འབར་མའི་འོས་བསྡུའི་ཐད་འབོད་སྐུལ།

 འབར་མའི་གྲོགས་པོ་ཚོགས་པས་ཨང་སན་སོ་ཀེ་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་དགོས་པའི་འབོད་སྐུལ།
ཟླ་འདིའི་ཕྱི་ཚེས་༢༧ཉིན་ནེའུ་ཡོག་ཏུ་འབར་མའི་གྲོགས་པོ་ཞེས་པའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཤིང་།ཚོགས་འདུ་དེར་ཨོ་སི་ཁྲི་རི་ཡ་དང་དབྱིན་ཇི།རྒྱ་ནགཧྥ་རན་སི།རྒྱ་གར།ཧིན་རྡུ་ནི་ཤི་ཡ།ཉི་ཧོང་།ནོར་ཝེ།ཨུ་རུ་སུ།སིང་གྷ་པུར།ལྷོ་ཀོ་རི་ཡ།ཐེ་ལན་ཊི།ཨ་རི།ཝེ་ཋེ་ནམ།ཡུ་རོབ་བཅས་ཀྱི་འཐུས་མི་མཉམ་ཞུགས་བྱས་ཡོད་མོད།འབར་མའི་སྐུ་ཚབ་ཐེངས་འདིའི་ཚོགས་འདུར་ཞུགས་མེད་པ་རེད།
ཚོགས་འདུ་དེའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བྷན་ཀེ་མོོན Mr Ban Ki-moon ལགས་ཀྱིས།ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་བསླེབ་ལ་ཉེ་བའི་ཕྱི་ཟླ་༡༡པའི་ནང་གི་འབར་མའི་རྒྱ་ཡོངས་འོས་བསྡུ་དེ་ཕྱི་གསལ་ནང་གསལ་དང་གུ་ཡང་རང་བཞིན་ཞིག་ཡོང་དགོས་པ་དང་།ཨང་སན་སོ་ཀེ་གཙོས་བཀག་སྡོམ་འོག་ཚུད་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོད་གཏོང་དགོས་པ་བཅས་ནི་འབར་མའི་འོས་བསྡུ་འདི་ཆ་འཇོག་བྱ་འོས་པ་དང་།དེས་འབར་མ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ལའང་ཕན་ཐོགས་ཡོང་ངེས་ཡིན་ཞེས་འབོད་སྐུལ་ཞུས་ཡོད།
ཁོང་གིས་མུ་མཐུད།ད་ལྟའི་འབར་མའི་གཞུང་འཛིན་ཚོགས་པས་ཕྱི་ཟླ་༡༡ནང་གི་འོས་བསྡུ་དེ་མང་གཙོའི་གཞུང་གི་ལམ་ལུགས་ལག་བསྟར་བྱེད་པ་ཞིག་ཡིན་པར་དྲིལ་བསྒྲགས་བྱས་ཡོད་ཀྱང་།དོན་དངོས་སུ་དེ་ལྟར་མ་ཡིན་པར་བསླུ་བྲིད་ཀྱི་ཁ་གཡང་འོག་དམག་མིའི་སྟོབས་ཤུགས་བཀོལ་སྤྱོད་བྱེད་ཀྱིན་ཡོད་པར་སྐྱོན་བརྗོད་བྱས་ཡོད།
ཨང་སན་སོ་ཀེའི་རྒྱལ་ཡོངས་མང་གཙོའི་མཐུན་ཚོགས་National League for Democracy (NLD) དེ་ཕྱི་ཟླ་པའི་ནང་ད་ལྟའི་འོས་བསྡུའི་ཁྲིམས་ལུགས་གསར་བའི་སྒྲིག་གཞིའི་འོག་རྩ་གཏོར་བཏང་ཡོད་ཅིང་།ཨང་སན་སོ་ཀེ་ཕྱི་ཟླ་༡༡ནང་གི་རྒྱལ་ཡོངས་འོས་བསྡུར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་བ་མ་ཟད།ད་ལྟ་བཟང་བཙོན་དུ་བཅུག་ཡོད་འདུག
 
གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply