ཆུ་ལོག་གི་ཤུཊ་ཚད་ཇེ་ཆེ།

 

ཉེ་ཆར་ཨོ་སི་ཌི་ལི་ཡར་ཆར་བ་བསྟུད་མུར་བབས་ཤིང་། ཁུན་སུ་ལན་ཌི་མངའ་སྡེ་ནང་ཆུ་ལོག་ཤུགས་ཆེ་རུ་ཕྱིན་ཏེ། ཆུ་ལོག་གིས་གནོད་སྐྱོན་ཐེབས་པའི་ས་ཁྱོན་ནི་ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་གཅིག་ཏུ་བསྡུས་པའི་ས་ཁྱོན་ལས་ཀྱང་ཆེ་བ་ཡོད་འདུག་ལ། ས་ཁུལ་དེ་དག་གི་ཡུལ་མི་ཉིས་འབུམ་ ༢༠༠༠༠༠ ལྷག་ལ་གནོད་འཚེ་ཕོག་ཡོད་པ་མ་ཟད། ཆུ་ལོག་གི་གནས་བབ་ད་དུང་ཤུགས་ཆེ་རུ་འགྲོ་བཞིན་པ་རེད།

ད་ལྟ་ས་གནས་མི་མང་སྟོང་ཕྲག་མང་པོ་མྱུར་སྐྱོབ་གྲུ་གཟིངས་དང་ཐད་འཕུར་གནམ་གྲུ་སོགས་ཀྱིས་ས་གནས་གཞན་ལ་བོར་འདྲེན་བྱེད་བཞིན་ཡོད་འདུག དེ་རིང་གཟའ་པ་སང་ཉིན་ཨོ་སི་ཌི་ལི་ཡའི་སྲིད་འཛིན་ཇོ་ལེ་ཡཱ་ Julia Gillard ས་གནས་སུ་ལྟ་སྐོར་དུ་བསྐྱོད་ཡོད་ཀྱང་། ས་ངོས་གང་སར་ཆུས་ཁེངས་ཏེ་ཁོང་གི་ཐད་འཕུར་གནམ་གྲུ་འབབ་མ་ཐུབ་པར་བརྟེན། མཁའ་དབྱིངས་ནས་ལྟ་སྐོར་ཞིག་བྱས་རྗེས་ཕྱིར་སྐམ་སར་འགྲོ་དགོས་བྱུང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “ཆུ་ལོག་གི་ཤུཊ་ཚད་ཇེ་ཆེ།

  1. གངས་སྐྱེས།

    གློ་བུར་དུ་བྱུང་བའི་འབྱུང་བཞིས་གནོད་འཚེ་དེ་་འཕྲལ་དུ་བཟློག་ཐབས་དཀའ་ནའང་རིམ་གྱིས་ཐབས་ཤེས་བྱས་ཆོག། ཨོ་སི་ཁྲོ་ལེ་ཡ་རྒྱལ་ཁབ་ཀྱི་རང་གི་མི་དམངས་ཀྱི་བདེ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གང་ནུས་ཅི་ཡོད་ཀྱི་རོགས་རམ་བྱེད་དགོས། དེ་མཚུངས་སུ་འཛམ་གླིང་སྟོབས་ཆེན་རྒྱལ་དག་གིས་ཀྱང་རོགས་རམ་བྱེད་དགོས། ང་ཚོས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་སྨོན་ལམ་དང་གསོལ་འདེབས་བྱེད་ཀྱིན་ཡོད།

  2. སེར་སྨད་བློ་དགའ།

    ཆེས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུང་བའི་ཉམ་ཐག་མི་མང་རྣམས་ལ་སྙིང་ཐག་པ་ནས་གདུང་སེམས་མཉམ་བསྐྱེད་དང་རྐྱེན་ངན་དེ་ལས་མྱུར་དུ་ཐར་ཐུབ་པར་དཀོན་མཆོག་ལ་སྐྱབས་འཇུག་ཞུ།

  3. བཀྲ་ཤིས་དོན་གྲུབ།

    འདིའི་ཡུལ་མི་རྣམ་ལ་གདུང་སེམས་མཉམ་སྐྱེད་བྱ། ཁྱེད་རྣམ་མྱུར་དུ་གོད་ཆགས་འདི་ལས་ཐར་བའི་སྨོན་ལམ་འདེབས།