ཤིན་ཅང་དུ་གས་གཏོར་།

ཤིན་ཅང་དུ་རླངས་འཁོར་ཞིག་ལ་གས་གཏོར་བྱུང་སྟེ། ཉུང་མཐར་མི་བཅུ་གྲངས་ཤིག་ལ་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག
བྷི་བྷི་སི་གསར་ཁང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།ཁ་སང་ཚེས་༡༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠༌༣༠ཐོགརྒྱ་ནག་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཨེག་སོ་ AKSU གྲོང་ཁྱེར་དུ་རྐང་གསུམ་རླངས་འཁོར་ཞིག་ལ་གས་གཏོར་བྱུང་སྟེ།ཉུང་མཐར་མི་བསད་པ་དང་གཞན་མི་༡༤ཙམ་ལ་རྨས་སྐྱོན་ཕོག་ཡོད་པར་མ་ཟད།  དེའི་ནང་གི་རྨས་མ་ཧ་ཅང་ཛ་དྲག་གི་གནས་སུ་ལྷུང་ཡོད།
འདིའི་ཐད་དོན་རྐྱེན་དངོས་སུ་མཐོང་མཁན་བུད་མེད་ཧོ་ཧན་མིན་Hou Hanmin གྱིས་བཤད་དོན།ཉིན་དེར་ཨེག་སོ་གྲོང་ཁྱེར་དེའི་ལམ་གྱི་བཞི་མདོར་རྐང་གསུམ་རླངས་འཁོར་ཞིག་གློ་བུར་དུ་མང་ཚོགས་ཁྲོད་རྒྱུགས་ཡོང་སྟེ་གས་གཏོར་བྱུང་སོང་།དོན་རྐྱེན་ཁྲོད་ཤི་རྨས་བྱུང་མཁན་ཕལ་ཆེ་བ་ས་གནས་མང་ཚོགས་ཡིན་པར་མ་ཟད།ཁོང་ཚོ་ཁ་ཤས་ཀྱི་རྨས་ཧ་ཅང་ལྕི་མོ་འདུག་ཅེས་བརྗོད་ཡོད།
མིག་སྔར་དོན་རྐྱེན་དེའི་རྒྱབ་ན་སུ་ཡོད་མེད་ཐད་ཤེས་རྟོགས་གང་ཡང་བྱུང་མེད་ཀྱང་།རྒྱ་གཞུང་གིས་དོན་རྐྱེན་དེ་ཁ་ཆེ་དྲག་སྤྱོད་པས་བཟོས་པར་དོགས་ཟོན་བྱེད་ཀྱི་ཡོད་འདུག 
ན་ནིང་ཕྱི་ཟླ པའི་ནང་ཤིན་ཅང་དུ་ཡུ་གུར་མང་ཚོགས་ཀྱིས་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས། རྒྱ་གཞུང་གིས་ངོ་རྒོལ་བ་༡༠༠ལྷག་བསད་པ་དང་སྟོང་ཕྲག་བརྒལ་བ་འཛིན་བཟུང་བཙོན་འཇུག་བྱས་ཡོད།
དུས་དེ་ནས་བཟུང་རྒྱ་གཞུང་གིས་ཤིན་ཅང་དུ་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་སྲིད་པའི་སེམས་འཚབ་བྱེད་ཀྱིན་ཡོད་པ་རེད།  
སྲིད་དོན་དབྱེ་ཞིབ་པས་བརྗོད་ན།ཤིན་ཅང་ནི་ཨབ་གྷན་དང་པ་ཀི་སི་ཐན་གཉིས་དང་ཆོས་ལུགས་གཅིག་ཡིན་པ་དང་།ལྷག་པར་དུ་ཡུལ་གཉིས་ཕན་ཚུན་ས་འབྲེལ་ཡིན་སྟབས། རྗེས་ཕྱོགས་རྒྱ་ནག་དུ་དྲག་སྤྱོད་སྤེལ་མི་སྲིད་པའི་ངེས་པ་མེད་ལུགས་བརྗོད་ཡོད།
དོན་རྐྱེན་བྱུང་མཚམས་ས་གནས་ཉེན་རྟོག་པས་དོགས་གཞི་ཡོད་པའི་མི་ཞིག་འཇུ་བཟུང་བྱས་ཡོད་ཀྱང་། མི་དེའི་ཐོབ་ཐང་ཕྱིར་བསྒྲགས་བྱས་མི་འདུག
 
གསར་འགོད་པ།དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “ཤིན་ཅང་དུ་གས་གཏོར་།

  1. དབྱངས་ཅན་སྒྲོལ་མ།

    དྲྭ་གྲོགས་བློ་བཟབ་བསྟན་པའི་རྒྱལ་ལགས་རླངས་འཁོར་ཞིག་ཡིན་པ་གང་གཞིག་ལ་རྐང་པའི་ཚབ་ཏུ་འཁོར་ལོ་གསུམ་ཡོད་པ་ཞིག་ཡིན་ས་རེད་ཀུ་རེ་ཡིན་ཚིག་ལོག་མིན། ཧ་ཧ་ཧ། དངོས་གནས་རེད་དམ།

  2. ཤི་རྨས་ཐེབས་པའི་མང་ཚོགས་ཚོ་སྙིང་མ་རྗེ།རྒྱ་ནག་དཔོན་རིགས་ཁ་ཤས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཚེ་ཅི་མ་རུང།

  3. ཇོ་རུ་ཚེ་རིང་།

    ཚད་རེད། རྒྱ་དམག་མི་འབྲོ་རུང་། རྒྱ་ཁེ་བ་ཕྱིར་ར་ལོག་གི་རེད། རྒྱ་མི་མང་ཁ་ཁེར་འབྲོ་གི་རེད། རྒྱའི་ལས་དོན་ལ་བར་ཆད་འབྱུང་གི་རེད།