པེན་གྱི་བྱ་དགའ་ལིག་ཞོ་པོ་ལ་ཐོབ།

 

ཟླ་འདིའི་ཕྱི་ཚེས་ ༧ ཉིན་འཇར་མིན་གྱི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་བྱ་དགའ་དེ་ཡང་རྒྱ་རིགས་རྩོམ་པ་པོ་ལིག་ཞོ་པོ་ལ་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད།

ཕྱི་ཚེས་ ཉིན་འཇར་མིན་གྱི་དཔེ་དེབ་འགྲེམས་སྟོན་ཞིག་གི་སྟེང་ཨར་ཇིན་ཌི་ན་དང་ཁེའོ་པཱ། རྒྱ་ནག་བཅས་གསུམ་གྱི་ཐོག་ལ་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཡོད་པའི་སྟེང་། རྒྱལ་སྤྱིའི་གསར་འགོད་པ་ ༦༠ ཙམ་མཉམ་ཞུགས་གནང་ཡོད་ཅིང་། སྐབས་དེར་འཇར་མིན་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ ༢༠༡༠ ལོའི་གཟེངས་བསྟོད་བྱ་དགའ་དེ། འབྱུང་འགྱུར་ཕྱི་ཟླ་ ༡༡ པའི་ཚེས་ ༡༡ ཉིན་རྒྱ་རིགས་སྲིད་དོན་བཙོན་པ། རྩོམ་པ་པོ་ལིག་ཞོ་པོ་ལ་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་ཅིང་། སྐབས་དེར་འཇར་མིན་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲུང་ཆེ་མཆོག་གིས། ལིག་ཞོ་པོ་ནི་ ༢༠༠༨ ལོའི་རྒྱ་ནག་གི་རྩ་ཁྲིམས་ལ་བསྐྱར་ཞིབ་གནང་མཁན་དང་། རྒྱ་ནག་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་གནང་མཁན་སྙན་གྲགས་ཅན་ཞིག་ཡིན་པ་མ་ཟད། ཁོང་ནི་སྙན་ངག་པ་དང་རྩོམ་རིག་སྒྱུ་རྩལ་པ། ཆབ་སྲིད་དབྱེ་ཞིབ་པ་ཞིག་ཀྱང་ཡིན། ད་ཆར་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་གིས་མི་ལོ་ ༡༡ གི་ཁྲིམས་ཐག་བཅད་ཡོད། གཅིག་བྱས་ན་སང་ཉིན་ཁོང་ལ་འདི་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་འཐོབ་སྲིད་ལ། ང་ཚོའི་ངོས་ནས་ད་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་སྐུ་ཞབས་ལིག་ཞོ་པོ་ལ་འཐོབ་པའི་རེ་བ་བྱེད་ཀྱི་ཡོད། གལ་སྲིད་ཁོང་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པ་ཡིན་ན། དེ་རིང་གི་ང་ཚོའི་བྱ་དགའ་འདི་ཧ་ཅང་ཆུང་ཆུང་ཞིག་ཡིན་རུང་། འབྱུང་འགྱུར་ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་ང་ཚོའི་གཟེངས་བསྟོད་བྱ་དགའ་འདི་དངོས་སུ་འབུལ་སྐབས། ཧ་ཅང་དོན་སྙིང་ལྡན་པ་ཞིག་དང་གཟི་བརྗིད་ཆེན་པོ་ཞིག་ཆགས་ཡོང་གི་རེད། ཅེས་གསུངས་འདུག

  

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “པེན་གྱི་བྱ་དགའ་ལིག་ཞོ་པོ་ལ་ཐོབ།

  1. རྟེན་འབྲེལ་ཞུ། འདི་ཡང་བདེན་དོན་ལ་ཕྱོགས་པའི་གོམ་པ་སྤོ་སྟངས་གལ་ཆེན་ཞིག་རེད། འདི་དང་འདི་ལྟ་བུས་མཚོན་པའི་ལས་དོན་དག་ལ་དགའ་སྟོང་སྒོམ་དགོས་པའི་ལས་སུ་ཆེ།