བོད་མི་གསུམ་འཛིན་བཟུང་།

བལ་ཡུལ་གྱི་ཧི་མ་ལ་ཡའི་གསར་ཤོག་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་སུ་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་གསུམ་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེ་ནི་བོད་མི་དེ་དག་གིས་བལ་བོད་མཐའ་མཚམས་བརྒལ་ཏེ། བལ་ཡུལ་གྱི་གྷོ་ཀེལ་ཁོ་ལ་ས་གནས་ཀྱི་གྷོ་ཁ་རྫོང་གི་ས་ཐོག་ཏུ་འབྱོར་སྐབས། ས་གནས་ཡུལ་མི་ཚོས་ཁོང་ཚོ་ཁྲིམས་འགལ་གྱིས་བལ་ཡུལ་ས་ཐོག་ཏུ་འབྱོར་ཡོད་ཚུལ་བཤད་དེ་བལ་ཡུལ་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག

ཉེན་རྟོག་པས་ཁོང་གསུམ་གྱི་དངུལ་དང་ཅ་དངོས་སོགས་གཞུང་བཞེས་བཏང་སྟེ་ཁོང་ཅག་མུ་མཐུད་བཀག་ཉར་བྱས་ཡོད་སྐོར་བརྗོད་འདུག ད་ལྟའི་ཆར་བོད་མི་དེ་གསུམ་ས་གནས་གང་ཞིག་ནས་ཡོང་མིན་དང་མིང་ཅི་ཡིན་གྱི་གནས་ཚུལ་གསལ་བོ་བཀོད་མེད་ཀྱང་། བལ་ཡུལ་ཉེན་རྟོག་པས་ཉིན་ གྱི་རྗེས་སུ་ཀ་ཐ་མན་གྲུ་རུ་ཡོད་པའི་བལ་ཡུལ་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག ད་དུང་གསར་ཤོག་དེའི་སྟེང་ད་ལྟའི་ཆར་བོད་ནས་བལ་ཡུལ་མཐའ་མཚམས་བརྒལ་ཏེ་བྲོས་བྱོལ་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་དང་། ལྷ་ས་ནས་བོད་མི་ཞིག་བལ་ཡུལ་གྱི་མཐའ་མཚམས་བར་འགྲོ་བར་རྒྱ་སྒོར་ ༥༠༠༠ ལྷག་སྤྲོད་ཀྱིན་ཡོད་སྐོར་ཡང་བཀོད་འདུག

གསར་འགོད་པ། དོན་གོ

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “བོད་མི་གསུམ་འཛིན་བཟུང་།

  1. སངས་རྒྱས་རྡོ་རྗེ།

    ཨོ་སྙིང་རེ་རྗེ་བོད་པ་དེ་ཚོ།
    ད་ངོ་མ་ཁོང་ཚོ་རྒྱ་ལག་ལ་མི་འགྲོ་བའི་ཐབས་ཤེས་ཞིག་བོད་གཞུང་གིས་གནང་རོགས་བྱས་ན་དགའ་བ་ལ།
    དེ་མིན་ཁོང་ཚོ་རྒྱ་ལག་ལ་ཤོར་བ་ཡིན་ན་ལོ་མང་རིང་ལ་དཀའ་ངལ་མང་པོ་འོང་གི་རེད་ཡ།
    སྤྱིར་ང་ཚོ་བོད་གཞུང་འདི་གནས་ཚུལ་འདི་འདྲ་ལ་ཕན་པ་མེད་ན་གཞུང་ཡོད་དང་མ་ཡོད་ཁྱད་པར་གང་མི་འདུག་བསམ་གི།
    བོད་མི་གཅིག་ལ་དཀའ་ངལ་དམིགས་བསལ་དེ་འདྲ་འཕྲད་སྐབས་གཉིད་ཁུག་འདུག་པ་ཡིན་ན་ད་ག་འདྲ་བྱེད་དགོས་ནི་རེད།
    ང་ལ་དེ་འདྲེས་གཞུང་ཞིག་ངོ་མ་དགོས་པ་མིན།
    དྲ་གྲོགས་རྣམས་འདིར་གཟིགས་དང་།
    འདིའི་དྲ་ཐོག་གི་ཁ་བྱང་གཉིས་ལ་གཟིགས་དང་ངོ་མ་ཡིན་སྐྱོ་ནི་ཞིག་རེད་ཡ།
    རང་གཞུང་དང་རྒྱ་ནག་དང་བལ་བོ་གསུམ་གྱིས་ང་ཚོ་བོད་མི་རྣམས་ལ་བརྗོད་མི་ཤེས་པའི་སྡུག་བསྔལ་གཏང་གི་འདུག་ཡ།
    ད་ག་རེ་བྱེད་དགོས་ཤེས་མ་སོང་།
    འདིར་གཟིགས་དང
    http://www.shambalapost.com/blog/viewpost/5189
    http://tibettimes.net/news.php?showfooter=1&id=3900
    ཨོ་དེ་འདྲ་རེད་ཡ།

  2. སངས་རྒྱས་རྡོ་རྗེ།