བོད་ཀྱི་གནས་སྟངས་བརྗོད་པ།

ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་སུད་སིའི་གྲོང་འཁྱེར་ཇི་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༥ པ་འཚོགས་བཞིན་པའི་ཟུར་ཚོགས་ཤིག་གི་སྟེང་། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་ལ་སྐར་མ་ ༤༠ རིང་གསུང་བཤད་གནང་རྒྱུའི་གོ་སྐབས་ཀྱང་བྱུང་ཡོད། ཚོགས་འདུའི་སྟེང་ཨ་རི་དང་ཅེག་སྤྱི་མཐུན་རྒྱལ་ཁབ། སུད་སི། སྦེལ་ཇམ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་གི་སྐུ་ཚབ་ ༤༠ ཙམ་ལྷན་ཞུགས་གནང་ཡོད་འདུག

སྐབས་དེར་ཁོང་གིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ཏེ། མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་མཇུག་འབྲས་ཅི་བྱུང་དང་འབྲེལ་གནད་དོན་གཙོ་བོ་བཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། དེ་དག་ནི་དང་པོ། མཐོ་སྒང་བོད་ཀྱི་འཁྱག་རོམ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། གཉིས་པ། མཐོ་སྒང་བོད་ནས་བྱུང་བའི་ཆུ་དང་ཆུ་རགས་སྐོར། གསུམ་པ། མཐོ་སྒང་བོད་ཀྱི་བརྟན་འཇགས་འཁྱག་རོམ་ཉམས་རྒུད་འགྲོ་བཞིན་པའི་གནས་བབ་དང་། འཁྱག་རོམ་ཞུས་པར་གནད་དོན་འོག་གོ་ལ་ཧྲིལ་བོའི་ཁོར་ཡུག་གནས་སྟངས་ལ་ཤུགས་རྐྱེན་ཅི་ཐེབས། བཞི་བ། བོད་པའི་འབྲོག་པ་རྣམས་གདོད་མའི་འབྲོག་སའི་རྩྭ་ཐང་ནས་གནས་སྤོར་བྱས་ཏེ། གྲོང་ཁྱེར་དང་ས་ཁང་ཅན་དུ་སྒྱུར་གྱིན་ཡོད་པ་སོགས་ངོ་སྤྲོད་བྱས་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply