རྒྱ་དམག་སླེབས་སོང་ཟེར།

ཉིན་འདི་འགར་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ལོ་འདིའི་ནང་ལ་དྭགས་ཤར་ཕྱོགས་རྒྱ་གར་ས་ཁོངས་སུ་རྒྱ་ནག་གི་དམག་མི་ཡང་ཡང་སིམ་འཛུལ་བྱེད་ཀྱིན་ཡོད་པ་དང་། གཟའ་འཁོར་སྔོན་མའི་ནང་ལ་དྭགས་དང་བོད་ཀྱི་ས་མཚམས་དཔལ་མགོན་མཚོ་ཁུལ་དུ་མཚོན་ཆ་ཐོགས་པའི་རྒྱ་ནག་གི་དམག་མི་ཐེངས་གསུམ་ལ་སླེབས་ཡོད་སྐོར་བཀོད་འདུག ལ་དྭགས་ཁུལ་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་ ༤༠༥༧ ཙམ་གྱི་བདག་དབང་ཐད་རྒྱ་དཀར་ནག་བར་ཚོར་ཤུགས་སྐྱེན་པོ་ཡོད་པ་མ་ཟད། ཧི་མ་ཅཱལ་དང་འབྲས་ལྗོངས། ཨ་རི་ན་ཅཱལ་སོགས་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་ལ་རྩོད་ཉོག་ལྷག་ཡོད།  

གོང་གི་གནད་དོན་དེའི་ཐད་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ཅཱང་གིས་གསར་འགོད་པར་ལན་འདེབས་བྱས་པའི་ནང་། ཀྲུང་གོའི་ཕྱོགས་ནས་རྒྱ་གར་དང་མཐའ་མཚམས་ཀྱི་གནད་དོན་ཐད་བཟུང་བའི་ལངས་ཕྱོགས་སྔ་ཕྱི་བར་གསུམ་དུ་ཁ་གསལ་བོ་དང་འགྱུར་བ་མེད་པ་ཞིག་ཡིན། ད་ཆར་གྲོས་མོལ་བརྒྱུད་གནད་དོན་དེ་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱེད་མུས་ཡིན། འོན་ཀྱང་། མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་མ་བྱས་སྔོན་ལ། ཀྲུང་གོ་དང་རྒྱ་གར་མཉམ་འབྲེལ་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ཞོད་འཇགས་སྲུང་སྐྱོབ་ཡར་རྒྱས་ཐད་ཕྱོགས་གཉིས་ཀ་མོས་མཐུན་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་མཐའ་མཚམས་ས་ཁུལ་དུ་འགུལ་སྐྱོད་བྱེད་སྐབས། གོང་གི་རྩ་དོན་དེ་དག་ཚུལ་བཞིན་བརྩི་སྲུང་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

8 thoughts on “རྒྱ་དམག་སླེབས་སོང་ཟེར།

  1. བོད་དོན་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཕྱིར་རྒྱ་གར་དང་རྒྱ་ནག་གཉིས་དཀའ་སྙོག་ཆེན་པོ་ཞིག་ཕྲད་དགོས་ངེས་རེད། གལ་ཏེ་ཁོ་གཉིས་གྲོགས་པོ་ཆགས་པ་ཡིན་ན། བོད་ཀྱི་ས་ཆ་མང་ཆེ་བ་རྒྱ་མའི་གྱུར་མིག་ཏུ་བཏང་། ཏིག་ཁ་ཤས་རྒྱ་གར་ལ་བཟས་རྒྱུ་རག་པའི་རྒྱུ་མཚན་གྱི་རྒྱ་གར་གྱི་ཀྱང་བོད་ཀྱི་རྩ་དོན་ཆེད་ཐུགས་བསམ་གང་ཡང་མི་བཞེས། རྒྱ་དཀར་ནག་ཁྱེད་ཤི་ང་གསོན་གྱི་ཐབས་འཁྲུག་ཞིག་ལང་པ་ཡིན་ན་རྒྱ་གར་ནས་བོད་ཀྱི་རྩ་དོན་ཆེད་ནུས་པ་ཡོད་པའི་རོགས་སྐྱོར་བྱ་ནུས་ལ་བྱེད་ངེས་ཀྱང་རེད། ད་ལྟའི་འཆར་རྒྱ་གར་ནི་གཟིག་ཚང་ནང་གི་གཟིག་རྒན་འཁོག་ཞིག་དང་མཚུངས་ལ། རྒྱ་ནག་ནི་གཟིག་ཚང་གི་སྒོ་ཁར་ངར་བཞིན་ཡོད་པའི་ཤ་ཁྱི་དར་མ་ཞིག་ཡིན། དེ་གཉིས་དངོས་སུ་མ་ཐུག་པར་སུ་རྒྱལ་སུ་ཕམ་སུའི་ཡང་ཁ་ཚོན་མི་ཐུབ་པ་ཞིག་ཡིན།