ཨོ་བྷ་མར་འབོད་སྐུལ།

གསར་འགྱུར་རྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཕྱི་ཚེས་ ཉིན་གྱི་ཞོགས་པར་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༢༩ ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་སྲིད་འཛིན་ཨོ་བྷ་མར་ཞུ་ཡིག་ཅིག་ཕུལ་པའི་ནང་། ཨོ་བྷ་མས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ལ། ལེའོ་ཞོ་པོ་དང་ཀཱོ་ཚི་ཞཱུན་གཉིས་གཙོས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀློད་གྲོལ་གཏོང་དགོས་པར་འབོད་སྐུལ་ཞུ་དགོས་ཚུལ་དང་། སྐུ་ཞབས་ལེའོ་ཞོ་པོ་བཀག་ཉར་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་སོ་སོའི་མི་སེར་གྱི་སྨྲ་བརྗོད་རང་དབང་ཐོག་དྲག་གནོན་བྱེད་ཀྱིན་ཡོད་པའི་མཚོན་བྱེད་ཅིག་ཡིན་སྟབས ང་ཚོའི་ངོས་ནས་རྒྱ་ནག་གི་གཞིར་རྩའི་འགྲོ་བའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་དྲག་གནོན་བྱེད་པའི་སྲིད་བྱུས་དེ་ལ་འགྱུར་བ་འགྲོ་རྒྱུར་རེ་བ་རྒྱག་གི་ཡོད་སྐོར་བཀོད་ཡོད་འདུག

དེ་བཞིན་ཞུ་ཡིག་དེ་མུ་མཐུད་དོན ང་ཚོའི་ངོས་ནས་ཨ་རིའི་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཡིད་ཆེས་ཆེན་པོས་འབོད་སྐུལ་ཞུ་རྒྱུར། རྒྱ་ནག་གཞུང་ལ་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་རྡོག་རུལ་གཏོང་པའི་བྱ་སྤྱོད་རིགས་མཚམས་འཇོག་ཡོང་རྒྱུར་གནོན་ཤུགས་སྤྲོད་དགོས་སྐོར་ཡང་བཀོད་ཡོད་འདུག སྐུ་ཞབས་ཀཱོ་ཚི་ཞཱན་ནི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་རྩོད་པ་ཞིག་ཡིན་ཞིང་། ཁོང་འདི་ལོའི་ཕྱི་ཟླ་ པའི་ནང་རྒྱ་གཞུང་གིས་བཀག་ཉར་བྱས་ཤིང་ ཕྱི་ཟླ་ པའི་ནང་ཕྱིར་ཀློག་གྲོལ་ཙམ་བཏང་ཡོད་ཀྱང་། ཕྱི་ཟླ་ ༤ ནང་བསྐྱར་དུ་འཛིན་བཟུང་གིས་ད་ལྟའི་བར་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

3 thoughts on “ཨོ་བྷ་མར་འབོད་སྐུལ།

  1. མངའ་རིས་བུ།

    སྐྱབས་སུ་མཆི་ཨོ་བྷ་མར།
    ཐུགས་རྗེས་བཟུང་དུ་གསོལ།
    བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་མིས་བོད་མིར་སྡུག་པོ་གཏོང་གི་འདུག
    ཨ་རིར་ལེན་རོགས་གནང་དང།
    དེ་ནས་ག་རེ་བྱུང་ནའང་བྱུང།
    དེ་འདྲ་ཞིག་འབོད་བསྐུལ་ཞུས་ན་གང་འདྲ་འདུག

  2. རྡོ་རྗེ་ཚེ་རིང་།

    སྐབས་དང་དུས་ལ་བབས་པའི་འབོད་སྐུལ་ཞིག་རེད་འདུག དེ་དང་ཆབས་ཅིག་།ཨོ་བྷ་མ་ཁོས་བོད་དེ་རྒྱ་ནག་གིས་ཆ་ཤས་ཡིན་ཚུལ་སོགས་་ཁོས་རང་གིས་རྐུབ་བཏེགས་བེད་སྤྱད་ལོགས་པར་བཏང་ནས་ཁུངས་མེད་གཏམ་འཆལ་འདྲ་བཟོ་གིན་འདུག་པ་དག་ཀྱང་མཉམ་དུ་ནུས་མེད་རྒྱལ་ཁབ་ལ་བརྙས་བཅོས་བྱས་པའི་སྙན་ཞུ་རེ་འབུལ་ཐུབ་ན་ཧ་ཅང་བཟང་། 

  3. བསྟན འཛིན་ཆོས་རྒྱལ

    ང་ཚོ་བོད་རིགས་སོགས་ཀྱིས་ཡང་བོད་རིགས་བཙོན་པ་སོགས་ཀྱི་ཆེད་དུ་འབོད་སྐུལ་རེ་ཞུ་ཐུབ་ན་ལེགས།