མི་ ༡༠༤ བསད་འདུག

བྷང་ལ་ཌེ་ཤིར་གློག་གི་ས་ཚིགས་ཤིག་ལ་གས་གཏོར་བྱུང་སྟེ་ཉུང་མཐར་མི་ ༡༠༤ ལ་སྲོག་སྐྱོན་དང་དེ་ལས་མང་བར་རྨས་སྐྱོན་བྱུང་འདུག

ཕྱི་ཚེས་ ༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་གྱི་དགོང་མོར་བྷང་ལ་ཌེ་ཤིའི་རྒྱལ་ས་ཌར་ཁར་གློག་གི་ས་ཚིགས་ཤིག་ལ་གློ་བུར་དུ་གས་གཏོར་བྱུང་སྟེ། ཉེ་འཁྲིས་ཀྱི་སྡོད་ཁང་དང་བཟོ་ཚོང་ཁང་སོགས་ལ་མེ་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་ལ། སྐབས་དེའི་དོན་རྐྱེན་ཁྲོད་ཉུང་མཐར་མི་ ༡༠༤ ལ་སྲོག་སྐྱོན་དང་དེ་ལས་མང་བར་རྨས་སྐྱོན་ཕོགས་ཡོད་འདུག འདིའི་ཐད་ཡུལ་དེའི་དཔོན་རིགས་ཤིག་གིས་མྱུར་སྐྱོབ་པས་མེ་གསོད་ཐུབ་ཡོད་ཀྱང་ཤི་སྐྱོན་བྱུང་བའི་གྲངས་འབོར་མང་དུ་འགྲོ་བཞིན་འདུག ཛ་དྲག་གི་རྨས་མ་བཅུ་གྲངས་ཤིག་སྨན་ཁང་དུ་བསྐྱལ་དེ་མྱུར་སྐྱོབ་བྱེད་ཀྱིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “མི་ ༡༠༤ བསད་འདུག

  1. སེར་གཙང་འཇམ་དབྱངས།

    ཨོ་དཀོན་མཆོག་མཁྱེན་འཛམ་གླིང་འདིའི་ནང་དུས་ཚོད་གཅིག་ལ་
    གློ་བུར་དུ་མི་མོང་པོ་ཞིག་ཤི་དགོས་པ་སྔོན་བསག་
    ལས་ངན་ཅི་འདྲ་ཞིག་གིས་དབང་གི་ཡིན།།

  2. ད་ག་རེ་ཡིན་ན་་་་དཀོན་མཆོག་མཁྱེན་་་་གློག་འདི་བེད་སྤྱོད་ཡག་པོ་མ་བྱས་ན་ཉེར་འགལ་འདུག་བ་་་་༁ྃ་མ་ཎི་པདྨེ་ཧུ།

  3. ཉི་ཟླའི་མགྲོན་བདག

    མཐའ་མ་འཕྲུལ་ཆས་ཀྱི་གནོད་སྐྱོན་བྱུང་སྟེ་འཇིག་རྟེན་གྱི་མི་ཆ་ཚང་ཚར་གྱི་རེད་ཡ།འདི་ཚོ་སྙིང་རྗེའི་ཡུལ་རེད་ཡ།ཉིན་མ་རེ་མིའི་ཚེ་སྲོག་འཕྲོག་མཁན་ཇེ་མང་རེད་།