མཛད་སྒོའི་ཐོག་མི་ ༤༠ བསད།

                   
ཨབ་གྷན་དུ་ཆང་སའི་མཛད་སྒོ་ཞིག་གི་སྐབས་གས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་མི་ ༤༠ ལ་སྲོག་སྐྱོན་དང་མི་ ༧༠ ཙམ་ལ་རྨས་སྐྱོན་བྱུང་ཚབས་ཆེན་ཕོགས་ཡོད་འདུག

ཕྱི་ཚེས་ ༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།    གོང་ཚེས་ཉིན་གྱི་དགོང་མོར་ཨབ་གྷན་ལྷོ་ཕྱོགས་ཀྱི་ཁེན་ཌ་ཧར་ Kandahar མངའ་སྡེའི་ཨལ་གྷན་ ཌར་བྷོག་སི་ ཁུལ་དུ་ Algan Darboux ཆང་སའི་རྟེན་འབྲེལ་མཛད་སྒོ་ཞིག་འཚོགས་བཞིན་པའི་སྐབས། མི་ཚོགས་ཁྲོད་གློ་བུར་དུ་གས་གཏོར་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་མི་ ༤༠ ལ་སྲོག་སྐྱོན་དང་མི་ ༧༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་འདུག  དོན་རྐྱེན་དེའི་ཐད་ད་སྔ་འགན་ལེན་བྱེད་མཁན་གང་ཡང་བྱུང་མེད་ནའང་།  ས་གནས་དཔོན་རིགས་ཤིག་གིས་དེ་ནི་རང་སྲོག་བློས་བཏང་གི་གས་གཏོར་ཞིག་ཡིན་པར་མ་ཟད། མཛད་སྒོ་དེར་སྦྱོར་ངན་བརྩམ་རྒྱུའི་དམིགས་ཡུལ་སྔ་ནས་ཡོད་སྲིད་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་གས་གཏོར་ནང་བྱིས་པ་ཁག་ཅིག་ཀྱང་བསད་ཡོད་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “མཛད་སྒོའི་ཐོག་མི་ ༤༠ བསད།

  1. ཤེལ་དཀར་བློ་བཟང་།

    སེར་གཙང་འཇམ་དབྱངས་ལགས། སེམས་ཅན་མང་པོ་ཞིག་གིས་རང་གི་ཉེས་པའི་ལས་སྤུ་ཙམ་ཡང་མ་བྱས་ཞེས་ཐག་གཅོད་ཇི་ལྟར་བྱེད་ཐུབ།

    སློབ་དཔོན་དབྱིག་གཉེན་གྱིས།
    ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་གསུངས་པ་ཨེ་གོ།

  2. ནམ་མཁའ་བསྟན་འཛིན།

    རྒྱ་ནག་གི་ནང་འདས་བའི་ཉིན་བཅུའི་ནང་ཁྲིམས་དཔོན་གསུམ་ཡར་འཇོག་རྒྱབ་སོང་། དྲུག་བདུན་ཞིག་ཉལ་སར་འཕངས་འདུག་ཀྱང་མདུན་ངོས་གསར་འགྱུར་ནང་བཏོན་རྒྱུ་མི་འདུག ཨ་ཧྥི་གྷ་ནི་ནས་མི་ཚང་ཞིག་གི་གཉེན་སྟོན་ཞིག་གི་ཆག་སྒོ་ལ་དེ་འདྲ་ཧ་ལས་རྒྱུ་ཨེ་ཡོད་དམ།

  3. སེར་གཙང་འཇམ་དབྱངས།

    སེམས་ཅན་མང་པོ་ཞིག་རང་གི་ཉེས་པའི་ལས་སྤུ་ཙམ་
    ཡང་མ་བྱས་པར་རང་སྲོག་འགྲོད་དགོས་དོན་ཅི་ཡིན་
    ཨོ་སྙིང་རྗེ་བ་ལ།