འབྲེལ་མོལ་རྒྱུན་འཁྱོངས་བྱོས།

ཁ་སང་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཕོ་བྲང་དཀར་པོ་རུ་སྲིད་འཛིན་ཨོ་བྷ་མ་དང་ཧུའུ་ཅིན་ཐའོ་གཉིས་མཇལ་འཛོམས་སྐབས། ཨོ་བྷ་མས་ང་ཚོ་ཨ་རིའི་ངོས་ནས་འཛམ་གླིང་སྐྱེས་འགྲོ་སྤྱིའི་བདེ་དོན་དང་ཡོང་ཁྱབ་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ལ། གནད་དོན་དེར་ཐེངས་འདིར་ཡང་ང་རང་གིས་བསྐྱར་དུ་ནན་བརྗོད་ཞུ་རྒྱུ་ཡིན། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམས་རང་དབང། ངོ་རྒོལ་བྱ་རྒྱུའི་རང་དབང་། ཆོས་དད་རང་དབང་སོགས་རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཡང་ངོས་འཛིན་བྱས་ཡོད། ང་ཚོ་ཨ་རི་བ་ཙམ་མ་ཡིན་པར། རྒྱ་ནག་ཚུད་པའི་རྒྱལ་ཁབ་ཀུན་གྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུས་ཚེ་ཡར་རྒྱས་ཡོང་བ་ཞིག་ཆགས་ཡོད་སྟབས། ང་ཚོས་གནད་དོན་དེ་གལ་ཆེན་དུ་རྩི་བཞིན་ཡོད།  ཅེས་དང་།

བོད་རྒྱའི་གནད་དོན་སྐོར་ལ་ཁོང་གིས། ཨ་རིའི་ངོས་ནས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། ཕན་ཚུན་གྱི་བསམ་ཚུལ་མི་མཐུན་པ་དང་སེམས་འཚབ་ཡོད་པའི་གནད་དོན་རིགས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་༧ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་ལམ་རྒྱུན་འཁྱོངས་བྱ་གལ་ཆེན་ཆགས་ཡོད་པ་བཞིན། ལས་དོན་འདིར་ཨ་རིའི་གཞུང་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

གསར་འགོད་པ། དཔལ་ལྡན།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

4 thoughts on “འབྲེལ་མོལ་རྒྱུན་འཁྱོངས་བྱོས།

  1. ལྷོ་ཕྱོགས་རྒྱ་མཚོ།

    ཨོ་བྷ་མས་བཤད་པའི་ཚིག་དེ་ཚོ་རྒྱ་ནག་པོ་ལ་དགོས་པའི་དངོས་དེ་རེད། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་ཚེ། བོད་ལ་རྒྱ་ནག་དེ་མེད་ཐབས་མེད་པ་ཞིག་ངང་གིས་ཆགས་འགྲོ་གི་ཡོད་རེད་ལ། བོད་མེད་ན་རྒྱ་ནག་དེ་ཆ་ཚང་བའི་རྒྱལ་ཁབ་ཅིག་ཀྱང་མ་ཡིན་པ་བཤད་ཡོད་རེད། དེས་ཧུ་ཅིན་ཐོར་དགོས་པའི་ཚིག་དེ་ག་རང་རེད།

  2. ཡང་ཡང་བསྐྱར་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་གནང་བར་བོད་མི་སྤྱི་བོར་གནམ་བསྟན་ཡོངས་ལ་དགའ་ཐབས་མེད། གང་ཡིན་ཞེ་ན་བོད་ནི་བོད་རྒྱལ་ཁབ་རང་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་དབང་ཆེན་འགོ་དཔོན་གཉིས་པ་ཞིག་བོད་མི་ཡོངས་ཀྱི་གཉའ་ལ་བསྡད་ན། བོད་མི་ཡོངས་ཀྱི་ངོ་ལེན་ནམ་ཡང་བྱེད་ཐབས་བྲལ། ང་རང་སྒེར་ངོས་ནས་བཤད་ན་ཨོ་བྷ་མ་ལ་ཐུགས་རྗེ་ཆེ་ཞུ་ཡག་ཕར་གཞོག་ཧུ་ལས་ཁོ་རང་ལྟས་ངན་པ་བརྩི་གིན་ཡོད།