དབང་ཆ་འཐབ་རྩོད།

ཨ་ཧྥི་རི་ཀའི་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ ( Ivory Coast ) ཀྱི་སྲིད་འཛིན་གསར་རྙིང་བར་འཁྲུག་རྩོད་བྱུང་སྟེམི་ ༨༠༠ ལྷག་རྐྱེན་ལམ་དུ་བཏང་ཡོད་འདུག

གཟའ་འཁོར་འདིའི་མགོ་སྟོད་ནས་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་རྙིང་བར་ཟིང་འཁྲུག་བྱུང་ཡོད་ཅིང་། ལྷག་པར་དུ་ཁ་སང་ཕྱི་ཚེས་ ༡ ཉིན་རྒྱལ་ཁབ་དེའི་ནུབ་ཁུལ་ཌའུ་ཀའོ་ (Duekoue) གྲོང་ཁྱེར་དང་ལྷག་པར་དུ་ཨ་བྷེ་ཌི་ཇན(Abidjan) རྫོང་ཁོངས་སུ་ཟིང་འཁྲུག་ཚབས་ཆེན་བྱུང་ཡོད་འདུག

རྒྱལ་སྤྱིའི་རཱེ་ཌི་ཁུརོ་སི (Red Cross) ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་རྙིང་བར་གྱི་ཟིང་འཁྲུག་དེ་ཕྱི་ཚེས་ ༢༨ ཉིན་མགོ་བརྩམས་ཡོད་ཀྱང་། འཐབ་འཁྲུག་ཛ་དྲག་ཆེ་ཤོས་དེ་ཕྱི་ཚེས་ ༣༡ དང་ཁ་སང་ཚེས་ ༡ ཉིན་བྱུང་ཡོད། ཐེངས་འདིའི་ཟིང་འཁྲུ་ཁྲོད་ཤོག་ཁག་ཕན་ཚུན་གྱི་དམག་མི་དང་མི་སེར་ ༨༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། བྱིས་པ་དང་བུད་མེད་ཚུད་པའི་ས་གནས་མི་མང་སྟོང་ཕྲག་མང་པོ་ས་ཁུལ་གཞན་དག་ནང་ཉེན་གཡོ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་སྐོར་བསྒྲགས་འདུག

ཐེངས་འདིའི་ཟིང་འཁྲུག་ཁྲོད་ཁོ་ཐེ་ཏི་ཝོར་གྱི་སྲིད་འཛིན་ཟུར་པ་ཨ་ལཱ་སཱན་སན་( Alassane Ouattara )ཤོག་ཁག་གིས་དམག་འཐབ་དྲག་པོ་བྱས་ཏེ། སྲིད་འཛིན་ལས་ཐོག་པ་བྷག་བྷོ་ (Gbagbo ) ཡིས་གནས་མང་པོ་ཞིག་བཟུང་ཡོད་ཅིང་། སྲིད་འཛིན་ཟུར་པ་ཨ་ལཱ་སན་གྱི་མགྲིན་ཚབ་པས་བརྗོད་པ་ལྟར་ནཐེངས་འདིར་སྲིད་འཛིན་བྷག་བྷོ་ལ་ཁོས་གོ་གནས་སྤྲོད་མིན་གྱི་གྲོས་མོལ་གོ་སྐབས་སྤྲོད་མི་སྲིད། དེ་ལས་རྒྱལ་སྤྱིའི་ཁྲིམས་ལ་སྦྱོར་རྒྱུ་ནི་ཁོང་ལ་འཐོབ་འོས་པའི་ཐག་གཅོད་གཅིག་པུ་དེ་ཡིན། ཞེས་ཁྱབ་བསྒྲགས་བྱས་འདུག

སྐུ་ཞབས་བྷག་བྷོ་ཁོང་ ༢༠༠༠ ལོར་ཁོ་ཐེ་ཏི་ཝོར་གྱི་སྲིད་འཛིན་དུ་བསྡད་ཡོད་ཅིང་། ༢༠༠༥ ལོར་ཁོང་གི་སྲིད་འཛིན་གྱི་དུས་ཡུན་རྫོགས་ཡོད་ཀྱང་སྲིད་འཛིན་གསར་པ་འོས་འདེམས་བྱས་མ་བཅུག་པར་མུ་མཐུད་སྲིད་དབང་སྒེར་སྤྱོད་བྱས་ཡོད་པ་དང་། དེ་ལ་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་སྟབས་སྔ་ལོའི་ཕྱི་ཟླ་ ༡༡ པའི་ནང་སྲིད་འཛིན་གསར་པ་འོས་འདེམས་ཀྱི་ལས་རིམ་སྒྲུབ་ཐུབ་ཙམ་བྱུང་ཡོད། སྐབས་དེར་སྔར་གྱི་སྲིད་བློན་ཟུར་བ་ཨ་ལཱ་སན་ལགས་སུ་འོས་ཤོག་ཐོབ་སྟེ། རྒྱལ་སྤྱི་དང་རྒྱལ་ཚོགས་ཀྱིས་ཁོང་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པར་ངོས་འཛིན་གྱིས་རྟེན་འབྲེལ་ཞུས་ཡོད།  འོན་ཀྱང་། སྲིད་འཛིན་བྷག་བྷོ་ཡིས་སྲིད་འཛིན་གྱི་གོ་གནས་རྒྱུན་འཛིན་བྱས་ཏེ། གསར་དུ་བདམས་ཐོན་བྱུང་བའི་སྲིད་འཛིན་ཨ་ལཱ་སན་ལ་གོ་གནས་རྩིས་སྤྲོད་མ་བྱས་སྟབསབྷག་བྷོའི་སྟངས་འཛིན་འོག་གི་དམག་དཔུང་དང་ཨ་ལཱ་སན་ཤོག་གཏོགས་བར་ཟིང་འཁྲུག་རིམ་པར་བྱུང་ཡོད།

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “དབང་ཆ་འཐབ་རྩོད།

  1. དབྱངས་ཅན་སྒྲོལ་མ།

    ཁོ་ཐེ་ཏི་ཝོར་ཟེར་བ་དེ་ཨ་ཧྥི་རི་ཀའི་རྒྱལ་ས་གི་མིང་རེད་སྙམས།
    ཨེ་ཝོ་རི་་ཀཽ་སེཊ་བསྐོར་གྱི་གསར་འགྱུར་ཡག་པོ་ཞིག་གང་ན་འདུག

  2. དབྱངས་ཅན་སྒྲོལ་མ།

    མི་ལ་ལས་རྒྱུ་འབྲས་མེད་ན་དེ་འདྲ་རེད། དབང་ཆ་ཐོབ་རྒྱུ་མི་འདུག ཨ བླ་མ་མཁྱེན། འཕགས་པ་སྤྱན་རེས་གཟིགས་འདི་ལྟ་བུ་ཡིན་ན་སྤྱིར་སེམས་ཅན་ཐམས་ཅད་དང་། དགོས་སུ་ང་དབུ་ནག་བོད་པ་གཟིགས་སྟེང་བརྗོད་ལས་འདས་པ་ཞིག་རེད། བླ་མ་མཁྱེན།

  3. ཨེ་ཝོ་རི་་ཀཽ་སེཊ་བསྐོར་གྱི་གསར་འགྱུར་ཡག་པོ་སྤེལ་འདུག་ཀྱང་། ཁོ་ཐེ་ཏི་ཝོར་ཟེར་བ་གང་ཡིན་ཤེས་མ་སོང་།