མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་སུ་བྱུང་བ་དེ་མི་ཚང་གཉིས་ཀྱི་རྩོད་རྙོག

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གི་རྩོད་རྙོག་ནི། ཆོལ་ཁ་དང་ཆོས་ལུགས་ཀྱི་རྩོད་རྙོག་མིན་པར་མི་ཚང་གཉིས་ཀྱི་རྩོད་རྙོག་རེད་ཟེར།

ཕྱི་ཚེས་ ༧ ཉིན་འོད་དཀར་དྲ་ཚིགས་ཀྱི་གོ་སྒྲིག་འོག་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་ནང་། འབྱུང་འགྱུར་བཀའ་བློན་ཁྲི་པ་འདེམས་བརྐོ་ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་འདུག་ལ། བགྲོ་གླེང་ཚོགས་འདུའི་སྟེང་གདན་ཞུའི་བགྲོ་གླེང་བ་རྣམས་ནི་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་དང་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་ཟུར་བ་དང་ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དབང་འདུས། བོད་དོན་འཐབ་རྩོད་པ་དང་རྩོམ་པ་བོ་བསྟན་འཛིན་བརྩོན་འགྲུས་དང་བོད་ཀྱི་གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས་བཅས་ཡིན་འདུག

ཉིན་དེར་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ད་ལྟ་སྤྱི་ཚོགས་ནང་དུ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པར་གཞོན་སྐྱེས་ཤིག་དགོས་པ་རེད་ཟེར་བ་དང་བུད་མེད་ཅིག་དགོས་པ་རེད་ཟེར་མཁན་སོགས་ཡོད་ནའང་། བཀའ་བློ་ཁྲི་པ་དེ་སྲིད་བྱུས་ལག་བསྟར་བྱེད་མཁན་ཡིན་སྟབས། ངས་ཤེས་ཡོན་དང་དཔལ་འབྱོར་ཕྱོགས་ནས་སྔར་དང་མི་འདྲ་བར་གསར་ཏུ་གཏན་འབེབས་གནང་ཐུབ་མཁན་ཞིག་དགོས་པ་གལ་ཆེན་པོར་མཐོང་གི་ཡོད་ཅེས་གསུངས་པ་དང་། ལྡི་ལི་དོན་གཅོད་དྲུང་ཆེ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ ༢༠༡༡ ལོའི་བཀའ་ཁྲི་དེ་དེང་སང་དྲ་རྒྱ་ཁག་དང་གསར་ཤོག་ཁག་བཅས་སུ་ཤུགས་ཆེར་གླེང་གི་འདུག་ལ། སྔོན་དང་མི་འདྲ་བར་བཀའ་ཁྲི་ལ་གཞོན་སྐྱེས་ཤིག་དགོས་པ་རེད་ཟེར་མཁན་ཤུགས་ཆེན་པོ་རེད།  སྔོན་མ་བཀའ་ཁྲི་ལབ་ན་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་དུ་ལོ་དྲུག་ཅུ་ཡན་མ་གཏོགས་མིག་ལམ་ལ་ཤར་གི་མེད་པ་དང་།  ལོ་དྲུག་ཅུ་མ་ལོན་པ་དག་གི་དོ་བདག་སྒེར་གྱིས་ཀྱང་བཀའ་ཁྲི་འཇོན་གི་མ་རེད་བསམ་བསྡད་ཡོད།

ང་ཚོའི་མང་གཙོ་ནི་༧གོང་ས་མཆོག་གིས་མར་གསོལ་རས་སུ་གནང་བ་རེད།  མི་ལོ་ལྔ་བཅུའི་ཉམས་མྱོང་སྟེང་ནས་མི་མང་གིས་ཀྱང་གཞོན་སྐྱེས་དགོས་ཀྱི་འདུག་ཅེས་མང་གཙོ་ཚད་ལྡན་གྱི་ཕྱོགས་སུ་གོམ་པ་སྤོ་གི་འདུག ངས་དཔེ་ཞིག་བཞག་ནས་ཞུས་ན་ང་རང་བཀའ་ཁྲི་ལ་གཞོན་སྐྱེས་དགོས་ཟེར་མཁན་ཞིག་ཡིན། འཛམ་བུ་གླིང་གི་འགྲོ་སྟངས་ལྟར་དྲུང་ཆེ་དང་གཞུང་གི་ལས་ཀ་གལ་ཆེན་བྱེད་མཁན་དག་ལོ་བཞི་བཅུའི་ཡན་དང་ལོ་དྲུག་ཅུ་ལས་མ་བརྒལ་བ་དགོས་པ་རེད། ལོ་དྲུག་ཅུ་ལས་བརྒལ་བ་ཚོའི་སེམས་ཀྱིས་ལྕོགས་ཀྱང་ལུས་པོས་མི་ལྕོགས་པ་དང་།  གཞུང་གི་ལས་བྱེད་ལ་ལོ་དྲུག་ཅུ་མ་བརྒལ་བ་དགོས་ན་བཀའ་ཁྲི་ལ་དེ་བས་ཀྱང་དགོས་པ་རེད་ཅེས་དང་། ཡང་ཁོང་གིས་གཙོ་ཆེ་ཤོས་མ་འོངས་པའི་བཀའ་ཁྲི་དེ་༧་གོང་ས་མཆོག་བཀའ་གསུང་ཅི་སྒྲུབ་བྱེད་མཁན་ཞིག་དང་།  རབ་བྱུང་ན་༧གོང་ས་མཆོག་གིས་བཀའ་སློབ་མ་གསུང་སྔོན་དུ་གྲ་སྒྲིག་བྱེད་ཐུབ་མཁན་ཞིག་དགོས་པ་རེད་ཅེས་གསུངས་ཡོད།

གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས་ཀྱིས་དེ་རིང་འདིར་རྒན་པ་ཚོས་བཀའ་ཁྲི་རྒན་པ་དང་གཞོན་པ་ཚོས་གཞོན་པ་དགོས་ཀྱི་འདུག་གསུངས་སྟབས། ངས་མ་འོངས་པའི་བཀའ་ཁྲི་དེ་ཡང་སྤྱི་འཐུས་གྲོས་ཚོགས་ལྟར་ཁག་གཉིས་འབྱུང་རྒྱུ་རེད་དྲན། ཁ་སང་སྐུ་ཚབ་ཚོགས་པ་བོད་ལ་མ་ཕེབས་སྔོན་ལ་རྒྱ་ནག་གིས་༧གོང་ས་མཆོག་གིས་བོད་ཀྱི་ཚབ་བྱེད་མི་ཐུབ་ལ་བཙན་བྱོལ་བོད་གཞུང་གིས་ཀྱང་བོད་མི་མང་གི་ཚབ་བྱེད་མི་ཐུབ་ཅེས་བཤད་ཀྱིན་འདུག  དེར་བརྟེན་མ་འོངས་པའི་བཀའ་ཁྲི་གསར་བའི་ངོས་ནས་བཙན་བྱོལ་བོད་གཞུང་འདི་གཞུང་ཚད་ལྡན་ཞིག་དང་མང་གཙོ་ཚད་ལྡན་ཞིག་ཡིན་པ་མཚོན་ཐུབ་དགོས་པ་རེད།  འདི་གདམ་ནོར་མ་ཡོང་བ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།  

བོད་རང་དབང་འཐབ་རྩོད་པ་དང་རྩོམ་པ་བོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དེ་རིང་བགྲོ་གླེང་འདིར་བཀའ་མོལ་མང་ཆེ་བ་བཀའ་བློན་ཁྲི་པའི་སྐོར་ཆགས་སོང་།  ངས་བསམ་ན་སྤྱི་འཐུས་སྐོར་གལ་ཆེན་པོ་རེད་དྲན་གི་ཡོད་རེད། གང་ཞེ་ན།  ང་ཚོའི་གྲོས་ཚོགས་ནང་ལས་ཀ་བྱེད་བདེ་བོ་མེད་པའི་དཀའ་ངལ་འཕྲད་ཡོད།  ད་ང་ཚོས་འགྱུར་བ་གཏོང་ན་གྲོས་ཚོགས་ནང་གཏོང་དགོས་ཀྱི་འདུག

ལོ་སྔོན་མའི་ཕྱི་ཟླ་དགུ་བའི་གྲོས་ཚོགས་ནང་མི་གཅིག་གི་ལམ་གྲོན་ཐད་ནས་རྙོག་དྲ་ལངས་ཏེ་གྲོས་ཚོགས་འཚོགས་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་རེད།  འདི་ལ་རྒྱ་གར་ཙམ་མིན་པར་ཕྱོགས་མཐའ་ཁག་ན་ཡོད་པའི་བོད་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ཀྱིན་ཡོད།  བོད་མི་ཚོས་འདི་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་རེད་དྲན་བསྡད་ཡོད་མོད། དོན་དངོས་ཐོག་དེ་འདྲ་མ་རེད།   གྲོས་ཚོགས་ནང་ལ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་དེ་ནི་མི་ཚང་གཉིས་ ཀྱི་རྩོད་རྙོག་རེད།  འདི་མི་མང་གིས་ཤེས་དགོས་པ་རེད།  འདི་དངོས་ཡོད་གནས་ཚུལ་ཡིན་ལ་ང་འདིའི་ཆེད་དུ་གྲོས་ཚོགས་ནང་ལྟ་གི་འགྲོ་མྱོང་། མི་ཚང་གཉིས་ཀྱི་རྙོག་དྲ་དེ་མི་མང་གིས་ཤེས་དགོས་པ་གལ་ཆེན་པོ་རེད། འདི་གྲོས་ཚོགས་ནས་ཐག་གཅོད་ཐུབ་རྒྱུ་ཁག་པོ་རེད། མི་མང་གིས་འདི་ལ་བསམ་བློ་བཏང་ནས་ཐག་གཅོད་དགོས་པ་རེད།  སྤྱིར་བཏང་མི་མང་ངོས་ནས་སྤྱི་འཐུས་དང་བཀའ་ཁྲི་ལ་འོས་བླུག་ནས་བ་གླང་བཞིན་རིའི་སྒང་ལ་བཏང་ནས་ལྟ་གི་མེད་པ་འདི་ནོར་འཁྲུལ་རེད།  སྤྱི་འཐུས་ཀྱིས་ག་རེ་ལས་གི་འདུག  མ་འཇོན་པ་ག་རེ་འདུག་བསམ་བློ་གཏོང་དགོས་པ་དང་ཡོ་བསང་བྱེད་དགོས་པ་རེད།   རང་གིས་འོས་བླུག་པ་དེས་ནོར་འཁྲུལ་ག་རེ་བྱེད་ཀྱི་འདུག དེ་བསྒྱུར་བཅོས་ཐད་བོད་གཞུང་ལ་སྐད་ཆ་ག་རེ་ཞུས་ན་ཕན་གི་ཡོད་མེད་ལ་བསམ་བློ་གཏོང་དགོས་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༢ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 27

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    འོ་དྲ་གྲོགས་བློ་བཟང་ལགས། མཚམས་འདྲེལ་བཀྲ་ཤིས་བདེ་ལེགས་དང་ཆབ་ཅིག་ཁྱོད་དྲི་བ་ཞིག་ཡོད། གོང་དུ་ཁྱོད་ཀྱི་བཀྲ་ཤེས་སྒྲོལ་མ་ལ་ལེན་འདེབས་བྲིས་པའི་ནང་དུ། རྒྱ་དམར་ནག་གཉིས་ཀྱི་འདོད་དོན་སྒྲུབ་སྟེ་སྤྱི་ཚོགས་འདི་ཞི་བདེ་དང་ལྷིང་འཇགས་མེད་པ་བཟོ་མཁན་མི་ངན་འཇུ་ཆེན་ཐུབ་བསྟན་ཁོ་ན་ལས་གཞན་སུ་ཡོད། ཞེས་འཁོས་འདུག། འཇུ་ཆེན་ཐུབ་བསྟན་སྐོར་ངས་མི་ཤེས། རྒྱལ་དམར་ནག་གཉིས་ཟེར་བ་གང་ལ་གོ་དགོས་སམ།

    Reply
  2. ཐོག་རྒོད། says:
    ལོ་ 17 སྔོན།

    མི་ཚང་གཉིས་ཀྱི་རྙོག་གྲ་རེད་ལབ་ན་ག་རེ་ལབ་ལེ་རེད??????????
    སྤྱི་འཐུས་སྒྲོལ་མ་མཆོའི་མི་ཚང་དང། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་མི་ཚང་གཉིས་རེད་དམ????????????གཞན་གང་རེད། ཤེས་ན་གསལ་བཤད་དགོས་ལེ་རེད།ཆོལ་ཁའི་རྙོག་གྲ་རེད། ང་ཚོ་ཁམས་པ་ལ་སྡུག་པོ་གཏང་གིས། ང་ཚོས་ཨར་རྟེན་གི་མི་འདུག ཅེས་གྲོས་ཚོགས་ནང་བྷིར་ནས་ཡིན་པའི་བླ་མ་ཨོ་རྒྱན་རྒྱོ་རྒྱག་རིན་པོ་ཆེ་དེས་བཤད་མ་སོང་ངམ???????
    ད་ཆོལ་ཁའི་རྙོག་གྲ་མ་རེད་ལབ་ག་རེ་ལབ་ལེ་རེད་དམ????????????? ག་དུས་ཡིན་ཡང་མ་ཤེས་ཤེ་མདོག་རང་རེད། འདི་འདྲའི་སྐྱག་རྫུན་འདྲ་མིན་གིས་མ་ཤེས་ཤེ་མདོག་བྱེད་དུས་རྒྱ་མའི་མིག་ནང་ང་ཚོའི་ལས་འགུལ་པ་ཚོ་ཇེ་ཆུང་འགྲོ་བཞག་ས་རེད།

    Reply
  3. ཐོག་རྒོད། says:
    ལོ་ 17 སྔོན།

    མི་ཚང་གཉིས་ཀྱི་རྙོག་གྲ་རེད་ལབ་ན་ག་རེ་ལབ་ལེ་རེད??????????
    སྤྱི་འཐུས་སྒྲོལ་མ་མཆོའི་མི་ཚང་དང། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་མི་ཚང་གཉིས་རེད་དམ????????????གཞན་གང་རེད། ཤེས་ན་གསལ་བཤད་དགོས་ལེ་རེད།ཆོལ་ཁའི་རྙོག་གྲ་རེད། ང་ཚོ་ཁམས་པ་ལ་སྡུག་པོ་གཏང་གིས། ང་ཚོས་ཨར་རྟེན་གི་མི་འདུག ཅེས་གྲོས་ཚོགས་ནང་བྷིར་ནས་ཡིན་པའི་བླ་མ་ཨོ་རྒྱན་རྒྱོ་རྒྱག་རིན་པོ་ཆེ་དེས་བཤད་མ་སོང་ངམ???????
    ད་ཆོལ་ཁའི་རྙོག་གྲ་མ་རེད་ལབ་ག་རེ་ལབ་ལེ་རེད་དམ????????????? ག་དུས་ཡིན་ཡང་མ་ཤེས་ཤེ་མདོག་རང་རེད། འདི་འདྲའི་སྐྱག་རྫུན་འདྲ་མིན་གིས་མ་ཤེས་ཤེ་མདོག་བྱེད་དུས་རྒྱ་མའི་མིག་ནང་ང་ཚོའི་ལས་འགུལ་པ་ཚོ་ཇེ་ཆུང་འགྲོ་བཞག་ས་རེད།

    Reply
  4. ཐོག་རྒོད། says:
    ལོ་ 17 སྔོན།

    མི་ཚང་གཉིས་ཀྱི་རྙོག་གྲ་རེད་ལབ་ན་ག་རེ་ལབ་ལེ་རེད??????????
    སྤྱི་འཐུས་སྒྲོལ་མ་མཆོའི་མི་ཚང་དང། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་མི་ཚང་གཉིས་རེད་དམ????????????གཞན་གང་རེད། ཤེས་ན་གསལ་བཤད་དགོས་ལེ་རེད།ཆོལ་ཁའི་རྙོག་གྲ་རེད། ང་ཚོ་ཁམས་པ་ལ་སྡུག་པོ་གཏང་གིས། ང་ཚོས་ཨར་རྟེན་གི་མི་འདུག ཅེས་གྲོས་ཚོགས་ནང་བྷིར་ནས་ཡིན་པའི་བླ་མ་ཨོ་རྒྱན་རྒྱོ་རྒྱག་རིན་པོ་ཆེ་དེས་བཤད་མ་སོང་ངམ???????
    ད་ཆོལ་ཁའི་རྙོག་གྲ་མ་རེད་ལབ་ག་རེ་ལབ་ལེ་རེད་དམ????????????? ག་དུས་ཡིན་ཡང་མ་ཤེས་ཤེ་མདོག་རང་རེད། འདི་འདྲའི་སྐྱག་རྫུན་འདྲ་མིན་གིས་མ་ཤེས་ཤེ་མདོག་བྱེད་དུས་རྒྱ་མའི་མིག་ནང་ང་ཚོའི་ལས་འགུལ་པ་ཚོ་ཇེ་ཆུང་འགྲོ་བཞག་ས་རེད།

    Reply
  5. དོན་འགྲུབ་ says:
    ལོ་ 17 སྔོན།

    ༄༅། རྒྱལ་ཞེན་པ་བསྟན་འཛིན་བརྩོན་འགྲུས་ལགས་ལ་གུས་བཀུར་ཡོད། ཡིན་ཡང་ཁོང་གིས་ “གྲོས་ཚོགས་ནང་ལ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་དེ་ནི་མི་ཚང་གཉིས་ཀྱི་རྩོད་རྙོག་རེད།” ཞེས་གསུང་དུས་མི་ཚང་གཉིས་པོ་དེ་དབང་ཆ་ཐབ་རྩོད་པ་དང། ད་ལྟའི་སྤྱི་འཐུས་རྣམས་མི་ཚང་གཉིས་ཀྱི་ཨབ་ཕྲུག་རེད་གསུང་གི་ཡོད་རེད་པས། སྤྱི་འཐུས་ཚང་མ་མི་ཚང་གཉིས་ཀྱི་བཀོད་བྱུས་འོག་འགྲོ་གི་ཡོད་རེད་པས། “སྤྱི་འཐུས་ཚོར་རྒྱ་དམར་ནང་བཞིན་དོགས་ཟོན་བྱེད་དགོས་པ་མཐོང་གི་འདུག” ཞེས་ཡང་གསུང་འདུག་པས་སྐད་ཆ་དེ་ཚོ་ཐལ་ཆ་ཆེ་དྲག་མ་རེད་པས། འདི་ལྟ་བུའི་བཀའ་མོལ་གནང་ནས་དོན་ཅི་ཞིག་འགྲུབ་རེ་ཡོད། ཡང་ན་དྭོགས་གཞི་ཅན་གྱི་སྤྱི་འཐུས་རྣམས་ཀྱི་མཚན་ཨ་རུ་ར་ལག་འཐིལ་སྟེང་དུ་བཞག་པ་ལྟར་མིང་འདོན་གནང་ན་ཕན་ངེས་ཅན་རེད།

    Reply
  6. བཀྲ་ཤིས་སྒྲོལ་མ། says:
    ལོ་ 17 སྔོན།

    དྲྭ་གྲོགས་བློ་བཟང་ལགས། རྩོམ་འཁྱར་འདི་འདྲ་ཞིག་ཡོད་རབས་ཀྱི་གཏམ་གོ་མྱོང་། འོན་ཀྱང་མཐོང་མ་མྱོང་། ཉིད་ལ་དཀའ་ཚེགས་རེད་དེ་ཉིད་ལ་ཡོད་ན་འདིར་ཚང་མ་འགོད་རོགས། ཤེས་རྟོགས་ཀྱི་ཆེད་དུ་བལྟ་འདོད་འདུག

    Reply
  7. lobsang says:
    ལོ་ 17 སྔོན།

    བཀྲ་ཤིས་སྒྲོལ་མ་ཁྱེད་རང་གི་བསམ་ཚུལ་དེ་མཐོང་དུས། ངས་ཀྱང་ཕྱི་ལོ་༢༠༠༨ ལོའི་ཟླ་་ ༡༡་ནང་འཇུ་ཆེན་སྐོར་གྱི་ཡིག་འཁྱར་ཞིག་ལག་སོན་བྱུང་བ་ཁ་བྱང་ལ་(མི་ངན་ལ་ཤི་རྒྱུ་མེད། གོས་ངན་ལ་ཟད་རྒྱུ་མེད་)ཞེས་པའི་རྩོམ་འཁྱར་དེའི་ནང་དུ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་ལ་གཞི་མེད་ཀྱི་དཀྲོགས་གཏམ་དང་དཀྲུག་ཤིང་ཁོ་ནར་བརྟེན་ནས་རྙོག་གླེང་དང་འགལ་ཟླ་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་ལ། རྒྱ་དམར་ནག་གཉིས་ཀྱི་འདོད་དོན་སྒྲུབ་སྟེ་སྤྱི་ཚོགས་འདི་ཞི་བདེ་དང་ལྷིང་འཇགས་མེད་པ་བཟོ་མཁན་མི་ངན་འཇུ་ཆེན་ཐུབ་བསྟན་ཁོ་ན་ལས་གཞན་སུ་ཡོད། ཞེས་པའི་རྩོམ་འཁྱར་དེ་བཀྲ་ཤིས་སྒྲོལ་མ་ཁྱེད་རང་གི་མཐོང་སོང་ངམ། ཁྱེད་རང་གིས་མཐོང་མེད་ན་ངས་ཁྱེད་རང་ལ་མུ་འགོད་བྱེད།

    Reply
  8. བོད་ཀྱི་བུ། says:
    ལོ་ 17 སྔོན།

    ང་ཚོའི་སྤྱི་ཚོགས་ནང་རྙོག་དྲ་སློང་མཁན་འདི་ཚོས་མི་གཞན་ལ་སྐྱོན་འཛུགས་ཀྱིས་ཅི་མི་སྙམ་པའི་གཏམ་བཤད་རྫིག་པོ་རེ་བྱེད་ཡོང་དུས་ང་ཧ་ལེ་ཡོང་འདུག

    Reply
  9. བཀྲ་ཤིས་སྒྲོལ་མ། says:
    ལོ་ 17 སྔོན།

    རེད་རེད། འདི་ལ་ཡང་རྒྱུ་མཚན་གཞན་ཞིག་ཡོད། འོན་ཀྱང་ད་གླེང་ནས་དགོས་པ་མི་འདུག་སྙམ།

    Reply
  10. བོད་ཀྱི་བུ། says:
    ལོ་ 17 སྔོན།

    བཀྲ་སྒྲོལ་མིང་ཅན་ལགས། སྐབས་དེར་སྒོ་དྲུག་ལན་ཡོད་ནའང་འདྲ། བློ་བཟང་ཡེ་ཤེས་ལན་ཡོད་ནའང་འདྲ། དོན་དངོས་གཞོན་ནུ་ཚོགས་པའི་ནང་དུ་རྙོག་དྲ་སློང་མཁན་གྲས་སུ་ད་དུང་བསྟན་འཛིན་བརྩོན་འགྲུས་ཀྱང་ཡོད་པ་ཤེས་ཀྱི་ཡོད་རྒྱུ་རེད།

    Reply
  11. བཀྲ་ཤིས་སྒྲོལ་མ། says:
    ལོ་ 17 སྔོན།

    དྲྭ་གྲོགས་བོད་ཀྱི་བུ་ལགས། འདིའི་སྐོར་ངས་གསལ་བོ་ཤེས་ཀྱི་ཡོད། སྒོ་དྲུག་ལན་པ་མ་རེད། སྐབས་དེ་དུས་ཀྱི་ཚོགས་གཞོན་བློ་བཟང་ཡེ་ཤེས་ལན་པ་རེད། འདིའི་ཐད་ནས་ང་ལ་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད། དངོས་གནས་ཡིན།

    Reply
  12. བོད་ཀྱི་བུ། says:
    ལོ་ 17 སྔོན།

    ད་དུང་བློ་བཟང་ཡེ་ཤེས་ཟེར་བ་དེས་བཤད་སྟངས་ལ་ལྟོས་དང་། ཁོ་ཡང་གཞོན་ནུ་ཚོགས་པ་ནས་ཇི་ལྟར་དོན་མིན། སྒོ་དྲུག་དང་འཐབ་རྩོད་ག་ཚོད་བྱས་ཡོད་མེད་དེ་ཚོ་གཙང་མ་བཟོས་རྗེས་སྐད་ཆ་བཤད་ན་འགྲིག་ས་རེད།

    Reply
  13. བོད་ཀྱི་བུ། says:
    ལོ་ 17 སྔོན།

    ད་བོད་རང་བཙན་དོན་གཉེར་བ་ཡིན་ཟེར་མཁན་གཞོན་སྐྱེས་ནང་དུ་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་དེའང་མི་གཉིས་རེད། དེ་ནི་བསྟན་འཛིན་བརྩོན་འགྲུས་དང་སྒོ་དྲུག་སྐལ་བཟང་ཕུན་ཚོགས་གཉིས་རེད། བཙན་བྱོལ་ནང་གི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་འདི་ཁ་སང་དེ་རིང་གནས་ལ་མ་གནས་ལའི་ས་མཚམས་སུ་སླེབས་འདུག་པ་འདི་ལ་གཟིགས་དང་འདི་ཡང་མི་གཉིས་ཀྱི་རྩོད་རྙོག་རེད། ཁ་བདེ་མདོག་ཁ་པོ་ཡོང་། དོན་དངོས་ཁོང་གཉིས་ཀྱི་བྱེད་སྟངས་ལས་སྟངས་འདི་ལ་ལྟོས་ཨ།

    Reply
  14. བཀྲ་ཤིས་སྒྲོལ་མ། says:
    ལོ་ 17 སྔོན།

    དྲྭ་གྲོགས་འཆམ་ར་དྲི་མེད་རྒྱལ་མཚན་ལགས། ཁྱོད་ཁོང་ཁྲོ་མ་ཟ་དང་། གུས་མོས་དད་པ་མེད་ཀི་ལབ་མེད། འདི་ལྟར་བསམ་ཡོང་དུས་ཐེ་ཚོམ་ཟ་གི་ལབ་ཡོད། སྒྲོ་འདོགས་གང་ཡང་བྱས་མེད། ཐེ་ཚོམ་ཟ་མ་ཆོག་པ་གང་ཡང་མཐོང་གི་མེད།

    Reply
  15. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 17 སྔོན།

    ཅི་ཞིག་བྲིས་ཀྱང་བྲིས་པ་དེ་རང་ཉིད་ཀྱིས་འགན་ཁུར་ཐུབ་པ་དགོས་རྒྱུ་དེ་བརྗེད་མི་ཉན།

    ༧གོང་ས་མཆོག་ལ་དད་པ་ཡོད་མེད་ཟེར་བའི་སྐད་ཆ་འདི་མི་ལོ་བཅུ་དྲུག་ཙམ་བོད་གཞུང་གི་བཀའ་བློན་བྱས་མྱོང་བའི་བཀའ་ཟུར་ཞིག་ལ་སྒྲོ་འདོགས་ཀྱིན་འདུག

    Reply
  16. བཀྲ་ཤིས་སྒྲོལ་མ། says:
    ལོ་ 17 སྔོན།

    དགོངས་དག བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ཞེས་པ་དེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་ཞེས་བཅོས་རོགས།

    Reply
  17. བཀྲ་ཤིས་སྒྲོལ་མ། says:
    ལོ་ 17 སྔོན།

    ངས་ཇི་ལྟར་བསམ་རུང་མི་ཚང་གཉིས་ངོས་ཟིན་མ་སོང་། བོད་ཀྱི་སྤྱི་འཐུས་ཚོར་ང་ལ་ཆ་རྒྱུས་ཅུང་ཟད་ཅིག་ཡོད། གལ་སྲིད་མདོ་སྟོད་སྤྱི་འཐུས་བསོད་ནམ་སྟོབས་རྒྱལ་ཚང་ཁྱིམ་ཚང་གཅིག་ཡིན་ན་དེ་འགྲིག་གི་མ་རེད། ཁོ་ལ་དམིགས་བསལ་གྱིས་སྟོབས་ཤུགས་གང་ཡང་མེད་ལ་ལྷག་པར་དུ་སྤྱིེ་འཐུས་ཚོགས་རྭར་དེ་འདྲའི་ནུས་པ་ཅན་ཞིག་ཀྱང་མིན། དེའི་ཕྱིར་ངས་ཇི་ལྟར་བསམ་རུང་མི་ཚང་གཅིག་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་འདི་ཚང་ཡིན་དགོས་ཀྱི་འདུག འདི་ཡང་ཡིན་སྟངས་ལ་རྒྱུ་མཚན་ཡོད། སྤྱིར་བཏང་ནས་ཁམས་པ་ཚོའི་ཕྱོགས་ཡོངས་ནས་དང་རྒྱུ་མཚན་སྣ་ཚོགས་པ་ཞིག་གི་སྒོ་ནས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་བརྩི་བཞིན་ཡོད་ལ་བཀུར་གི་རེད། འཇུ་ཆེན་ཐུབ་བསྟན་གྱི་ནུས་ཤུགས་དེ་མངོན་པར་གསལ་མིན་གྱི་སྒོ་ནས་སྤྱི་འཐུས་གྲོས་ཚོགས་རྭ་བའི་ནང་ཐོན་ཡོད། བསོད་ནམས་སྟོབས་རྒྱལ་ནི་འཇུ་ཆེན་གྱི་ལག་རྡོ་ཡིན་པ་གསལ་བོ་ཡིན། དེས་ན་མི་ཚང་གཅིག་རྒྱུ་མཚན་གྱི་སྒོ་ནས་རྙེད་སོང་། མི་ཚང་གཞན་དེ་སུ་ཡིན་ནམ། ཡང་ངས་འདས་པའི་ལོ་རྒྱུས་ལ་བསམ་བློ་བཏངས་ཡིན། ཇི་ལྟར་བསམ་རུང་མི་ཚང་གཞན་དེ་རྒྱལ་ལོ་དོན་འགྲུབ་ཚང་ཨེ་ཡིན་སྙམ་པའི་རྨོངས་འཆར་ཞིག་ཤར་སོང་། འོན་ཀྱང་འདི་ལ་རྒྱུ་མཚན་མི་རྙེད་གི། གལ་སྲིད་རྒྱལ་ལོ་དོན་འགྲུབ་ཚང་ཡིན་ཚེ་ཆེས་གསང་བའི་ཇུས་ཆེན་ཞིག་འདི་བ་ཁྱིམ་ཚང་གཉིས་ཀྱི་བར་ན་ཡོད་ནོ་ཁོ་ཐག་རེད། ཡང་རྒྱལ་ལོ་དོན་འགྲུབ་ཚང་ཡིན་ཚེ་ཁོང་༸གོང་ས་མཆོག་གི་སྤུན་མཆེད་རེད། འཇུ་ཆེན་༸གོང་ས་མཆོག་ལ་དད་གུས་གང་འདྲ་ཞིག་ཡོད་མེད་ཡང་ཐེ་ཚོམ་ཟ་དགོས་པ་རེད། ད་མི་བསམ། འདི་ལྟར་བསམ་དུས་བསམ་རྒྱུ་ཇེ་མང་དྲན་རྒྱུ་ཇེ་མང་རེད། སེམས་པ་མི་སྐྱིད་གི། དེ་རིང་མཚམས་འདི་ནས་འཇོག

    Reply
  18. དུག་ཚེར། says:
    ལོ་ 17 སྔོན།

    yes good

    Reply
  19. མི་ཆུང་། says:
    ལོ་ 17 སྔོན།

    དུས་ཚོད་འདི་འདྲར། གནས་འདི་འདྲར། ལམ་ལུགས་འདི་འདྲར། ད་དུང་གྲལ་རིམ་དང་སྐུ་ངོ་རྒྱགས་པ། རུལ་སུངས་དང་བག་མེད། སོགས་ཀྱིས་བདག་པོ་ཁྱིམ་ཚང་གཉིས་ཏེ། བོད་མི་དམངས་ཀྱིས་གྲོས་ཚོགས་ནང་དབྱེན་སྦྲོར་དཀྲུགས་ཤིང་རྒྱག་མཁན་དེ་གཉིས་སུ་ཡིན་མིན་ང་ཚོས་ངེས་པར་དུ་ཤེས་དགོས། ལས་འགུལ་བ་རྩོམ་པ་པོ་ཞིག་གིས་གང་བྱུང་དུ་བཤད་མི་སྲིད། འདི་ཚོ་རྩ་གཏོར་མ་བཏང་ན་ང་ཚོར་བོད་ཕྱི་ནང་གང་སར་བདེ་སྐྱིད་ཅིག་འཐོབ་མི་སྲིད།

    Reply
  20. ཙན་དན་ལོ་མ། says:
    ལོ་ 17 སྔོན།

    བསྟན་འཛིན་བརྩོན་འགྲུས་ཀྱིས་བཤད་པ་ལྟར། སྔར་ལོའི་གྲོས་ཚོགས་ཀྱི་རྙོག་དྲ་དེ་ཆོལ་ཁ་དང་ཆོས་ལུགས་བར་གྱི་རྙོག་དྲ་གང་ཡང་མ་རེད། དོན་དངོས་སུ་སྤྱི་ཚོགས་ནང་ཞིབ་འཇུག་བྱས་ནས། ཆོལ་ཁ་གསུམ་གྱི་མི་རབ་འབྲིང་ཐ་མ་སུ་འདྲ་ཞིག་ལ་དྲིས་ནའང་ཆོལ་ཁ་གསུམ་གྱི་བར་ལ་རྙོག་དྲ་འདི་བྱུང་བ་རེད་ཟེར་ནས་ཆོལ་ཁ་གསུམ་གྱི་བར་ལ་ལོ་རྒྱུས་ཀྱི་དཀའ་རྙོག་སྣ་གཅིག་ཀྱང་བྱུང་མྱོང་མི་འདུག ཡིན་ན་ཡང་གྲོས་ཚོགས་ནང་གི་མིང་ཁུར་དེང་རབས་ཀྱི་བསམ་བློ་དང་ཤེས་ཡོན་མེད་པའི་སྤྱི་འཐུས་འགའི་ཀླད་པ་ཀེན་སར་གྱི་ན་ཚ་ན་གི་ཡོད་པ་རེད། བྱས་ཙང་སྤྱི་འཐུས་མིང་ཁུར་རེ་གཉིས་ཀྱིས་བོད་མིའི་དམ་ཚིག་ལ་གནོད་ཚབས་ཆེ་བའི་ནད་ཁྲག་དང་ཆུ་སེར་གཏོང་གི་ཡོད་པ་རེད། མདོར་བསྡུས་ན་གྲོས་ཚོགས་ཀྱི་ནང་ཀླད་པར་ཀེན་སར་ན་ཚ་ཅན་ཡོད་པ་དང་། མི་འདི་ཚོས་བོད་པའི་སྤྱི་ཚོགས་ཧྲིལ་བོའི་བདེ་ཐང་རྩ་མེད་བཟོ་བྱེད་ཀྱི་ཀན་སར་སེལ་བོད་མིའི་སྤྱི་ཚོགས་གྲུ་ཟུར་གང་སར་ཁྱབ་གཏོང་བྱེད་ཀྱི་ཡོད་པ་རེད། དེའི་ཕྱིར་ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་རང་ཉིད་གྲོས་ཚོགས་ནང་མི་ངན་དེ་ཚོའི་ལག་ཆར་མི་འགྱུར་བ་བྱེད་རྒྱུ་གལ་ཆེ། སྤྱི་འཐུས་ཚོར་རྒྱ་དམར་ནང་བཞིན་དོགས་ཟོན་བྱེད་དགོས་པ་མཐོང་གི་འདུག

    Reply
  21. karma dorje says:
    ལོ་ 17 སྔོན།

    ལོ་སྔོན་མའི་ཕྱི་ཟླ་དགུ་བའི་གྲོས་ཚོགས་ནང་མི་གཅིག་གི་ལམ་གྲོན་ཐད་ནས་རྙོག་དྲ་ལངས་ཏེ་གྲོས་ཚོགས་འཚོགས་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་ནའང་རེད།
    གྲོས་ཚོགས་ནང་ལ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་དེ་ནི་མི་ཚང་གཉིས་ ཀྱི་རྩོད་རྙོག་ཡིན་ནའང་རེད། མི་མང་ལ་དགོས་ཡ་དེ། གྲོས་གཞིའི་ཐོག་གྲོས་ཚོགས་འཚོགས་ཐུབ་པ་དང་། གྲོས་ཆོད་ཡར་ཐོན་གསར་དུ་འཇོག་དགོས་པ་གཉིས་རེད། དེ་ནི་སྐབས་དེའི་ཚོགས་གཙོས་མ་འཇོན་པ་དང་ཚོགས་མིས་མ་བྱུང་བ་མ་རེད་པེ།

    Reply
  22. བཤད་སྒྲུབ says:
    ལོ་ 17 སྔོན།

    བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྐད་ཆ་འདི་སྡོམ་ཚིག་ཅིག་ལས་ཁ་གསལ་མི་འདུག་འདི་དངོས་ཡོད་བྱུང་བར་གཟིགས་ནས་ཤོད་གྱི་ཡོད་དམ་རྩོམ་པ་པོ་ཁོ་རང་གི་རྩོམ་པ་་རེད། དོན་དངོས་ཐོག་བཤད་ན་སྐབས་དེར་ཨ་མདོའི་མ་རྒན་ཞིག་ནས་སྨར་ཁམས་སྤོ་རྒན་ཞིག་གི་ལམ་འགྲོན་ཐོག་གླེང་བའི་གནས་ཚུལ་ཙམ་རེད།

    Reply
  23. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 17 སྔོན།

    གྲོས་ཚོགས་ནང་དུ་བྱུང་བའི་ལབ་གླེང་དེ་ཅི་ཡིན་མིན་བརྙན་དཔར་ནང་བལྟས་ན་ཤེས་ཐུབ་པས་དེ་ལ་གཏན་ཚིགས་སྔོན་དཔག་སོགས་ཅི་ཡང་སྤྱད་དགོས་དོན་མེད།

    Reply
  24. སེམས་བཟང་། says:
    ལོ་ 17 སྔོན།

    བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལོ་སྔོན་མའི་གྲོས་ཚོགས་ནང་རྙོག་སྒྲ་ལངས་ཏེ་འཚོགས་མ་ཐུབ་པའི་དཀའ་ངལ་བྱུང་བ་དེ་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་ཅིག་མིན་པར། དོན་དངོས་ཐོག་མི་ཚང་གཉིས་ཀྱི་རྩོད་རྙོག་ཅིག་ཡིན་པར་བཤད་པ་ནི་གནས་ཚུལ་ཆ་ཚང་ཤེས་པའི་སྐད་ཆ་རེད། འདིས་མཚོན་པའི་རྩོད་རྙོག་གང་མང་ཞིག་ལ་ཕྱི་བལྟས་བྱས་པ་ཡིན་ན། དེ་དག་ཕལ་ཆེ་བ་མི་ཚང་གི་རྩོད་རྙོག་ལ་བརྟེན་ནས་བྱུང་བ་ཅང་ཡིན་ཅིང་། གྲོས་ཚོགས་ཀྱི་རྩོད་རྙོག་དེ་ཡང་མདོ་སྟོད་ཀྱི་ཁྱིམ་ཚང་གཉིས་ཀྱི་འཐོབ་ཤོར་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་པོ་གསལ་རྐྱང་རེད། ཡིན་ནའང་ཁྱིམ་ཚང་གཉིས་པོའི་སྟོབས་ཤུགས་དང་ཐབས་ཇུས་བཟང་ཐག་ཆོད་དེ་མི་མང་ཆེ་བས་ཤེས་ཀྱི་མ་རེད་ལ། ཤེས་མཁན་ཚོ་ཡང་འཕགས་ཐུབ་ཀྱི་མ་རེད།

    Reply
  25. བཀྲ་ཤིས་སྒྲོལ་མ། says:
    ལོ་ 17 སྔོན།

    སྤྱིར་ཁོང་ཚོ་རེ་རེའི་སྐད་ཆར་དབྱེ་ཞིབ་བྱེད་འོས་པ་ཞིག་རེད། འོན་ཀྱང་ད་ལྟ་ང་རང་གི་དགོང་མོའི་ལས་དོན་འཇུག་མ་གྲུབ་པའི་མཚམས་འདིར་ཚང་མར་དབྱེ་ཞིབ་བྱེད་ཁོམ་མེད། ཡིན་ཡང་མི་གཅིག་གི་སྐད་ཆ་ཚིག་གཅིག་ལ་ཐད་ཀར་ལན་འདེབས་སམ་ཡང་དབྱེ་ཞིབ་ཅིག་མི་བྱ་ཐབས་མེད་ཆགས་འདུག ༼གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས་ཀྱིས་དེ་རིང་འདིར་རྒན་པ་ཚོས་བཀའ་ཁྲི་རྒན་པ་དང་གཞོན་པ་ཚོས་གཞོན་པ་དགོས་ཀྱི་འདུག་གསུངས་སྟབས། ངས་མ་འོངས་པའི་བཀའ་ཁྲི་དེ་ཡང་སྤྱི་འཐུས་གྲོས་ཚོགས་ལྟར་ཁག་གཉིས་འབྱུང་རྒྱུ་རེད་དྲན།༽ཞེས་པའི་ཚིག་དུམ་དེར་ངེས་པར་བསམ་དགོས་པ་འདི་ཡོད། སྐུ་ཉིད་དེ་འདྲའི་ཁག་གཉིས་ཆགས་རྒྱུར་སེམས་ཁྲལ་ཡོད་མཁན་ཞིག་དོན་དངོས་སྟེང་ཡིན། གུས་མོས་གསལ་བོ་ཤེས་ཀྱི་ཡོད། ཉིས་སྟོང་བདུན་ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་རྡི་ལིར་དབུས་གཞོན་ནུའི་དངོས་ནས་གཞི་རྒྱ་ཆེ་བའི་སྐད་འབོད་བྱེད་པའི་དུས་སྐབས་དེར་བསམ་བློར་འདི་འདྲ་འཁོར་མྱོང་ངམ། གནས་ཚུལ་ངས་གསལ་བོ་ཤེས་ཀྱི་ཡོད་ལ་སྤྱི་ཚོགས་ཀྱིས་ཀྱང་གསལ་བོ་ཤེས་ཀྱི་རེད། སྐབས་དེར་གཞོན་ནུའི་རྙོག་དྲའི་འབྱུང་ཁུངས་ཤེས་ཀྱི་ཡོད་དམ། ཡང་དང་བསྐྱར་དུ་གནས་ཚུལ་འདི་ཚོར་བསམ་དུས་སྐུ་ཉིད་སྤྱི་འཐུས་དང་བཀའ་ཁྲི་བཅས་ཕྱོགས་ཁག་གཉིས་ཆགས་རུང་བསམ་རྒྱུ་ཅི་ཞིག་ཡོད་མེད་ཤེས་ཐུབ་གི། བཤད་ཐུབ་ཀི། བསམ་ཐུབ་ཀི།

    Reply
  26. བཀྲ་ཤིས། says:
    ལོ་ 17 སྔོན།

    སྐད་ཆ་མི་ཚང་མས་བཤད་ཤེས་ཀྱི་རེད། ལག་ལེན་སྟར་མཁན་ཧ་ཅང་དཀོན་པོ་རེད།
    བཀའ་བློན་ཁྲི་བ་མ་ཟད་བོད་མི་སུ་ཡིན་རུང་ཤེས་ཡོན་དགོས་ཀྱི་ཡོད་རེད། ལྷག་བསམ་དགོས་ཀྱི་ཡོད་རེད། ཡིན་ནའང་འོས་ཕྱོགས་བླུག་པའི་སྐབས་སུ་སོ་སོའི་དགའ་ཉེ་སྤུན་གྲོགས་ཞིག་ལ་དམིགས་ནས་སྡད་མཁན་ཧ་ཅང་མང་པོ་རེད། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེ་ཡང་འོས་ཞིང་འཚམས་པ་ཞིག་འདེམས་ཐུབ་ཁག་པོ་རེད།

    Reply
  27. ནོར་བུ་རྒྱལ་མཚན། says:
    ལོ་ 17 སྔོན།

    ok

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese