ཐུགས་གསོའི་འཚམས་འཕྲིན།

༧གོང་ས་མཆོག་གིས་པོ་ལན་ཌིའི་མི་དམངས་ལ་ཐུགས་གསོའི་འཚམས་འཕྲིན་ཕུལ་འདུག

པོ་ལན་ཌིའི་སྲིད་འཛིན་གྱིས་གཙོས་པའི་མི་སྣ་སྐོར་ཞིག་གནམ་གྲུའི་རྡབ་སྐྱོན་འོག་འདས་གྲོངས་སུ་ཕྱིན་པའི་སྐོར་ལ་ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ཡུལ་དེའི་སྲིད་བློན་གྱི་མཚན་ཐོག་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་པ་རེད།

༧གོང་ས་མཆོག་གིས་ཕྱག་འཕྲིན་དེའི་ནང་དུ་ཁོང་ཉིད་སྲིད་འཛིན་འདས་པོ་དེར་མཇལ་འཕྲད་གནང་བའི་སྐོར་དང་། སྲིད་འཛིན་འདས་པོ་ཁོང་ནི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་བཅས་ཀྱི་ཐོག་ཁ་ཞེ་གཉིས་མེད་ཀྱིས་སྐུ་ལས་བསྐྱོན་མཁན་ཞིག་ཡིན་སྐོར་བཀོད་ཡོད་འདུག

བཙན་བྱོལ་བོད་གཞུང་གིས་ཀྱང་པོ་ལན་ཌིའི་སྲིད་འཛིན་དང་མི་སྣ་ ༡༣༠ ལྷག་གི་སྐུ་སྲོག་ཤོར་བའི་ཐད་མྱ་ངན་གུས་འདུད་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་པོ་ལན་ཌིའི་སྲིད་འཛིན་ Kaczynski མཆོག་ཁོང་གི་སྐུ་ཟླ་ Maria དང་། གནམ་གྲུའི་ནང་གི་མི་ ༡༣༠ དང་བཅས་ར་ཤི་ཡར་དུར་མཆོད་རྗེས་དྲན་ཞིག་གི་ཆེད་དུ་ཕེབས་སྐབས་གནམ་གྲུ་བརྡབ་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

5 thoughts on “ཐུགས་གསོའི་འཚམས་འཕྲིན།

  1. སྨྲ་ཤེས་དོན་གོ།

    ༄༄།། བརྩེ་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་དོན།
    ད་ལམ་བོད་ཀྱི་ཡུལ་ཤུལ་ས་ཁུལ་དུ། རང་བྱུང་ཁོ་ཡུག་ལ་རྐྱེན་ཆག་བྱུང་བ་བརྟེན། ང་ཆོ༹འི་སྤུན་ཟླ་འདས་པོ་རྣམས་དང་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དཀོན་མཆོག་ལ་མཆོད་འབུལ་རྒྱ་ཆེར་དང། གུས་པས་ལག་གཉིས་ཐལ་མོ་སྦྱར་ནས་སོ་སོའི་རང་ནུས་གང་ཡོད་ཀྱི་རོགས་རིམ་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་བཀའ་དྲིན་རྗེས་དྲན་བཅས།།