ང་ཚོའི་ལྕེ་གཅོད་ཀྱི་འདུག

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཡུ་རོབ་ཧོ་ལན་ཌིའི་རྒྱལ་ས་ཨམ་སུར་ཌམ་དུ་བོད་རིགས་སློབ་ཕྲུག་ཁག་ཅིག་གིས་ཉིན་འདི་དག་ལ་བོད་ནང་གི་སློབ་མ་ཚོས་སྐད་ཡིག་སྲུང་སྐྱོབ་ཐད། རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཅིག་རྗེས་གཉིས་མཐུད་དུ་བྱེད་ཀྱིན་ཡོད་པའི་ཐད། གདུང་སེམས་མཉམ་སྐྱེད་དང་རྒྱབ་ལངས་དཔུང་རོགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། སྐབས་དེར་སློབ་ཕྲུག་དེ་དག་གིས་ལ་བ་དཀར་པོ་གྱོན་ཞིང་། མགོ་ལ་ཞ་མོ་ནག་པོས་གཡོགས་ཏེ། སྐེ་ལ་བྱང་བུ་བཏགས་ཤིང་། དེའི་སྟེང་༼ རྒྱ་གཞུང་གིས་ང་ཚོ་བོད་པའི་ལྕེ་གཅོད་ཀྱིན་འདུག ང་ཚོ་ལ་རྒྱབ་སྐྱོར་ཞིག་གནང་རོགས ༽ ཞེས་པའི་འབོད་ཚིག་བཀོད་དེ། གྲོང་འཁྱེར་གྱི་དཀྱིལ་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཞིག་བྱས་ཡོད་འདུག་ལ། བོད་རིགས་སློབ་ཕྲུག་དེ་དག་གི་ལས་འགུལ་དེར་ས་གནས་མང་ཚོགས་ཚོས་དོ་སྣང་ཆེན་བྱུང་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “ང་ཚོའི་ལྕེ་གཅོད་ཀྱི་འདུག

  1. བོན་རྒྱ་བསྟན་འཛིན་རབ་རྒྱས།

    འགྲིག་གི། འདི་ཆབ་སྲིད་ཀྱི་གནད་དོན་མ་རེད། རིག་གཞུང་གི་གནད་དོན་རེད། འདི་རྒྱལ་ཁབ་གང་ལའང་གཏུགས་ཆོག་པ་རེད་ལ། དེ་ལུགས་ཀྱི་རྒྱབ་སྐྱོར་ཡང་ཞུས་ཆཽག་གི་རེད།