ཏོའུ་ནེ་ཤི་ཡའི་སྲིད་འཛིན་ལ་ཁྲིམས་ཆད།


ཏོའུ་ནེ་ཤི་ཡའི་སྲིད་འཛིན་ཟུར་པ་བྷེན་ཨ་ལེ་
(Ben Ali) དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་གཞོན་ནོར་ཧམ་ཟ་དང་གཞུང་དངུལ་ལོག་སྤྱོད་བྱས་པའི་ནག་ཉེས་འོག་ལོ་ ༣༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ཚེས་ ༢༠ ཉིན་ཏོའུ་ནེ་ཤི་ཡའི་ཆེས་མཐོའི་ཉེས་དོན་ཁྲིམས་ཁང་དུ་སྲིད་འཛིན་ཟུར་པ་བྷེན་ཨ་ལེ་ཡི་ཉེས་དོན་སྐོར་ལ་ཞིབ་བཤེར་བྱས་མཐར། སྲིད་འཛིན་ཟུར་པ་ཁོང་བྲོས་བྱོལ་དུ་ཕྱིན་པར་ཨ་སྒོར་ས་ཡ་ ༦༦ གི་ཉེས་ཆད་དང་། འདི་ལོའི་ཏོའུ་ཤི་ཡའི་མི་མང་ཡར་ལངས་སྐབས་ཁོང་གིས་ནང་མི་ཁྲིད་དེ་སོ་ངྷི་ཨ་རབ་ལ་བྲོས་བྱོལ་དུ་ཕྱིན་རྗེས། སྲིད་འཛིན་སྡོད་ཁང་ནས་དངུལ་དང་རིན་ཐང་ཅན་གྱི་རྒྱན་ཆའི་རིགས་མང་པོ་ཞིག་ཐོན་ཡོད་པ་དེ་དག་གཞན་ནོར་ཧམ་ཟ་དང་གཞུང་དངུལ་ལོག་སྤྱོད་བྱས་པའི་ཉེས་མིང་འོག ཁོང་ལ་ལོ་ ༣༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག

གྱོད་དོན་གཉིས་པ་སྲིད་འཛིན་ཁོང་བྲོས་བྱོལ་དུ་ཕྱིན་རྗེས་དྲག་ཆས་མཚོན་ཆ་དང་མྱོས་རྫས་རིགས་མང་པོ་ཞིག་ཁོང་གི་ཕོ་བྲང་ནས་རྙེད་སོན་བྱུང་ཡོད་པ་དེ་རེད། གང་ལྟར་གྱོད་དོན་དེ་དག་ལ་སྲིད་འཛིན་ཟུར་པ་དང་ཁོང་གི་ཁྲིམས་རྩོད་པས་ངོས་ལེན་མ་བྱས་སྟབས། གྱོད་དོན་གཉིས་པའི་ཐད་ཟླ་འདིའི་ཕྱི་ཚེས་ ༣༠ བར་ཐག་གཅོད་ཕྱིར་འགྱངས་ཀྱིས། བྷེན་ཨ་ལེ་ཡི་ཁྲིམས་རྩོད་པར་ཁྲིམས་གཏུག་གྲ་སྒྲིག་གི་དུས་ཚོད་སྤྲད་འདུག

བྷེན་ཨ་ལེ་ཡི་ཁྲིམས་རྩོད་པ་ཨ་ཀི་རམ་(Akram Azouri) གྱིས་བྷི་བྷི་སི་གསར་ཁང་ལ། ཐེངས་འདིའི་གྱོད་དོན་ཐག་གཅོད་ནི་དགོད་བྲོ་བ་ཞིག་འདུག ངས་བྷེན་ཨ་ལེ་ལ་སྲུང་སྐྱོབ་དང་ཁོང་གི་ནག་ཉེས་ལ་དྲག་བདེན་གྱི་ཐག་གཅོད་ཅིག་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ལ། ཏོའུ་ནེ་ཤི་ཡའི་གཞུང་གིས་ང་སྲིད་འཛིན་ཟུར་པའི་ཁྲིམས་རྩོད་ལ་ངོས་ལེན་དང་། ཏོའུ་ནེ་ཤི་ཡར་ཡོང་རྒྱུའི་ཐད་འགོད་རྐྱེན་མི་སྤྲོད་པའི་རེ་བ་ཡོད། ཅེས་བརྗོད་འདུག

སྲིད་འཛིན་ཟུར་པ་བྷེན་ཨ་ལེ་དང་ཁོང་གི་བཟའ་ཟླ་གཉིས་ད་ལྟ་སོ་ངྷི་ཨ་རབ་ནང་གནས་སྡོད་བྱེད་ཀྱི་ཡོད་ལ། གཟའ་ཟླ་བའི་ཉིན་གྱི་ཉེས་དོན་ཐག་གཅོད་ཐད་ཁོང་གིས། ངས་ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱས་མེད་པ་མ་ཟད། སྲིད་འཛིན་གྱི་གནས་རིམ་ནས་བབས་ཏེ་བྲོས་བྱོལ་དུ་ཕྱིན་པ་ཞིག་དེ་བས་མིན། སྐབས་དེར་ང་སོ་ངྷི་ཨ་རབ་ལ་ཡོང་སྐབས། ཕྱིར་ལོག་གི་གནམ་གྲུ་སྔ་ས་ནས་འཕུར་ཟིན་ཏེ། ང་ལྷག་སོང་། ཞེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply