ལས་ཤོར་བ་ཇེ་མང་རེད།

 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་འཛམ་གླིང་གི་ན་གཞོན་ལས་ཤོར་བའི་ཚད་གཞི་ཧ་ཅང་མཐོ་པོར་སླེབས་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ངལ་རྩོལ་ཚོགས་པས་ད་ལྟ་འཛམ་གླིང་ཧྲིལ་པོར་ན་གཞོན་ལས་མེད་ཁྲི་ ༨༡༠༠ ཙམ་ཟིན་གྱི་ཡོད་པ་དང་། ད་དུང་ཡང་ལས་ཤོར་བའི་གྲངས་འབོར་འཕར་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག སྙན་ཐོ་དེའི་ནང་རང་ལོ་ ༡༥ ནས་ ༢༤ བར་གྱི་ན་གཞོན་དག་ནི་ཧ་ཅང་ཕམ་ཉེས་ཀྱི་དུས་སྐབས་ཤིག་ཡིན། ཁོང་ཅིག་ལ་དཔལ་འབྱོར་རྨང་གཞི་གང་ཡང་མེད་སྟབས་ཁྲོམ་རའི་ལས་ཀར་འཛུལ་ཞུགས་བྱ་ཐབས་ཡོད་མ་རེད་ཅེས་བརྗོད་ཡོད། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དུ་ན་གཞོན་ལས་ཤོར་བའི་གནས་སྟངས་ཉིན་ལྟར་ཛ་དྲག་ཏུ་འགྱུར་བཞིན་ཡོད་འདུག་ཅིང་། ན་གཞོན་ལས་ཤོར་བ་མང་དུ་འགྲོ་བཞིན་པའི་མྱུར་ཚད་དེ་ལོ་ན་རྒན་པའི་མང་ཚོགས་ཀྱི་ལྡབ་གཉིས་ཙམ་ཟིན་གྱི་ཡོད་འདུག  

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “ལས་ཤོར་བ་ཇེ་མང་རེད།