མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིག་པའི་ཆེད་མཁས་པ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་ཆེད་དུ་གདན་ཞུ་གནང་བ་ལྟར། ཧྥ་རན་སིར་གནས་བཞུགས་བོད་རིག་པའི་ཆེད་མཁས་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གིས། ཕྱི་ཟླ་ ༩ ཚེས་ ༢༠ ནས་མགོ་འཛུགས་ཀྱིས་མི་རིགས་སློབ་གྲྭ་ཆེན་མོ་དེ་གའི་བོད་རིགས་སློབ་མ་རྣམས་གཙོས་པའི་སློབ་གྲྭ་གཞན་དང༌། པེ་ཅིན་ཉེ་འཁོར་གྱི་ལས་ཁུངས་ཁག་གི་བོད་རིགས་མང་པོ་ཞིག་ལ་འཆད་ཁྲིད་གནང་བཞིན་ཡོད་འདུག ཁོང་ཐེངས་འདིར་པེ་ཅིན་ནས་ཟླ་གཅིག་རིང་བཞུགས་འཆར་ཡོད་པ་དང༌། བདུན་ཕྲག་རེའི་གཟའ་ཟླ་བ་དང་ཕུར་བུའི་དགོང་མོའི་ཆུ་ཚོད་༧ སྟེང༌། འཆད་ཁྲིད་ཐེངས་བརྒྱད་ཙམ་ལ་གནང་རྒྱུའི་མཛད་རིམ་བསྒྲིགས་ཡོད་འདུག ཐེངས་བརྒྱད་ལས་ཐེངས་བཞི་ལ་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་སྐོར་གྱི་འཆད་ཁྲིད་དང༌། ཐེངས་བཞི་ལ་དེང་རབས་རིག་གཞུང་ཞིབ་འཇུག་བྱེད་ཐབས་སྐོར་ངོ་སྤྲོད་དང༌། ནུབ་ཕྱོགས་པའི་ལྟ་གྲུབ་སྐོར་ལ་འཆད་ཁྲིད་གནང་རྒྱུ་ཡིན་འདུག ཟླ་སྔོན་མའི་ཕྱི་ཚེས་ ༢༣ བར་ ༼བོད་ཀྱི་རི་ལྷ་གསོལ་ཚུལ༽་དང་༼ལྷ་བླ་མའི་བཀའ་གཙིགས་དང་བོན་གྱི་སྐོར་ལ་དཔྱད་པ༽བཅས་ཀྱི་ཐོག་འཆད་ཁྲིད་གནང་བར་སློབ་གླིང་གི་དགེ་སློབ་རྣམས་དང༌། ཟུར་ཉན་དུ་ཕེབས་མཁན་ཡོངས་ཀྱིས་དགའ་བསུ་དང་གདེང་འཇོག་ཚད་མཐོན་པོ་གནང་ཡོད་འདུག

 

མཁར་རྨེའུ་བསམ་གཏན་མཆོག་ནི་ཕྱི་ལོ་ ༡༩༣༦ ལོར་མདོ་སྨད་ཤར་ཁོག་ཀི་ཚལ་གྲོང་སྡེ་རུ་སྐུ་འཁྲུངས་ཤིང༌། ལོ་བརྒྱད་ཀྱི་སྟེང་སྣ་སྟེང་དགོན་པར་ཞུགས་ཏེ་བོན་གྱི་ཆོ་ག་ཕྱག་ལེན་གྱི་གཞུང་རྣམས་ལ་སློབ་གཉེར་དང༌། དེའི་རྗེས་རྐྱང་ཚང་དགོན་པར་ཞུགས་ཏེ་རྩིས་དཀར་ནག་དང༌། སྒྲ་སྙན་ངག དབུ་ཕར་སོགས་གཞུང་ཆེན་ལ་སློབ་གཉེར་མཐར་ཕྱིན་མཛད་ཅིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་ཏེ་བཀའ་སྦུག་དང་ལྡི་ལི་སོགས་ནས་གཡུང་དྲུང་བོན་འཛིན་སྐྱོང་སྤེལ་གསུམ་ཐོག་ཕྱག་ལས་རླབས་ཆེན་གནང༌། ༡༩༦༠ ཙམ་ནས་སིང་གྷ་ལཱ་དང་ཨི་ཊ་ལི། དབྱིན་ཡུལ། ཉི་ཧོང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱོད་མགོ་བརྩམས་ཏེ། ཕྱི་ལོ་ ༡༩༦༡ ནས་ ༡༩༧༠ བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་གཙུག་ལག་སློབ་གྲྭ་ School of Oriental and African Studies University of London ཞེས་པའི་ནང་སློབ་གཉེར་གནང་ཞིང་། མཐར་མཚན་ཉིད་སློབ་དཔོན་M.Phil ཞེས་པའི་གོ་གནས་དང༌། ༡༩༨༥ ལོར་འབུམ་རམས་པ་ PHD ཞེས་པའི་མཚན་གནས་ཐོབ་ཡོད། ༡༩༨༡ ལོར་ཧྥ་རིན་སིའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ཁང་ཆེན་མོ་ CNRS ཞེས་པའི་ནང་ཞུགས་ཏེ། སྤྱི་ཚོགས་རིག་པ་དང་མི་རིགས་རིག་པའི་ཐོག་ཞིབ་འཇུག་གནང་སྟེ་ ༡༩༨༨ ལོར་ཁོང་གི་ཞིབ་འཇུག་གྲུབ་དོན་གྱི་དཔེ་དེབ་ལ་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག་པ་མ་ཟད། ༡༩༨༩ ལོ་ནས་སློབ་གྲྭ་དེའི་ཞིབ་འཇུག་སློབ་སྟོན་པ་ Director of Research ཞེས་པའི་མཚན་གནས་བསྩལ་ཏེ་ད་བར་ཕྱག་ལས་གནང་མུས་ཡིན་ཞིང་། ཕྱི་ལོ་ ༡༩༩༦ ནས་ ༢༠༠༢ བར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་པས་མང་མོས་འོས་འདེམས་ཐོག་ཚོགས་གཙོའི་ཐུགས་འགན་ཡང་བཞེས་ཡོད།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས། 

 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༢༣ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤

མཆན། 7

  1. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    བོད་ལ་སྐུ་ཉིད་ལྟ་བུའི་མི་བཅུ་ཙམ་ཡོད་རྒྱུ་བྱུང་ན་ཅི་མ་རུང་།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    གང་ཉིད་ཀྱིས་བོད་རིག་པའི་ལས་དོན་ཐད་སྣྔར་མེད་པའི་ཕྱག་རྗེས་ཕུལ་བ་ལ་ཕྲན་གྱིས་རང་དང་ན་མཉམ་གྱི་མི་རབས་གསར་པའི་ཚབ་བྱས་ནས་དྲི་མེད་སེམས་ཀྱི་ཁ་བཏགས་དཀར་པོ་ཕུལ་བ་ཡིན་ལགས།ཡིད་སྐྱོ་བ་ཞིག་ལ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་ནི་ད་ལྟའི་དུས་སུ་མིང་གི་ལྷག་མ་ཙམ་ཡིན།རྒྱ་ནག་པོའི་སྣྙིང་གི་ཡ་ཆུང་ནང་དུ་བོད་དཀར་པོའི་སྣྙིང་ཞིག་ཤོང་སྲིད་དམ།སྐུ་ཉིད་ལགས་ཤེས་རིག་གི་རྣྔམས་མཐུག་པའི་ནུབ་བྱང་དང་།ལྷོ་ནུབ།མཚོ་སྣྔོན་མི་རིགས་སློབ་གྲྭ་ཆེན་མོ་བཅས་སུ་ཆིབས་སྒྱུར་ཐུབ་པ་བྱུང་ཚེ་ཕན་ཐོགས་བསམ་གྱིས་མི་ཁྱབ་པ་བསྐྲུན་ཐག་ཆོད་ཡིན།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རྩམ་ཟན་ཞིག་ལས་མཆེད་ཡོད་དུས་རང་བཞིན་གྱི་རྩམ་དྲི་བྲོ་ཡོང་གི་རེད།
    མཁས་དབང་ཁོང་ལ་བཀྲིས་བར་ཤོག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ལས་དང་སྨོན་ལམ་གྱི་དབང་གིས་བོད་རིགས་མཁས་པ་ཡིན་ན། བོད་མིར་ཕུག་རྒྱང་རིང་པོར་ཕན་ཐོགས་པའི་བཀའ་མོལ་གནང་པས་ཁྱབ་པ་མེད་པས། ལེགས་ཉེས་འབྱེད་ཤེས་པ་དགོས་འདུག

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཁར་སང་དེ་རིང་མཁར་རྨེའུ་བསམ་གཏན་གྱིས་ལྷ་བླ་མས་བོན་ལ་སྡུག་པོ་བྱས་ཚུལ་ཞིག་གནམ་བསྒྲགས་ས་བསྒྲགས་བྱེད་པ་འདིའི་རྒྱུ་མཚན་གཅིག་ནི་བོན་ཟེར་བའི་རྒྱ་ཆེན་པོ་འདིའི་ལོ་རྒྱུས་དུས་རབས་བཅུ་པའི་ཡན་ལ་འདེད་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་ཡོང་དུས་ལྷ་བླ་མའི་ལོ་རྒྱུས་ནང་ན་བོན་ཟེར་བ་ཞིག་ཡོད་ཚུལ་ཤུགས་ཆེན་པོས་བསྒྲགས་ནས་བོན་གྱི་ལོ་རྒྱུས་དེ་ཡར་ཙམ་འདེད་ཐུབ་པའི་རེ་བ་ཡོད་པ་རེད།
    བསམ་གཏན་ཁོང་པེ་ཅིང་དུ་འགྲོ་ཐུབ་པའི་རེ་བ་ཡོད་པ་ངས་སྔར་ནས་ཤེས་ཡོད། ན་ནང་ཞིག་ནས་རྒྱ་མིས་ཁོང་གི་ཕ་ཡུལ་བཅིངས་འགྲོལ་བཏང་པ་རེད་ཟེར་བའི་བཅིངས་འགྲོལ་ཟེར་བའི་ཚིག་དེ་ཤུགས་ཆེན་པོས་བེད་སྤྱོད་བྱེད་ཀྱིན་འདུག ཉེ་སྔོན་བོད་རིག་པའི་ཚོགས་འདུའི་སྐོར་གྱི་དྲིས་ལན་དེར་ཡང་ཆབ་སྲིད་བཤད་མི་ཆོག་ཀྱང་ཆབ་སྲིད་བཤད་མཁན་ཚོས་མ་འགྲིགས་ནས་རྒྱ་དམར་གྱིས་བོད་མི་ཁ་ཤས་ཤིག་ཚོགས་འདུར་མ་བཏང་བའི་ནག་ཉེས་ཤིག་ཀྱང་འགེལ་གྱིན་འདུག སྔོན་མ་ང་བོད་དུ་ཡོད་དུས་ནམ་མཁའི་ནོར་བུ་པེ་ཅིང་དུ་ཡོང་ནས་ཐོག་མར་འུར་འུར་ཟིང་ཟིང་འདྲ་ཞིག་བྱས་སོང་མོད་ད་ལྟ་བོད་ནང་གི་མཁས་པ་ཚོས་ནམ་མཁའི་ནོར་བུ་ལ་གདེངས་འཇོག་བྱེད་མཁན་དེ་ཙམ་མི་འདུག ཁོ་རང་ཡང་ཡང་ཡི་ཆད་ཚར་འདུག མཁར་རྨེའུ་བསམ་གཏན་ལ་ཡང་ལམ་ཁ་ཆེན་པོ་ཡོད་པ་མ་རེད། སྤོ་བོ་ཚོའི་ཁོང་ན་ལེན་རྒྱུ་ཆེན་པོ་ཡོད་པ་མ་རེད། ལྷ་འདྲེ་གདོན་བགེགས་མ་གཏོགས་ཅང་བཤད་ཤེས་གི་མ་རེད། ང་ཚོ་མི་རབས་གསར་པ་ལ་དགོས་པ་དེ་ཁོང་ཚོས་མི་ཤེས། ཤེས་ཀྱང་མི་བཤད།

    Reply
  6. མིག་གསུམ་པ། says:
    ལོ་ 16 སྔོན།

    མཁས་དབང་མཁར་རྨེའུ་བསམ་གཏན་གྱི་སྐུ་ཚེ་བརྟན་པར་སྨོན། ༼མདའ་དང་འཕང༽་གི་དཔེ་དེབ་ཀློག་བཞིན་སྒང་ཡིན།

    Reply
  7. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    དངོས་དོན་གྱི་མཁས་པ་ཁོར་བཀྲ་ཤིས་བདེ་ལེགས་ཞུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese