སྲིད་དོན་པ་གསར་པ་ཞིག

ཨ་རིའི་སྲིད་ཟུར་པ་སྐུ་ཞབས་ཇེ་མེ་ཁ་ཊར་ལགས་ཀྱི་ཚ་བོ་ཞིག་གྲོས་ཚོགས་གོང་མའི་ནང་དུ་བསླེབས་འདུག

ཕྱི་ཚེས་ ༡༡ ཉིན་སྲིད་འཛིན་ཟུར་པ་ཇེ་མེ་ཁ་ཊར་ལགས་ཀྱི་ཚ་བ་རྒན་ཤོས་སྐུ་ཞབས་ཇ་སོན་ཁ་ཊར་ལགས་ཨ་རིའི་རྗོར་རྗི་ཡ་མངའ་སྡེ་ནས་ཕེབས་པའི་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་བྱུང་ཡོད་ལ། ཁོང་ཉིད་ཨ་རིའི་དམངས་གཙོ་ཚོགས་པའི་འོས་ཁོངས་སུ་ཕེབས་ཡོད་འདུག་ལ། དེ་ནི་ཁོང་གི་སྒྱུག་པོ་སྐུ་ཞབས་ཇེ་མེ་ཁ་ཊར་ཨ་རིའི་སྲིད་འཛིན་ལ་ཕེབས་དུས་ཀྱི་སྲིད་དོན་ཚོགས་པ་དེ་རེད།

སྐུ་ཞབས་ཇ་སོན་ཁ་ཊར་ལགས་ནི་རང་ལོ་ ༣༤ དང་ཁྲིམས་རྩོད་པ་ཞིག་ཡིན་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཇེ་མེ་ཁ་ཊར་ལགས་ནི་༧གོང་ས་མཆོག་ལ་ཐུགས་མཉེས་པོ་ཡོད་མཁན་དང་། དུས་ཡུན་རྒྱུན་རིང་པོར་བོད་དོན་ཐོག་ཐུགས་བསམ་བཞེས་མཁན་ཞིག་ཡིན་ལ། ཁོང་གིས་བོད་རྒྱ་ཞི་མོལ་གྱི་ལས་རིམ་འདིའི་ཐོག་སྔ་ཕྱི་བར་གསུམ་དུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་རེད། སྲིད་དོན་གྱི་ཕྱོགས་ནས་བོད་མི་རིགས་ཀྱིས་བློ་སྟོན་ཞུ་ས་ཞིག་ཀྱང་ཡིན།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

9 thoughts on “སྲིད་དོན་པ་གསར་པ་ཞིག

  1. ཨུ་རུ་སུ་དམར་པོར་མ་བསྒྱུར་གོང་ཡུལ་དེར་མི་ལོ་ ༡༢ ཙམ་སྟོན་ཏོག་དང་ལོ་འབྲས་ཡག་པོ་མ་བྱུང་བར་བཀྲེས་ལྟོགས་ཀྱིས་མནར་ཏེ་ཕྱུག་པོ་དང་དབུལ་པོའི་བར་ཟིང་འཁྲུགས་ལངས་ནས་མཐར་རྒྱལ་ཕྲན་ ༣༢ ཡོད་པའི་གོང་མ་ཆེན་མོ་ཆམ་ལ་ཕབས་ཏེ་ཨུ་རུ་སུ་དམར་ཤོག་མ་ཆགས་ཀ་མེད་ཐུབ་ཡོད།

    སྐབས་དེར་འཛམ་གླིང་ནང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཨ་རི་དང་དབྱིན་ཇིས་ར་ཤི་ཡར་རོགས་རམ་རྩ་བ་ནས་མ་བྱས་པར་ལྟད་མོ་བལྟས་ནས་བསྡད་པ་རེད།

    ནུབ་འཐར་མན་ནས་ཡིན་པའི་ཀལ་མག་སེ་དང་། ལི་ཉན། སི་ཏ་ལིའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་ཤུགས་རྐྱེན་རྒྱ་ནག་ཏུ་སླེབས་མགོ་ཚུགས་པར་བརྟེན་ཕྱི་ལོ་ ༡༩༢༡ ལོར་མི་སྣ་ ༥༡ ལས་གྲུབ་པའི་གུང་ཁྲན་ཏང་གསར་འཛུགས་བྱས་པ་རེད།
    རྒྱ་ནག་ཧྲང་ཧེ་རུ་དམར་ཤོག་ཚོགས་ཆེན་ཐེངས་གཉིས་པར་མའོ་ཙེ་ཏུང་ཚོགས་བཞུགས་བྱས་ནས་འཚོགས་འདུའི་ཚིག་ཐོ་འགོད་མཁན་གྱི་མི་སྣ་ཞིག་རེད། ༡༩༣༥ ལོར་ཀྲུང་དབྱིའི་ཚོགས་འདུའི་སྟེང་མའོ་ཙེ་ཏུང་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
    ༡༩༤༩། ༡༠ །༠༡ གུང་མིན་ཏང་དང་གུང་ཁྲན་ཏང་གཉིས་ཁྱོད་ཤི་ང་གསོན་གྱིས་འཐབ་རྩད་ཁྲོད་གུང་ཁྲན་རིང་ལུགས་ལ་རྒྱལ་ཁ་ཐོབ་ནས་པི་ཅིང་ཐང་ཆེན་དུ་མི་འབུམ་གཉིས་ལྷག་ཙམ་འདུ་འཛོམས་ཐོག་ཏུ་མའོ་ཙེ་ཏུ་གིས་ད་ནས་བཟུང་རྒྱ་ནག་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་གནང་བ་རེད།

    དེ་ཉིན་མའོ་ཡིས་ཐེ་ཝན་དང་། ཤིན་ཅང་། བོད་སོགས་བཅིངས་གྲོལ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་བ་རེད། དེར་བརྟེན་མགོ་བདེ་གླགས་ཚོང་རྒྱག་མཁན་གྱི་སྟོབས་ཆེན་ཨ་རིས་ཐེ་ཝན་ལ་སྲུང་སྐྱོབ་བྱས་ནས་ད་བར་བཅིངས་གྲོལ་བཏོང་ཐུབ་མེད།

    འོན་ཀྱང་ཡ་ང་སྙིང་རྗེ་སྐྱེ་དགོས་པའི་ཤེས་རྨོངས་རྗེས་ལུས་ཀྱི་བོད་ལྗོངས་དེར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུ་གཅིག་གིས་ཀྱང་སྲུང་སྐྱོབ་བྱེད་མཁན་བྱུང་མེད།

    ལོ་རབས་ ༥༠ ནང་དུ་བོད་སྡེ་པ་གཞུང་གིས་བེའུ་ཤི་ཁར་འོ་མ་བསྟེར་བ་ལྟར་འ་ཆད་འུ་ཐུག་གིས་ངང་རྒྱ་གར་དུ་ཡོད་པའི་ཨ་རི་སྲིད་གཞུང་ལ་བོད་དེ་རང་བཙན་ཡིན་པའི་ངོས་འཛིན་ཁྱབ་བསྒྲགས་གནང་དགོས་པའི་འབོད་བསྐུལ་ཞུས་པ་དང་སྦྲགས། ༸ གོང་ས་ཏྰ་ལའི་བླ་མས་དབུ་འཁྲིད་པའི་བོད་གཞུང་གི་བློན་ཆེན་དང་གནད་ཡོད་མི་སྣ་ ༡༠༠ ལྷག་ཙམ་ཨ་རིར་སྲིད་དོན་གྱི་སྐྱབས་བཅོལ་ལེན་རྒྱུའི་རེ་བ་བཏོན་པ་རེད།

    སྐབས་དེར་རྒྱ་གར་སྲིད་གཞུང་དང་ཨ་རིའི་སྲིད་དོན་མཁས་པས་གནད་དོན་དེར་དབྱེ་ཞིབ་གཏིབ་གཟབ་བྱས་རྗེས་ཨ་རིས་བོད་དེ་རང་བཙན་ཡིན་པར་ངོས་འཛིན་དང་། སྲུང་སྐྱོབ། ཐ་ན་སྐྱབ་བཅོལ་ལེན་རྒྱུ་བཅས་གང་ལ་ཡང་ཨ་རིར་ཁེ་ཕན་ཡོང་རྒྱུ་ལྟ་ཞོག་ཐ་ན་ཨུ་རུ་སུ་དང་རྒྱ་ནག་གི་སྟོབས་ཤུགས་ལས་ཉེན་ཁའང་འཕྲད་སྲིད་པའི་ལྟ་ཚུལ་ལས་བར་གནས་ཀྱི་རྒྱལ་ཁབ་གཅིག་ཏུ་བསྡོད་རྒྱུའི་གྲོས་ཆོད་བཞག་པ་རེད།
    ཨ་རིའི་སྲིད་འཛིན་ཀ་ཊར་དང་མའོ་གཉིས་མཇལ་འཕྲད་བྱས་པར་བརྟེན་ལོ་རབས་ ༦༠ དང་༧༠ ནང་དུ་ཨ་རིས་ཏྰ་ལའི་བླ་མར་འབྲེལ་ལམ་མི་བཟུང་བར་ཁོང་གི་སྐུ་པར་ཡང་ཨ་རིའ་ནང་གང་བྱུང་འགྲེམས་སྤེལ་བྱེད་མི་ཆོག་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
    སྐབས་དེར་རྒྱ་གར་གྱི་སྲིད་བློན་ཐོ་ཧ་ལ་ནི་རུ་དང་མའོ་གཉིས་མཇལ་འཕྲད་བྱས་ཏེ་རྒྱ་དཀར་ནག་གཉིས་དབར་སློབ་པ་ལྔ་ཡི་གྲོས་ཆོད་ལ་མིང་རྟགས་བརྒྱབས་ནས་རྒྱ་ནག་གིས་རྒྱ་གར་ལ་དམག་མི་རྒྱག་པའི་དམ་བཅའ་དང་། རྒྱ་གར་གྱི་རྒྱ་ནག་ལ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་མི་རྟགས་བཀོད་པ་རེད།

    ༡༩༦༢ ལོར་དམག་དོན་དང་ཆབ་སྲིད་མཁས་ཅན་གྱི་མའོ་ཡིས་རྒྱ་གར་ལ་དཔུང་འཇོམས་ཀྱིས་བཀའ་བཏང་ཏེ་དམག་དྲངས་ཏེ་ཕམ་ཉེས་ཚབས་ཆེ་བཏང་བ་མ་ཟད་ས་ཁྱོན་གཞི་རྒྱ་ཆེན་པོ་བཙན་བཟུང་བྱས་པ་རེད།

    ཡིན་ནའང་རྒྱ་གར་ནི་ཨ་རི་དང་གཏན་ནས་མི་འདྲ་བར་འཕགས་བོད་བར་མི་ལོ་སྟོང་ཕྲག་གི་ཆོས་དང་། རིག་གཞུང་། སྐད་ཡིག ཆབ་སྲིད་བཅས་ཀྱིས་འབྲེལ་ལམ་གཏིང་གཟབ་ཡོད་པ་མ་ཟད་ཕན་ཚུན་ཕ་སྤུན་ལྟ་བུའི་འདུ་ཤེས་ཟམ་མོ་ཡོད་པར་བརྟེན་རྒྱ་གར་གྱིས་སྲིད་འཛིན་དམ་པ་ཇོ་ཧ་ལ་ནི་རུས་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། བོད་མི་དམངས། བོད་པའི་བུ་ཕྲུག བཅས་ཚང་མར་གཟིགས་རྟོགས་ཚད་མེད་ཅིག་གནང་སྟེ།

    ༸ གོང་ས་མཆོག་གི་ཕོ་བྲང་གནས་ཡུལ་དང་གསོལ་ཕོག བཀའ་བློན་དངགནད་ཡོད་མི་སྣ་ཚོའི་གསོག་ཕོག བོད་གཞུང་གི་བསྟི་གནས། དགོན་སྡེ་ཁག གཞི་ཆགས་ཁག སློབ་གྲྭ་ཁག་སོགས་ཚང་མ་གསར་འཛུགས་ཀྱི་མཐུན་རྐྱེན་དང་རོགས་རམ་ཚད་ལས་འདས་པ་ཞིག་གནང་བ་མ་ཟད་མ་འོངས་བོད་གངས་ཅན་འདི་སླར་ཡང་༸ གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་འཁྲིད་འོག་རང་ཡུལ་བསྐྱར་གསོ་ཡོང་རྒྱུའི་སླད་དུ་བསམ་ཡུལ་ལས་འདས་པའི་མཛའ་བརྩེའི་གཟིགས་མཐོང་ཆེན་པོ་གནང་དང་གནང་བཞིན་ཡོད་པ་འདི་རེད།

    དེར་བརྟེན་ང་ཚོར་ཆེས་བླ་ན་མེད་པའི་བཀའ་དྲིན་ཆེ་ཤོས་ནིརྒྱ་གར་གཞུང་དང་རྒྱ་གར་མི་དམངས་ཡིན་སྟབས་ང་ཚོས་རྒྱ་གར་འཕགས་ཡུལ་འདིའི་བཀའ་དྲིན་ཇི་སྲིད་བསྐལ་པའི་བར་དུ་ནམ་ཡང་གངས་ཅན་པ་གཞུང་སྒེར་སུ་ཞིག་གིས་གཏན་ནས་བརྗེད་མི་རུང་བ་ཞིག་ཡིན།

    ང་ཚོས་སུ་ཞིག་གིས་རང་ལ་དྲིན་ཆེན་པོ་བྱས་པ་ངེས་པར་དུ་ཤེས་དགོས་ལ་ང་ཚོ་སུ་ཞིག་གིས་སྡུག་ལ་སྦྱར་བ་དེ་ཡང་ངེས་པར་དུ་ཤེས་དགོས། ཤེས་པའི་ཐོགས་ནས་གཉེན་ལ་བྱམས་སྐྱོང་བྱེད་དགོས་ལ་དགྲ་ལའང་བློ་རིག་དངྭངས་མོས་འཐབ་དགོས།

    སྦྱིནཔའི་སྦྱིན་ལན་མཇལ་དགོས་ལ་གནོད་པའི་གནོད་ལན་ཡང་སྤྲོད་དགོས། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ལ་ལྷག་ཏུ་དགྲ་འདུལ་གཉེན་སྐྱོང་བྱེད་པའི་ལུགས་སྲོལ་བཟང་པོ་དེ་ནི་བོད་གངས་ཅན་པའི་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མེས་པོ་སྲོང་བཙན་སྒམ་པོའི་ཞལ་ཆེམས་དང་མཛད་རྗེས་ཤིག་ཡིན།