མངའ་སྡེའི་མིང་བསྒྱུར་འདུག

ཟླ་འདིའི་ཕྱི་ཚེས་ ཉིན་རྒྱ་གར་ཝེ་སི་བྷན་གྷལ་མངའ་སྡེའི་གྲོས་ཚོགས་ནང་། མངའ་སྡེའི་མིང་ལ་འགྱུར་པ་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

ཐེངས་འདིའི་ཝེ་སི་བྷན་གྷལ་(West Bengal)་མངའ་སྡེ་གྲོས་ཚོགས་ནང་དུ་དེ་སྔོན་ནས་གླེང་གཞི་རིམ་པར་བྱུང་ཡོད་པ་ལྟར། ཕྱི་ཚེས་ ༢ ཉིན་མངའ་སྡེའི་གྲོས་ཚོགས་ནང་དེ་སྔོན་ཝེ་ས་བྷན་གྷལ་( West Bengal )ཟེར་གྱི་ཡོད་པ་དེ་པཱ་སི་ཆེམ་བྷན་གྷ་(Paschin Banga) ཞེས་པར་འགྱུར་པ་གཏོང་རྒྱུའི་གྲོས་ཆོད་བྱུང་ཡོད་འདུག པཱ་སི་ཆེམ་བྷན་གྷ་ཞེས་པ་ནི་བྷན་གྷ་ལེའི་སྐད་དུ་ནུབ་བྷན་གྷ་ཞེས་པའི་དོན་ཡིན་ཞིང་། གནད་དོན་དེའི་ཐད་མངའ་སྡེའི་བློན་ཆེན་ལྕམ་མཱ་མཱ་ཊ་ཡིས།མིང་གསར་པ་འདི་མི་མང་གི་ངག་ཏུ་བྱང་མེད་པ་མ་ཟད། གཞུང་འབྲེལ་ཡིག་ཆར་ཡང་བེད་སྤྱོད་བྱུང་མེད། འོན་ཀྱང་། ཐག་གཅོད་ཐེངས་གཅིག་བྱུང་ཟིན་རྗེས་དེ་ལ་བརྩི་མཐོང་བྱ་དགོས་པ་རེད།ཅེས་བརྗོད་འདུག

ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་རྗེས་རྒྱ་གར་གྱི་མངའ་སྡེ་དང་གྲོང་ཁྱེར་མང་པོ་ཞིག་གི་མིང་ལ་འགྱུར་པ་བཏང་ཡོད་པ་རེད། དེ་ནི་རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ཡོད་སྐབས་བྱུང་པའི་མིང་རྣམས་རྒྱ་གར་རང་སྐད་དུ་འགྱུར་པ་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་སླེབས་ཡོད་པས་རེད།

གསར་འགོད་པ། བནྡེ་སྐྱབ་ས།  

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply