེད་ཅེས་སྐྱོན་འཛུགས་ཀྱང་བྱས་འདུག

ཡིན་ཡང་ཚེས་ ༣ ཉིན་སུད་སི་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་སུད་སིས་མི་ཚེའི་བདེ་རྩར་གཞིར་བཟུང་། ཉེ་ཆར་ཨ་རིའི་བཙོན་ཁང་ནས་གློད་གྲོལ་ཐོབ་པའི་རྒྱ་ནག་གི་མི་སེར་ཡིན་པའི་ཡུ་གུར་བཙོན་པ་དེ་གཉིས་ལ་ཞིབ་འཇུག་བྱས་ཀྱང་དྲག་སྤྱོད་ཚོགས་པར་འབྲེལ་བ་ཡོད་པའི་བདེན་དཔང་གང་ཡང་མེད་སྟབས།  ཁོང་གཉིས་ལ་ཡུལ་དེར་རང་དབང་ངང་གནས་སྡོད་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་ཚུལ་བརྗོད་ཡོད་འདུག

ཤེས་རྟོགས་བྱུང་བ་ལྟར་ན་སུད་སིས་ངོས་ལེན་བྱས་པའི་ཡུ་གུར་བ་དེ་གཉིས་ནི་སྤུན་ཡིན་ལ། དབྱེ་ཞིབ་པས་བཤད་ན་སུད་སི་གཞུང་གིས་ཡུ་གུར་བཙོན་པ་དེ་གཉིས་ངོས་ལེན་བྱས་པ་དེས་རྒྱ་གཞུང་ལ་ཁོང་ཁྲོ་ཆེན་པོ་ཞིག་བསླངས་ཡོད་པ་མ་ཟད། ཨོ་བྷ་མའི་སྲིད་གཞུང་ལའང་དཀའ་ངལ་ཞིག་ཉུང་དུ་སོང་ཡོད་པ་རེད་ཟེར།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ཡུ་གུར་བ་གཉིས་ཀྱི་གནས་བབ།

  1. རང་དབང་དང་རང་མོས་ཅན་གྱི་སུད་སུ་གཞུང་ནི་ངོ་མ་དམང་རྩོ་རྒྱལ་ཁབ་ཞིག་ཡིན་པར་ར་སྤྲོད་བྱས་པ་རེད་

  2. ཅོ་རི་ཉི་མ།

    སུད་སི་ལུང་པ་ཆུང་ཆུང་ཞིག་ཡིན་ཡང་དྲང་བདེན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོབ་བྱས་མཁན་གྱི་རྒྱལ་ཁབ་ཡག་རབས་ཤིག་རེད།