ཀུན་གསལ་འོད་སྣང་།

 

ཁ་སང་ཕྱི་ཚེས་ ༡༦ ཉིན་བོད་གཞུང་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གིས། འེ་ཝན་ནང་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་གྲུབ་མཐའ་དང་བོད་ཀྱི་རྒྱལ་རབས། ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་སོགས་ངོ་སྤྲོད་བྱ་ཆེད་དང་། ལྷག་པར་དུ་ཉེ་བའི་ཆར་ཐའེ་ཝན་ནང་བོད་ཀྱི་ནང་ཆོས་ལ་ལོག་འགྲེལ་དང་ཚུལ་མིན་གྱི་བྱ་སྤྱོད་སྤེལ་མཁན་མང་དུ་འགྲོ་བཞིན་ཡོད་པ་སོགས་ལ་དམིགས་ཏེ། རྒྱ་ཡིག་གི་ལམ་ནས་༼ ཀུན་གསལ་འོད་སྣང་༽ ཞེས་པའི་ཟླ་གསུམ་དུས་དེབ་ཞིག་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག  ཀུན་གསལ་འོད་སྣང་ཞེས་པའི་དུས་དེབ་དེར་ཤོག་ངོས་  ༤༨ ཡོད་པ་དང་། དེའི་ནང་༸གོང་ས་མཆོག་གི་བཀའ་སློབ་དང་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་པས་ནང་ཆོས་ངོ་སྤྲོད་བྱས་པ་ཁག། དེ་བཞིན་ཆོས་འབྱུང་བོད་བརྒྱུད་ནང་ཆོས་འེ་ཝན་ལ་དར་ཚུལ། བོད་ཀྱི་གལ་ཆེའི་མི་སྣའི་མཛད་རྣམ་ངོ་སྤྲོད། ནང་ཆོས་ཀྱི་གླེང་སྟེགས། བོད་དོན་གསར་འགྱུར་སོགས་ལེན་ཚན་ ༩ ཙམ་ཡོད་འདུག

ཀུན་གསལ་འོད་སྣང་། ཞེས་པའི་དུས་དེབ་ཀྱི་མཚན་བྱང་དེ་༸གོང་ས་མཆོག་གིས་བསྩལ་བ་ཞིག་ཡིན་ཞིང་། ཐེངས་འདིར་དཔེ་དེབ་ ༧༠༠༠ པར་བསྐྲུན་བྱས་ཏེ། དེར་ཡོད་ཀྱི་ཆོས་ཚོགས་ཁག་དང་དཔེ་མཛོདའབྲེལ་ཡོད་མི་སྣ། གཞན་ཡང་དགོས་མཁོ་ཡོད་རིགས་ཀྱི་དད་ལྡན་པ་རྣམས་ལ་རིན་མེད་ཐོག་འགྲེམས་སྤེལ་ཞུ་འཆར་ཡོད་འདུག

གསར་འགོད་པ་དོན་གོས་བོད་གཞུང་དྲ་བ་ལས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “ཀུན་གསལ་འོད་སྣང་།

  1. དེང་སང་དམག་དཔོན་དེ་ཚོ་ཚོང་ལ་མཁས་བོ་འདུག སྐུ་ངོ་ལགས། ཁོ་ཚོའི་ཚོང་ག་རུ་སྐོར་རྒྱག་འདུག འོ། དེ་ ་་་་་་་ཕལ་ཆེར་ཁོ་ཚོ་ཐེ་ཝན་དུ་སོང་ནས་གཡག་དང་ལུག་བརྗེས་རེས་བྱེད་པ་འདྲ། འེ་་་་ཚོང་པ་དེ་ཚོ་ཐེ་ཝན་དུ་སླེབས་ཐུབ་ཡོད་མེད་སུ་ཞིག་གིས་ཧ་གོ ཨ་ དེང་སང་གཡག་དང་ལུག་བརྗེས་རེས་བྱེད་ཐུབ་བམ། འོ་ ་ ་ ་ དེ་ ་ ཕལ་ཆེར་ཚོང་ལ་མཁས་པོ་ཡོད་པ་འདྲ། དེང་སང་གི་གཡག་ལུག་གི་ཤ་ཞིམ་པོ་ཞེ་དྲག་ཡོད་པ་མི་མང་པོས་ལབ་བཞིན་འདུག་ག

  2. བཀྲ་ཤིས་དོན་གྲུབ།

    བོད་ཀྱི་ནང་ཆོས་ལ་ལོག་འགྲེལ་དང་ཚུལ་མིན་གྱི་བྱ་སྤྱོད་སྤེལ་མཁན་མང་དུ་འགྲོ་བཞིན་པ་འདི། ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། བོད་ལ་ནང་ཆོས་དར་བ་ནས་བཟུང་འདི་འདྲའི་གནད་དོན་ཆུ་བོ་རྒྱུན་བཞིན་དུ་ད་ལྟ་ལ་ཐུག་སོང་བ་རེད། སུ་བདེན་སུ་རྫུན་གྱི་དབྱེ་བ་ནི་དེ་བས་ཀྱང་། མ་གཞི་སངས་རྒྱས་ཀྱི་བསྟན་པ་ཉལ་ཐ་དཀར་པོ་རུ་བསྒྱུར་མཁན་ནི་ཐར་པ་དོན་གཉེར་གྱི་བླ་གྲྭ། གསང་སྔགས་ཁྲོམ་བསྒྲགས་བྱེད་མཁན་དག་གི་རྣམ་ཐར་དང་རྟོགས་བརྗོད་རེད།

  3. ཀླུ་སྨྱོན།

    ཐེ་ཝན་དུ་རྒྱ་མིའི་ཆོས་དད་པ་མང་པོ་ཞིག་གིས་བོད་ཀྱི་གསང་སྔགས་དེ་ཆོས་ལོག་ཡིན་ཚུལ་གྱི་དཔེ་ཆ་མང་པོ་ཞིག་དཔར་ཏེ་བོད་ཀྱི་བླ་མ་ཚོས་དབང་སྐུར་དུས་སྒོ་འགྲམ་དུ་ཡོང་ནས་འགྲེམ་སྤེལ་བྱེད་བཞིན་འདུག་ཟེར། འདི་ནི་ཆོས་པ་ཚོའི་ལས་ཀ་ཞིག་ལས་ཆོས་མེད་ཚོའི་ལས་ཀ་ཞིག་ཡིན་ས་མ་རེད། སྔོན་ཆད་རྒྱ་གར་དུ་ཡང་ཐེག་ཆེན་དང་གསང་སྔགས་སྟོན་པས་གསུངས་མིན་ཐད་རྩོད་པ་ཛ་དྲག་པོ་ཐེངས་མང་བྱུང་སྟེ། ཐེག་དམན་པ་ཚོས་ཐེག་ཆེན་གྱི་ཁ་གཏད་མ་ཆོག་པར་ཤྲི་ལངྐ་སོགས་སུ་སྐྱབས་བཅོལ་དུ་ཕེབས་པ་ཡོངས་གྲགས་རེད།