རྩེད་འགྲན་པའི་གནམ་གྲུ་གས་འཐོར།

ཁ་སང་ཕྱི་དྲོ་ར་ཤུ་ཡའི་ཡཱ་རོ་སི་ལཝི་གནམ་ཐང་ཉེ་འགྲམ་དུ་འཁྱག་ཤུ་ཧོ་ཀེ་རྩེད་འགྲན་པའི་གནམ་གྲུ་ཞིག་གས་འཐོར་བྱུང་སྟེ་མི་ ༤༣ རྐྱེན་ལམ་དུ་ཕྱིན་ཡོད་འདུག

ཡཱ་རོ་སི་ལཝི་(Yaroslavl ) གནམ་ཐང་ནི་ར་ཤུ་ཡའི་རྒྱལ་ས་མོ་སི་ཀོ་ནས་སྤྱི་ལེ་ ༢༥༠ ཡོད་པའི་ནུབ་ཕྱོགས་སུ་ཡོད་ཅིང་། ཕྱི་ཚེས་ ཉིན་ར་ཤུ་ཡའི་ལཱོ་ཀོ་མོ་ཊེཝུ་འཁྱག་ཤུ་ཧོག་ཀེ་ (Lokomotiv Ice Hockey) རྩེད་འགྲན་པ་ཚོ་བྷེ་ལཱ་རུས་(Belarus) ནང་འཚོགས་བཞིན་པའི་ཡུ་རོ་གླིང་གི་འཁྱག་ཤུ་ཧོག་ཀེ་རྩེད་བར་སྐྱོད་སྐབས། གནམ་གྲུ་གས་འཐོར་བྱུང་སྟེ་ཆུ་འགྲམ་ཞིག་ཏུ་མར་ལྷུང་ཡོད་འདུག་ལ།  གནམ་གྲུའི་ནང་ར་ཤུ་ཡའི་རྩེད་མོ་བ་དང་མཉམ་དུ་རྒྱལ་ཁབ་གཞན་ ༡༠ ཡི་རྩེད་མོ་བ་དང་རྩེད་རིགས་དགེ་རྒན་ ༡༡ ཙམ་བཅས་ཁྱོན་མི་ ༤༥ ཡོད་པ་ལས་གཉིས་མ་གཏོགས་ཚང་མ་རྐྱེན་ལམ་དུ་ཕྱིན་ཡོད་འདུག་ལ། ཤུལ་དུ་གསོན་ཙམ་བྱུང་ཡོད་པ་གཉིས་ལའང་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས་ད་ལྟ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག

གནམ་གྲུ་དེ་ནི་ཡཱ་རོ་སི་གནམ་ཐང་ནས་མཁའ་དབྱིངས་སུ་འཕུར་མགོ་བཙུགས་ཏེ་ཅུང་ཙམ་གྱི་རྗེས་གས་འཐོར་བྱུང་པ་ཞིག་ཡིན་ཞིང་། དེ་ནི་རླུང་འཕྲིན་ཁང་ཞིག་གི་གནམ་སྐུད་ཀ་བར་འཐོག་རྐྱེན་ཡིན་ཚུལ་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply