བོད་ཡིག་གི་བང་རྩལ།

 

ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭས་གསར་ཏུ་བཟོས་པའི་ ios4.2.1 ཞེས་པའི་ནང་། ཕྱི་ཚེས་ ༢༣ ཉིན་༼ ཀེ་ལ་ཤ་བོད་ཡིག ༽གསར་སྣོན་བྱས་ཡོད་འདུག་ལ། ཐེངས་འདིར་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭས་བོད་ཡིག་གསར་སྣོན་བྱས་པ་བརྒྱུད་དེ། བཟོ་གྲྭ་དེ་ནས་ཐོན་པའི་ལག་འཁྱེར་ཁ་པར་ Iphone དང་། གསར་ཐོན་རྩིས་འཁོར་ Ipad དེ་བཞིན་ Ipod སོགས་སུ་བོད་ཡིག་ཚགས་མེད་དུ་བེད་སྤྱོད་གཏོང་ཐུབ་པར་གྱུར་ཡོད་འདུག

བོད་ཡིག་དེ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་དུ་བསྒྱུར་བའི་ཚུན་ལ། ད་ཆར་བོད་ཡིག་འཛམ་གླིང་སྟེང་དངོས་སུ་བེད་སྤྱོད་བྱེད་ཀྱིན་པའི་ཡིག་རིགས་ ༡༠༠ ཡི་གྲས་སུ་བསླེབས་ཡོད་པ་མ་ཟད། དེང་གི་བརྡ་འཕྲིན་བརྒྱུད་ལམ་ཐོག་བེད་སྤྱོད་ཐུབ་པའི་ཡིག་རིགས་ ༥༠ གྲས་སུའང་ཚུད་ཡོད་འདུག

གོང་གི་གནས་ཚུལ་དེ་ཐོན་མ་ཐག་བོད་ཕྱི་ནང་གི་གསར་ལམ་ཁག་གཅིག་ཏུ། ཐེངས་འདིར་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་གསར་སྣོན་བྱས་པ་དེ་༼ སྨོན་ལམ་བོད་ཡིག་གསུམ་པ ༽ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནོར་འཁྲུལ་ཡིན་ཞིང་། ཕྱི་ཚེས་ ༢༣ ཉིན་ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་གསར་སྣོན་བྱས་པ་དེ་ནི་༼ ཀེ་ལ་ཤ་བོད་ཡིག ༽ཡིན།

དེ་རིང་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་གསལ་བཤད་གནང་དོན། སྤྱིར་བཏང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་ལོ་ཤས་གོང་ནས་བོད་ཡིག་ཡོད། དེ་ནི་ཉི་ཧོང་གི་ཨོ་ཏ་ལེ་གཙུག་ལག་སློབ་གྲྭ་དང་ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭ་གཉིས་མཉམ་འབྲེལ་བྱས་ཏེ། ༼ ཀེ་ལ་ཤ་བོད་ཡིག ༽ དང་ ༼ ཀོ་ཀོ་ནོར་བོད་ཡིག ༽ ཟེར་བ་དེ་བཟོས་ཡོད། དེ་གཉིས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཐོག་ཐོན་པའི་བོད་ཡིག་དང་པོ་རེད། དེའི་རྗེས་ཨོ་ཏ་ལེ་གཙུག་ལག་སློབ་གྲྭ་དང་ང་ཚོ་མཉམ་འབྲེལ་ཐོག་༼ སྨོན་ལམ་བོད་ཡིག་གསུམ་པ ༽ ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བཅུག་པ་ཡིན།

ཉེ་ཆར་ ༢༣ ཉིན་ ios4.2.1 ནང་གསར་སྣོན་བྱས་པ་དེ་ཉི་ཧོང་གི་ཨོ་ཏ་ལེའི་གཙུག་ལག་སློབ་གྲྭས་བཟོས་པའི་༼ ཀེ་ལ་ཤ་བོད་ཡིག  ༽ བོད་ཡིག་རེད། ཁ་ཤ་ཀྱིས་སྨོན་ལམ་བོད་ཡིག་གསུམ་པ་རེད་ཟེར་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དེ་ནོར་བ་རེད། འོན་ཀྱང་ཁོང་ཚོའི་ལས་གཞི་དེར་ང་ཚོས་རོགས་པ་བྱས་ཡོད་པ་རེད། ཐེངས་འདིར་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་བཅུག་པ་དེ་དོན་དག་གལ་ཆེན་ཞིག་རེད། ཅེས་གསལ་བཤད་གནང་འདུག

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

19 thoughts on “བོད་ཡིག་གི་བང་རྩལ།

  1. དྲང་བདེན་གི་གཏམ་

    དྲ་གྲོགས་ཇ་མ་ལགས་ དདདད རྟ་རྒྱུགས་བརྡུལ་ཡལ་ཚར་བ་རེད། རྒྱབ་པའི་མདའ་ལ་ལོགས་ཤོག་ཟེར་ཟ་ཡོད་མ་རེད་། དེ་ནི་དང་པོ་ནས་ནོར་བ་ཞིག་རེད། མ་གཞི་ནས་ང་ཚོ་བོད་པ་རྣམས་ཚིགས་གསར་བེད་སྤྱོད་བཏང་རྒྱུར་དགའ་དྲག་པའི་སྐྱོན་རེད།།།
    དྲ་གྲོགས་རྡོ་རྗེ་ཚེ་རིང་ལགས་ ཁྱེད་རང་དེ་འདྲའི་ཟུར་ཟ་གནང་དགོས་ཡོད་མ་རེད་། གང་ལྟར་རུང་བོད་ཡིག་དེ་ཡི་ང་དང་ང་འདྲ་བའི་བོད་རིགས་གཞོན་ནུ་མང་པོར་ཕན་པ་ཆེན་པོ་ཡོང་སྲིད། ཁྱེད་རང་ལ་དགོས་པའི་ཇོ་མོ་གླང་མའི་ཡིག་གཟུགས་དེ་འདི་ལ་གཟིགས་དང། http://www.yalasoo.com/Tibetan/docs/yalasoo_bo_font.php ཁྱེད་སྤྲོ་པོ་ཡོང་བ་ཤོག་།།
    དེེ་མིན་གྲོགས་པོ་ཚོ་གལ་སྲིད་ཁྱེད་རྣམས་ཀྱི་iphone ipod སོགས་ལ་བོད་ཡིག་འཇུག་འདོད་ན་ གུས་པས་ཡང་བསྐྱར་བཞུ་མི་དགོས་པར་ཁྱེད་རྣམས་ནས་ དྲ་གྲོགས་ར་ས་ཕོ་ཉ་ལགས་གི་གསུང་པ་བཞིན་བྱས་ན་འགྲིགས་གི་རེད་ དེ་ནི་ ཁྱེད་རང་ཁ་པར་དང་གློག་ཀླད་མཐུད་རྗེས་ new version update བྱས་རྗེས་སྐར་མ་25གཡས་གཡོན་ནང་རང་བཞིན་གྱི་ལེགས་འགྲུབ་ཡོང་གི་རེད། དེ་རྗེས་ཁྱེད་རང་གི་ཁ་པར་ནང་ཕྱིན་ཏེ་ 1,Setting 2,General 3,Keyboard 4,International keyboards 5,Add new keyboard དེ་རྗེས་ཁྱེད་རང་ནས་བོད་ཡིག་དེ་གདམས་ན་འགྲིགས་། ཧ་ཅང་ལས་སླ་པོ་རེད། གུས་པ་ཡང་བེད་སྤྱོད་མང་པོ་བཏང་གི་ཡོད། རང་ཉིད་ཀྱི་རིགས་གཞུང་དེ་དེང་དུས་ཀྱི་འཕྲུལ་ཆས་གསར་པའི་ནང་བེད་སྤྱོད་བཏང་དུས་ཧ་ཅང་དགའ་སྣང་ཆེན་པོ་འདུག། དེ་ནི་བྱུང་མྱོང་མེད་པའི་ཚོར་བ་གསར་པ་ཞིག་འདུག། རང་ཉིད་ཀྱི་རིགས་གཞུང་དེ་རྩ་ཆེན་ཡིན་པ་ཚོར་གི་འདུག།

  2. གཉན་ཆེན་ཐང་ལྷ་

    ༼ པཎ་ཊ་ཏ་ ༽རྒྱ་གར་སྐད།༼ ཀེ་ལ་ཤ་བོད་ཡིག ༽ཟེར་ན་རྒྱ་གར་སྐད་དང་ ༼ ཀོ་ཀོ་ནོར་བོད་ཡིག ༽ཟེར་ན་སོག་སྐད་ཡིན་པས་བོད་ཀྱི་ཡི་གེར་བོད་རང་གི་མིང་ཞིག་བཏགས་ན་ག་འདྲ་མི་ཆོག་པ་རེད།

  3. གཉན་ཆེན་ཐང་ལྷ་

    ཐོན་མི་སམ་པོ་དྲ་གཉིས་པ་བློ་བཟང་སྨོན་ལམ་ཁ་དྲོ་བཀྲ་ཤིས། བྱ་བ་ལམ་འགྲོ་ཡོང་བར་ཤོག

  4. རྡོ་རྗེ་ཚེ་རིང་།

    བོད་སྐད་མི་ཤེས་མཁན་ཇེ་མང་རེད། བོད་ཡིག་གི་ཚན་རྩལ་ཇེ་མགྱོགས་རེད། བོང་བུ་སྔོན་ལ་ཕྱིན་ས་ལམ་རྗེས་ལ་ཟེར་བའི་དཔེ་རང་རེད། འོན་ཀྱང་ཕྱི་གླིང་བ་ཨ་གསར་ཅན་རེ་ཟུང་དང་བོད་སྐད་ཚོང་བསྒྱུར་བ་རེ་ཟུང་ལ་ཏན་ཏན་ཕན་ཐོགས་རྒྱུ་རེད། དེ་ལས་དྲྭ་གྲོགས་ཚོས་ཇོ་མོ་གླང་མའི་ཡིག་གཟུགས་ཕབ་ལེན་གྱི་དྲྭ་འབྲེལ་ཤེས་ཀྱི་ཡོད་ན་གུས་པར་གནང་རོགས།