བོད་མི་ ༩ འཛིན་བཟུང་།

དེ་རིང་སྔ་དྲོ་བལ་ཡུལ་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཡན་ལག་ཐོངས་ཆན་ལས་ཁུངས་འགྲམ་ནས་བོད་མི་ཁག་གཅིག་གིས་མ་སྐུལ་དང་བླངས་ཐོག བོད་རང་བཙན་གྱི་ཡིག་ཆ་མང་པོ་གཏོར་བ་དང་ཁྲོམ་སྐོར་སྐད་འབོད་སོགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེ་ནི་མི་ལོ་གཉིས་གོང་བོད་ནང་གི་ཞི་རྒོལ་བ་ཚོར་རྒྱ་གཞུངགིས་དྲག་གནོན་བྱས་བའི་ཉིན་མོ་དེ་སེམས་ནས་བརྗེད་མེད་པ་མཚོན་ཆེད་ཡིན་ཟེར། སྐབས་དེར་བལ་ཡུལ་ཉེན་རྟོག་པ་བརྒྱ་ཕྲག་ལས་བརྒལ་་ཞིག་སླེབས་ཏེ། བོད་མི་ངོ་རྒོལ་བ་ ༩ ཙམ་འཛིན་བཟུང་བྱས་ཡོད་འདུག གཞན། ཉིན་ཤས་སྔོན་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་བའི་བོད་མི་ ༢༠ ལྷག་ཡོད་དག་ཀྱང་། ད་དུང་མུ་མཐུད་བཀག་ར་བཙོན་འཇུག་འོག་གནས་ཡོད་འདུག

གོང་གི་གནས་ཚུལ་དེ་དུས་བབ་ཟིན་བྲིས་ཚན་པའི་ཀླུ་ལགས་ཀྱི་ཟིན་ཐོ་ལས་བཤུས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “བོད་མི་ ༩ འཛིན་བཟུང་།

  1. བལ་ཡུལ་གྱི་གྲོད་ཁོག་དང་སྤྱི་ཚོགས་བདེ་དོན་གྱི་ཐོན་ཁུངས། རོགས་སྐྱོར་ཚོགས་པ་བཅས་བརྒྱ་ཆའི་གོ་ལྔ་རྒྱ་གར་དང་ཨ་རིའི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བརྟེན་ཡོད་པ་ནམ་ལངས་ཉི་ཤར་ཡིན་ཕྱིར་རྒྱལ་ཁབ་དེ་དག་གི་འབྲེལ་ཡོད་མི་སྣ་ཚོར་འབྲེལ་བ་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གཙོས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་འབྲེལ་བ་བྱས་ཏེ་ཐབས་སྐྱོའི་ཁྱི་ལས་འདི་མཐའ་གཅིག་ཏུ་མཚམས་འཇོག་གི་ལས་འགུལ་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་དགོས་པའི་དུས་ལ་བབས་འདུག