ཤི་སྟངས་འདི་ཚོ་ག་རེ་ཡིན་ནམ།

ཨེ་པེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ལྷོ་ཀོ་རི་ཡ་ནས་མི་ ༨ རང་ཤི་བརྒྱབ་འདུག མི་བརྒྱད་པོ་དེ་ཚོ་ཡང་སྐོར་ཁག་གཉིས་བྱས་ནས་རང་ཤི་བརྒྱབ་འདུག སྐོར་ཁག་དང་པོ་དེའི་ནང་དུ་བུད་མེད་ ༤ དང་སྐྱེས་པ་ ༡ འདུག ཁོང་ཚོ་ཚང་མ་རང་ལོ་ ༢༠ ནས་ ༣༠ ནང་རེད། ཁོང་ཚོས་རླངས་འཁོར་ཞིག་གི་ནང་དུ་རྡོ་སོལ་གྱི་དུ་བ་སྐྱིལ་ཞིང་རྔུབ་སྟེ་ཤི་ཡོད་པ་དང་། མི་ ༥ ནང་གི་ ༢ ཀྱིས་རང་ཤི་བརྒྱབ་པའི་རྒྱུ་མཚན་ཡི་གེ་རེ་ཤུལ་དུ་བཞག་ཡོད་འདུག རང་ཤི་རྒྱག་ས་དེ་ལྷོ་ཀོ་རི་ཡའི་རྒྱལ་སའི་ལྷོ་ཁུལ་རེད།

སྐོར་ཁག་གཉིས་པ་ནི་ལྷོ་ཀོ་རི་ཡའི་ཤར་ངོས་རེད། གོང་གི་རང་ཤི་བརྒྱབ་པའི་དོན་རྐྱེན་དེ་བྱུང་རྗེས་ཀྱི་དུས་ཚོད་གཅིག་གི་རྗེས་ཏག་ཏག་རེད་རང་ཤི་བརྒྱབ་འདུག དེར་མི་གསུམ་ཡོད་པ་ཉེན་རྟོག་པས་བཤད་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ལྷོ་ཀོ་རི་ཡ་ནི་རང་ཤི་རྒྱག་པའི་དོན་རྐྱེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ཡོད། ལྷོ་ཀོ་རི་ཡའི་བུད་མེད་འཁྲབ་སྟོན་པ་གྲགས་ཅན་ ཚཱོ་ཅིན་ཟེལ་ ཞེས་པ་དེ་ལོ་གཉིས་ཀྱི་གོང་དུ་རང་ཤི་བརྒྱབ་པ་རེད། ལོ་འདིའི་ཕྱི་ཟླ་ ༣ པའི་ནང་དུ་མོ་རང་གི་སྤུན་ཆུང་བ་ཚཱོ་ཅིན་ཡང་ཟེར་བ་དེ་རང་ཤི་བརྒྱབ་འདུག ཁོ་ཡང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་རེད།

ན་ནིང་གི་ཕྱི་ཟླ་ ༥ པའི་ནང་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་ རོ་མོ་ཧུམ་ ཞུ་བ་ཁང་བརྩེགས་སྟེང་ནས་མཆོང་སྟེ་རང་ཤི་བརྒྱབ་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply