ལྡི་ལིར་འགས་གཏོར་དོན་རྐྱེན།


དེ་རིང་
ཞོགས་པའི་ཆུ་ཚོད་ ༡༠ དང་སྐར་མ་ ༡༥ ཐོག་རྒྱ་གར་རྒྱལ་ས་ལྡི་ལི་མཐོ་རིམ་ཁྲིམས་ཁང་གི་སྒོ་ཆེན་ཨང་ལྔ་བའི་ཉེ་འགྲམ་དུ་འགད་རྫས་གཏོར་ཏེ། མི་ ༡༡ རྐྱེན་ལམ་དུ་བཏང་ཡོད་པ་དང་མི་ ༦༢ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག

ལྡི་ལི་ཉེན་རྟོག་པས་བརྗོད་པ་ལྟར་ན། འགད་རྫས་དེ་དུས་བཀག་བཟོས་ཤིང་ལག་སྒམ་ཞིག་གི་ནང་བཅུག་ཏེ་ཁྲིམས་ཁང་གི་སྒོ་འགྲམ་དུ་བཞག་པ་ཞིག་ཡིན་འདུགཀྱང་། ད་ལྟའི་ཆར་འགད་རྫས་གཏོར་མཁན་དེ་སུ་དང་འབྲེལ་བ་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག་ལ། ད་དུང་ལྡི་ལི་གྲོང་ཁྱེར་གྱི་ས་གནས་གཞན་དང་། རྒྱ་གར་ལྷོ་ཕྱོགས་མམ་བྷའེ་གྲོང་ཁྱེར་ནང་བཅས་སུའང་དོན་རྐྱེན་འབྱུང་ཉེན་གྱི་དོགས་གཞིའི་འོག རྒྱ་གར་གཞུང་གི་བཀའ་རྒྱའི་འོག་བདེ་སྲུང་དམག་མི་བཀྲམས་ཏེགཞུང་གི་ལས་ཁུངས་གལ་ཆེན་དང་མཐོ་རིམ་དཔོན་རིགས་སྡོན་གནས། ཁྲོམ་ར་ཆེ་ཁག་བཅས་ལ་དོ་དམ་བྱེད་མགོ་བརྩམས་ཡོད་འདུག

 ཁྲིམས་ཁང་གི་སྒོ་ཆེན་ཨང་ལྔ་བ་དེ་ནི་མི་ཚོགས་ཡར་མར་འགྲོ་སྐྱོད་མང་ཤོས་བྱེད་ས་ཞིག་ཡིན་པའི་ཁར། གཟའ་ལྷག་ནམ་ཡིན་ལ་དམིགས་བསལ་གྱིས་ཁྲིམས་ཁང་དུ་མི་མང་པོ་གྱོད་དོན་གཏུག་བཤེར་ཆེད་ཡོང་གི་ཡོད་འདུག  ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་འདི་ལོའི་ཕྱི་ཟླ་ལྔ་བའི་ནང་འགད་རྫས་གཏོར་སྐྱོན་ཞིག་བྱུང་ཡོད་པ་དང་། ད་རེབ་ནི་འགད་རྫས་གཏོར་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “ལྡི་ལིར་འགས་གཏོར་དོན་རྐྱེན།

  1. ཁང་མུན་གྲོལ།

    དོན་རྐྱེན་འདིས་ང་ཚོ་བལ་ཡུལ་ས་མཚམས་ནས་དཀའ་ངལ་གང་འཚམས་བྱུང་སོང་་བས་འཇིགས་སྐུལ་བ་དེར་ཁོང་ཁྲོ་ཆེན་པོ་ལང་བྱུང་།