ཉི་ཧོང་གིས་གྲོས་ཆོད་ལག་བསྟར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་དམངས་བསྐྱར་གནས་བདེ་འཇགས་སྲིད་བྱུས་ཀྱི་འཆར་འགོད་ལྟར། ཉི་ཧོང་གིས་འབར་མའི་སྐྱབས་བཅོལ་བ་ ༩༠ སྣེ་ལེན་བྱ་རྒྱུའི་གྲོས་གཞི་གཏན་འབེབས་བྱས་ཡོད་ལ། ཐེངས་འདིར་འབར་མའི་སྐྱབས་བཅོལ་བ་ ༡༩ ལ་སྣེ་ལེན་གོ་སྒྲིག་བྱས་པ་དེ་ཁོང་ཚོའི་གྲོས་གཞི་དངོས་སུ་ལག་བསྟར་བྱས་པ་མཚོན་ཞིང་། འབར་མའི་སྐྱབས་བཅོལ་བ་ཚོར་འབྱུང་འགྱུར་ཟླ་བ་དྲུག་གི་རིང་ཉི་ཧོང་སྐད་ཡིག་བསླབ་རྒྱུའི་འཆར་གཞི་དང་། ཉི་ཧོང་གཞུང་ངོས་ནས། འབར་མའི་སྐྱབས་བཅོལ་བ་དེ་དག་གིས་ཉི་ཧོང་གི་སྤྱི་ཚོགས་དང་འབྲེལ་འདྲིས་ཡག་པོ་བྱུང་བ་ཡིན་ན། མ་འོངས་པར་འབར་མའི་སྐྱབས་བཅོལ་བར་སྣེ་ལེན་ཞུ་རྒྱུའི་གྲངས་ཚད་ཀྱང་མང་དུ་གཏོང་སྲིད། ཅེས་བརྗོད་འདུག

གོང་གི་ལས་དོན་དེས་མཚོན་པའི་ད་ཆར་ཉི་ཧོང་ཕྱོགས་ནས་ཁོང་ཚོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་དམངས་བསྐྱར་གནས་བདེ་འཇགས་སྲིད་ཇུས་ཀྱི་ལས་གཞིའི་ཆ་ཤས་ལག་བསྟར་བྱེད་མཁན་ཨེ་ཤ་ཡའི་རྒྱལ་ཁབ་ཐེངས་དང་པོ་ཡིན་ཚུལ་བསྒྲགས་ཤིང་། ཕྱི་ཚེས་ ༢༨ ཉིན་བྷེ་བྷེ་སིའི་ཨེ་ཤ་ཡའི་གསར་གནས་སུ། ཉི་ཧོང་ནི་རྒྱལ་སྤྱིའི་སྟེང་གི་སྐྱབས་བཅོལ་བར་རོགས་དངུལ་སྤྲོད་མཁན་གྱི་རྒྱལ་ཁབ་གཏོང་ཕོད་ཆེ་ཤོས་གྲས་ཡིན་སྐོར་ཡང་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ཉི་ཧོང་གིས་གྲོས་ཆོད་ལག་བསྟར།

  1. གངས་ཁྲོད་ཀྱི་རེ་འགུགས།

    བོད་གཞུང་གིས་ཀྱང་ཉི་ཧོང་ས་ནས་བོད་མི་སྐྱབས་བཅོལ་བའི་ས་མིག་ལེན་ཐབས་ལ་འབད་འབུངས་བྱ་བའི་དུས་ལ་ཐུག་འདུག