གསལ་བཤད་རིང་མོ།

ཉེ་ཆར་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་སྐོར་ལ་གྲོས་ཚོགས་ནང་བགྲོ་གླེང་དང་དོགས་འདྲི་སྣ་ཚོགས་བྱས་པ་ཁག་ལ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་སུ་ལན་འདེབས་དང་གསལ་བཤད་རྒྱས་པ་ཞིག་གནང་སོང་ལ། བཀའ་ཤག་གི་གསལ་བཤད་དེ་ལ་དོན་ཚན་ ༥ འདུག་ཅིང་། དོན་ཚན་དང་པོ། ཐེངས་འདིར་བཀའ་ཤག་གི་སེམས་ཀྱི་ཚོར་བ་དང་། གཉིས་པ། ༧གོང་ས་མཆོག་གི་གསུང་འཕྲིན་གྱི་ནང་དོན་དེ་དག་ཕེབས་དགོས་པའི་རྒྱུ་མཚན། གསུམ་པ། ༼ ཞི་བའི་གྲོས་འཆར་དོན་ཚན་ལྔ ༽ ནས་ ༼ བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ བར་གྱི་གནས་ཚུལ་གྱི་འགྱུར་ལྡོག་དང་འཕེལ་རིམ། བཞི་བ། བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པའི་དགོངས་ཚུལ་དང་དོགས་འདྲི་ཁག་ལ་གསལ་བཤད། ལྔ་བ། གསུང་འཕྲིན་གྱི་དགོངས་དོན་སྙིང་པོ་ཐེངས་འདིར་ངེས་པར་དུ་ཐག་གཅོད་གནང་དགོས་པའི་འབོད་སྐུལ་བཅས་རེད། བཀའ་ཁྲི་མཆོག་གི་གསལ་བཤད་ཀྱི་ནང་དོན་རྒྱས་པ་དེ་རིང་ཕྱི་དྲོ་དུས་བབ་དྲ་བའི་གཙོ་ངོས་སུ་འགོད་འཆར་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

15 thoughts on “གསལ་བཤད་རིང་མོ།

  1. ཁྲུང་ཁྲུང་དཀར་མོ།

    མཁས་དབང་འདྲ་པོ་ཞིག་མེད་ན་སྤྱི་འཐུས་རྣམས་པས་དོན་དངོས་ལ་མ་གཟིགས་པ་ཁ་བདེ་བདེ་བྱས་ཏེ་སྤྱི་ཚོགས་ནང་དགོས་མེད་ཧ་ཀྱང་མང་པོ་ཞིག་གླིང་སྡོད་གྱི་འདུག་

  2. བོད་པ་ཚང་།

    ང་ཚོས་སྐད་འཛེམས་ཟོན་མེད་པར་བཤད་པར་སྐྱོན་འཛུགས་བྱེད་ཀྱི་མེད། ཕྱོགས་ལྷུང་དང་སྤྱི་ལས་སྒེར་གཅིག་གཉིས་ཀྱི་གལ་ཆེར་བཟུང་ནས་བོད་ཀྱི་རྩ་དོན་ལ་ཕན་མི་ཐོགས་པའི་ཕྱག་ལས་གནང་སྟངས་ལ་སྐྱོན་འཕེན་གྱི་ཡོད། སྐད་ཆ་གསལ་པོ་བཤད་དགོས།

    ཁྱེད་རྣམས་ཀྱིས་གྲོས་ཚོགས་འཚོག་བཞིན་པའི་སྣང་བརྙན་བརྙན་འཕྲིན་བརྒྱུད་ནས་གཟིགས་དང་གཟིགས་ངེས་བཞིན། སྤྱི་འཐུས་ཚང་མས་རྒྱུ་མཚན་ལྡན་པའི་བཀའ་མོལ་གནང་གི་འདུག་གམ། དཔེར་མཚོན་ན། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་༸གོང་ས་མཆོག་གི་ད་དུང་རང་བཙན་བཞེད་ཀྱི་ཡོད་པའི་རྒྱུ་མཚན་ལ་བདེན་ཚིག་སྨོན་ལམ་སོགས་བགྲངས་སོང་བ་གཟིགས་ཡོད་ཤག་ལ། ཡོན་ཏན་ཅན་གྱི་སྤྱི་འཐུས་ཡིན་ཁུལ་ཡང་། ༡༩༦༢ ནས་ ༢༠༡༠ བར་དུ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་འཕོ་འགྱུར་དེ་དག་དྲན་ཡུལ་ལ་མེད་པ་འདྲ། རང་བཙན་རྩོད་ལེན་ནས་དབུ་མའི་ལམ་སྔ་ཕྱིའི་འགྱུར་འགྲོས་ལ་གཟིགས་པའི་རྣམ་དཔྱོད་གང་དུ་འགག་པ་རེད་དམ། འགལ་བ་ལྟག་སྤྲོད་ཀྱི་བཤད་སྐད་དེ་འདྲ་བཤད་ན། གྲོས་ཚོགས་ཀྱི་དུས་ཚོད་གལ་འགངས་ཆེན་པོ་དེ་ཆུད་ཟོས་སུ་བཏང་བ་མ་རེད་དམ།

  3. བོད་པ་ཚང་།

    ཀརྨ་རྡོ་རྗེ་ལགས།
    ཁྱེད་ཀྱིས། “བཀའ་ཤག་གིས་སྤྱི་འཐུས་ལ་དབུ་མའི་ལམ་གྱིས་རང་དབང་རྩོད་བགྱིན་ཡོད་ཀྱང་། རང་བཙན་རྩོད་བགྱིད་མེད་ཅེས་སློབ་སྟོན་གནང་དགོས་ཡ་དེ་ཁྱད་མཚར་ཅིག་ཆགས་པ་མ་རེད་དམ།” ཞེས་གསུངས་ཀྱང་ངས་བལྟས་ན་ཁྱད་མཚར་གང་ཡང་མཐོང་གི་མི་འདུག གསུངས་སྟངས་དེ་ལ་བརྟེན་ན། ཁྱེད་ལའང་རང་དབང་དང་རང་བཙན་གཅིག་པའི་སྣང་བ་འཆར་གྱི་ཡོད་པ་འདྲ། གལ་ཏེ་དེ་ལྟར་སྣང་གི་ཡོད་ན། ངས་ཁྱེད་ལ་དྲི་བ་ཞིག་དྲིས་ན། ཁྱེད་རང་ལ་རྒྱ་གར་ནང་རང་དབང་འདུག་གམ། ཞེས་ན། ཁྱེད་ཀྱིས་ང་ལ་རྒྱ་གར་ནང་རང་དབང་འདུག་གསུང་ངམ་རང་བཙན་འདུག་གསུང་འདོད། དེ་གཉིས་གཅིག་པ་མིན་པ་དཔེར་བརྗོད་ལམ་ནས་གཟིགས་རོགས།